ཆི་ཞ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-10 17:54ལ་འགྲུབ།

ཆི་ཞ་ཆུས།

ཆི་ཞ་ཆུས།
ཆི་ཞ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁུལ་གཙོ་བོའི་བྱང་རྒྱུད་དུ་ཡོད་པ་དང་། དེ་ནི་ཀྲུང་གོའི་ཚན་རྩལ་སློབ་གསོའི་ལྟེ་བ་དང་ཆུ་ཐོག་སྐྱེལ་འདྲེན་ལྟེ་བ་གཙོ་བོ་ཞིག་ཡིན། དེ་ནི་ཧྭ་ཏུང་ས་ཁུལ་གྱི་དེང་རབས་བཟོ་ལས་དང་ཚན་རྩལ། ཤེས་ལྡན་མི་སྣ་གཅིག་བསྡུས་ཁུལ་ཞིག་ཡིན་ལ། ཧྭ་ཏུང་ས་ཁུལ་གྱི་སྔོན་ཐོན་བཟོ་སྐྲུན་ལས་རིགས་ཀྱི་རྟེན་གཞི་གལ་ཆེན་དང་། འཛམ་གླིང་རིམ་པའི་འོད་གློག་མངོན་ཆས་ཐོན་ལས་རྟེན་གཞི་དང་རྒྱལ་ཁབ་རིམ་པའི་འབྲི་ཆུའི་ཆུ་ཐོག་སྐྱེལ་འདྲེན་ལྟེ་གནས་བཅས་ཡིན། སྨན་རྫས་གློག་རྡུལ་དང་འཕྲུལ་ཆས་བཟོ་སྐྲུན། གྲུ་ཁའི་སྐྱེལ་འདྲེན། འཛུགས་སྐྲུན་རྒྱུ་ཆ། ཡུལ་ལྗོངས་གྲགས་ཅན། སྣོད་བཅུད་ཞིང་ལས་བཅས་འགན་ནུས་གཙོ་བོར་བྱེད་པའི་དེང་རབས་ཅན་གྱི་མཚོ་འགྲམ་གྱི་ཆུས་ཤིག་རེད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཆི་ཞ་ཆུས།
ཕྱི་ཡིག་གི་མིང་།
QixiaDistrict
སྲིད་འཛིན་ཁུལ་རིགས།
གྲོང་ཁྱེར་ཁོངས་གཏོགས་ཆུས།
ཁོངས་གཏོགས་ས་ཁུལ།
ནན་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱི་སྲང་ལམ་དགུ།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་ཆི་ཞ་ཆུས་ཀྱི་ཝུན་ཧྲུའུ་ཤར་ལམ་ཨང་རྟགས1པ།
ཆུས་ཁོངས་ཁ་པར་ཚབ་ཨང་།
025
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་གཙོ་བོའི་བྱང་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ395.44(འབྲི་ཆུའི་ཆུ་ངོས་རྒྱ་ཁྱོན་ནང་དུ་ཚུད)
སྦྲག་སྲིད་ཨང་རྟགས།
210046
ཐེམ་ཐོ།
ཁྲི44.38
རྒྱུན་སྡོད་མི་གྲངས།
ཁྲི66.8(སྤྱི་ལོ2014ལོར)
ཡུལ་སྐད།
ནན་ཅིང་གི་གཞུང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
སྲིད་འཛིན་ཚབ་ཨང་།
320113
རླངས་འཁོར་ཚབ་ཨང་། 
སུའུA
མེ་འཁོར་འབབ་ཚིགས།
ཞན་ལིན་མེ་འཁོར་འབབ་ཚགས། ནན་ཅིང་མེ་འཁོར་འབབ་ཚིགས། ནན་ཅིང་མེ་འཁོར་འབབ་ཚིགས་ལྷོ་མ།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་། ནན་ཅིང་མ་ཨན་རྒྱལ་སྤྱིའི་གནམ་ཐང་།
1 ལོ་རྒྱུས་འཕེལ་རིམ།

ཆི་ཞ་ཆུས་ནི་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གསུམ་པ(སྤྱི་ལོ1934ལོར)ནས་བཟུང་འཛུགས་སྐྲུན་བྱེད་པའི་འགོ་ཚུགས་པ་དང་། མིན་གོའི་དུས་སྐབས་ཀྱི་ཁུལ་དགུ་པ(ཡན་ཙི་ཅི་ཆུས)དང་ཁུལ་བཅུ་པ(ཞའོ་ལིང་ཆུས)ནས་བྱུང་ཞིང་། “ཅིན་ལིན་ཁུལ་གྱི་མཛེས་སྡུག་ལྡན་པའི་རི་བོ་རྩེ”སྟེ། ཆི་ཞ་རི་བོའང་ཆུས་དེའི་ས་ཁོངས་སུ་ཡོད་པས་མིང་ལའང་ཆི་ཞ་ཆུས་ཞེས་འབོད་པར་གྲགས།

ཆི་ཞ་ཆུས་ལ་ལོ་རྒྱུས་ཡུན་རིང་ལྡན་པ་སྟེ། ལོ་ངོ7000སྔོན་ནས་བཟུང་རུས་རྒྱུད་ཚོ་བ་འདུས་སྡོད་བྱས་མྱོང་ཞིང་། རིག་གནས་ཕུན་སུམ་ཚོགས་པ་དང་ལོ་རྒྱུས་ཀྱི་གནའ་ཤུལ་མང་པོ་ཡོད་དེ། ཆུས་ཁོངས་སུ་མུའུ་སྒར་རི་བོ་དང་། ཞི་བདེ་རི་བོ། ཆི་ཞ་རི་བོའི་རྒྱུད་ཀྱི་མཛེས་ལྗོངས་ཁུལ་དུ་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་མཚོན་པའི་མཛེས་ལྗོངས་མང་པོས་གང་སར་ཁྱབ་ནས་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོང་ལས་ཁུངས་སོ་བརྒྱད་ལྷག་ཡོད་དེ། དེ་ཁྲོད་དུ་ཆི་ཞ་དགོན་པ་དང་། རང་བསྲེལ་མཆོད་རྟེན། ཡན་ཙི་ཅི། རྒྱལ་རབས་དྲུག་གི་སྐབས་ཀྱི་རྡོ་བརྐོས་སོགས་ལྷག་པར་དུ་སྐད་གྲགས་ཆེན་པོ་ཡོད་པ་རེད། མིང་རྒྱལ་རབས་སྐབས་ཀྱི་ཅིན་ལིན་གྱི་མཛེས་ལྗོངས་བཞི་བཅུ་ཞེ་བརྒྱད་ཀྱི་ཁྲོད་དུ་སྤྱན་རས་གཟིགས་ལྷ་ཁང་དང་། ཐོའུ་ཐའེ་བྲག་ཕུག། ཐའེ་གཉིས་བྲག་ཕུག། ཐའེ་གསུམ་བྲག་ཕུག་སོགས་གཙང་པོའི་རྒྱུད་ཀྱི་ལོ་རྒྱུས་རྗེས་ཤུལ་གྱིས་མཛེས་ལྗོངས་དྲུག་ལྷག་ཡོད་པ་རེད།

2 སྲིད་འཛིན་ས་ཁོངས།

ཆི་ཞ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་ཆི་ཞ་ཆུས་ཀྱི་ཝུན་ཧྲུའུ་ཤར་ལམ་ཨང་རྟགས1པར་གནས་པ་དང་། སྤྱི་ལོ2017ལོའི་ལོ་མཇུག་བར་དུ་ཆི་ཞ་ཆུས་ཁོངས་གཏོགས་སུ་སྲང་ལམ་དགུ་དང་སྡེ་ཁུལ་རེ་བརྒྱད། གྲོང་ཚོ་ཞེ་དགུ་ཡོད་དེ། དེའི་ནང་གི་ཡའོ་ཧྭ་སྲང་ལམ་དང་མ་ཆུན་སྲང་ལམ། མའེ་ཀའོ་ཆའོ་སྲང་ལམ། ཡན་ཙི་ཅི་སྲང་ལམ། ཆི་ཞ་སྲང་ལམ། ལུང་ཐན་སྲང་ལམ། ཞན་ལིན་སྲང་ལམ། པ་ཀྭ་སྲང་ལམ། ཞི་ཀང་སྲང་ལམ་བཅས་སོ།། སྲང་ལམ་དེ་དག་གི་ནང་ལུང་ཐན་དང་། ཆི་ཞ། ཞི་ཀང་བཅས་ཀྱི་སྲང་ལམ་གསུམ་གྱི་སྒྲིག་གཞི་འཛུགས་སྐྲུན་ཧྲིལ་པོ་ནན་ཅིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ལ་དོ་དམ་བྱ་རྒྱུར་མངགས་བཅོལ་བྱས་ཡོད་པ་རེད།

3 ས་བབ་གནས་ཚུལ།

ཆི་ཞ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་གཙོ་བོའི་བྱང་རྒྱུད་དུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ395.44(འབྲི་ཆུའི་ཆུ་ངོས་གྱི་རྒྱ་ཁྱོན་ནང་དུ་ཚུད་ཡོད)ཡོད་པ་དང་། བྱང་ནི་ཞི་ཞ་ཆུས་ལུང་ཐན་སྲང་ལམ་མ་ཏུའུ་གྲོང་ཚོའི་འབྲི་ཆུའི་ཤར་གྱི་ལྟེ་བའི་གྲུ་ལམ་བར་དུ་ཀྲེན་ཅང་གྲོང་ཁྱེར་ཏན་ཐུའུ་ཆུས་དང་ཅུས་རུང་གྲོང་ཁྱེར་བཅས་ལ་འབྲེལ་ཡོད་པ་དང་། མ་ཏུའུ་གྲོང་ཚོ་ནས་དམངས་ཕན་གཙང་པོ་བརྒྱུད་ལུང་ཐན་སྲང་ལམ་བརྒྱུད་དེ་ཏུང་དབྱང་ནས་ཀྲང་ཆའོ་བར་གྱི་ལམ་རྒྱུད་དེ་ཅུས་རུང་གྲོང་ཁྱེར་དང་འབྲེལ་ཡོད། དེ་ནས་ཀང་ཀོ་ནུབ་མའི་འབྲོག་རའི་ལྷོ་སྣེ་རུ་བསྐོར་ཏེ་ནན་ཅིང་གྲོང་ཁྱེར་ཅང་ཉིང་ཆུས་དང་འབྲེལ་ཡོད། ལྷོ་རུ་ཞན་ལིན་སྲང་ལམ་དང་མ་ཆུན་སྲང་ལམ་བརྒྱུད་ནན་ཅིང་གྲོང་ཁྱེར་གྱི་ཅང་ཉིང་ཆུས་དང་ཞོན་ཝུའུ་ཁ་ཆུས་དང་མཚམས་འབྲེལ་ནས་ཡོད། ནུབ་ཏུ་མའེ་ཀའོ་ཟམ་པའི་རྒྱ་གྲམ་སྲང་ལམ་ནས་བཟུང་། ཡན་ཙི་ཅི་སྲང་ལམ་བར་དུ་ནན་ཅིང་གྲོང་ཁྱེར་ཀུའུ་ལོའུ་ཆུས་དང་ཐག་ཉེ་པོ་ཡོད། བྱང་དུ་ཡན་ཙི་ཅེ་སྲང་ལམ་གྱི་ཏུའུ་ཧྲི་རྡོ་ནས་བཟུང་། པ་ཀྭ་སྲང་ལམ་གྱི་ལྷོ་ཕྱོགས་བསྐོར་ཏེ་ཆི་ཞ་སྲང་ལམ་བརྒྱུད་ནས། ལུང་ཐན་སྲང་ལམ་གྱི་མ་ཏུའུ་གྲོང་ཚོའི་བར་དུ་འབྲི་ཆུའི་དཀྱིལ་ཐིག་གིས་ས་མཚམས་བྱས་ནས། ནན་ཅིན་གྲོང་ཁྱེར་གྱི་ལིའུ་ཧོ་ཆུས་དང་དབྱི་ཀྲེང་གྲོང་ཁྱེར་གཉིས་ལ་འབྲི་ཆུའི་ཕར་ཚུར་དུ་ཁ་གཏད་ནས་གནས་ཡོད།

4 ནམ་ཟླའི་ཆ་རྐྱེན།

ཆི་ཞ་ཆུས་ནི་ཚ་ཁུལ་བྱང་མའི་བརླན་གཤེར་ཅན་གྱི་ནམ་ཟླའི་ཁུལ་དང་དུས་རླུང་འཁོར་རྒྱུན་གྱི་རྒྱ་མཚོའི་རང་བཞིན་གྱི་ནམ་ཟླའི་ཁུལ་དུ་གཏོགས། དུས་རླུང་མངོན་གསལ་དོད་པ་དང་དགུན་དུས་གྲང་ངར་ཆེ་བ། དུས་བཞིའི་དབྱེ་བ་གསལ་ཞིང་། ཉི་འོད་མོད་པ། ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད། འབྲི་ཆུས་ཤར་ནུབ་འཕྲེད་དུ་བཅད་ཡོད་ཅིང་། གཙང་འགྲམ་གྱི་རིང་ཚད་སྤྱི་ལེ81.2ལྷག་ཙམ་ཡོད།

5 ཆབ་སྲིད་འགོ་ཁྲིད།

ཆི་ཞ་ཆུས་ཀྱི་འགོ་ཁྲིད་གཙོ་བོ། (སྤྱི་ལོ2013ལོའི་བར། )

ཆུས་ཏང་ཨུའི་ཧྲུའུ་ཅི། ལི་ཧུའེ།

ཆུས་ཀྲང་། ཞིན་ཀྲེང་ཅུན།

ཆུས་ཀྲང་གཞོན་པ། ཚའོ་ཧའེ་ལེན། མའོ་དབྱིན་ལིང་། དབྱི་ཅུན། ཝན་ཀྲེན། ཁྲེན་སུང་། ཆིན་ཀྲི་ཀང་། ཆིན་ཡ་ཕིང་། ཆིའུ་ཀྲི་ཆང་།

སྐོར་ཞིབ་གཞོན་པ། ཀྲང་ཅུན། ཀྲུའུ་ཆིང་ཐའོ། ཧོང་ཅན་ཕིང་།

དཔྱད་གཞིའི་ཡིག་ཆ།