ལི་ཧྲན་ཆུས།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-09 14:41ལ་འགྲུབ།

ལི་ཧྲན་ཆུས།

ལི་ཧྲན་ཆུས།
ལི་ཧྲན་ཆུས་ནི་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་། ཨན་ཧྲན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད། ཤར་ངོས་ཆན་ཧྲན་མཛེས་ལྗོངས་ཁུལ་དང་འབྲེལ་ཡོད། ནུབ་ངོས་ཨན་ཀང་བཟོ་གྲྭའི་ཁུལ་དང་འབྲེལ་ཡོད། བྱང་ངོས་ལེའོ་དབྱང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ལྕགས་ལམ་ཤར་ཁུལ་གྱི་ས་མཚམས་འབྲེལ་ཡོད། ལྟེ་གནས་ཀྱི་གནས་ཡུལ་ནི་བྱང་གི་འཕྲེད་ཐིག་བྱང་མ41°08′53.46〃དང་། ཤར་ཕྱོགས་ཀྱི་གཞུང་ཐིག123°01ˊ25.68〃པའི་ཕྱོགས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ91ཡོད། དེའི་ཁོངས་སུ་སྲང་ལམ13ཡོད་པ་དང་མི་གྲངས་བསྡོམས་འབོར་ཁྲི53(2011ལོར)ཡོད། སྤྱི་ལོ2014ལོར་ལི་ཧྲན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར231.8མངོན་འགྱུར་བྱུང་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
立山区
ཕྱི་ཡིག་གི་མིང་།
Lishan District
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ91
མི་གྲངས།
ཁྲི53(2011ལོ)
སྲིད་འཛིན་ས་ཁུལ་གྱི་རིགས།
གྲོང་ཁྱེར་ཐད་སྐྱོང་ས་ཁུལ།
ཁོངས་གཏོགས་ས་ཁུལ།
ཁྲོམ་གཞུང13གནས།
སྲིད་གཞུང་གནས་ཡུལ།
ལི་ཧྲན་ཆུས་ཀྱི་བྱང་རྒྱལ་ལམ་ཨང340
ཁ་པར་ཁུལ་ཨང་།
0412
སྦྲག་སྲིད་ཨང་གྲངས།
114031
ཡུལ་སྐད།
བྱང་ཤར་གྱི་དཔོན་སྐད།
གནམ་གཤིས།
དྲོ་ཁུལ་དུས་རླུང་དང་སྐམ་སའི་རང་བཞིན་གྱི་གནམ་གཤིས།
གནམ་གྲུ་ཐང་།
ཨན་ཧྲན་ཐེང་ཨའོ་གནམ་ཐང་།
མེ་འཁོར་བབས་ཚུགས།
ཨན་ཧྲན་ས་ཚིགས་དང་ཨན་ཧྲན་ནུབ་ཚུགས།
འཁོར་རྟགས་ཚབ་ཨང་།
ལེའོC
སྲིད་འཛིན་ཚབ་ཨང་།
210304
དཀར་ཆག
1   ​ངོ་སྤྲོད།
2   ལོ་རྒྱུས་འཕེལ་རིམ།
3   སྲིད་འཛིན་ས་ཁུལ།
4   ས་ཁམས་ཁོར་ཡུག
4.1 གནས་སའི་ཡུལ་ཁོངས།
4.2 ས་ངོས་དང་ས་དབྱིབས།
4.3 ནམ་ཟླ
5   རང་བྱུང་ཐོན་ཁུངས།
5.1 གཏེར་རྫས་ཐོན་ཁུངས།
5.2 ཆུ་ནུས་ཐོན་ཁུངས།
6   མི་གྲངས་དང་མི་རིགས།
6.1 མི་འབོར།
6.2 མི་རིགས།
7   དཔལ་འབྱོར་འཕེལ་རྒྱས། 
7.1 ཕྱོགས་བསྡུས་རང་བཞིན།
7.2 ཐོན་ལས་གཉིས་པ།
7.3 ཐོན་ལས་གསུམ་པ།
8   སྤྱི་ཚོགས་ལས་དོན།
8.1 སློབ་གསོའི་བྱ་གཞག
8.2 ཚན་རྩལ་གོང་སྤེལ།
8.3 སྨན་བཅོས་དང་འཕྲོད་བསྟེན།
8.4 རིག་གནས་ལས་དོན།
8.5 སྤྱི་ཚོགས་འགན་སྲུང་།
8.6 རྨང་གཞིའི་སྒྲིག་བཀོད།
9   འགྲིམ་འགྲུལ་སྐྱེལ་འདྲེན།
10   མཛེས་ལྗོངས་གྲགས་ཅན།
10.1 མེང་ཐའེ་སྤྱི་གླིང་།
10.2 ཡུས་ཧྥོ་ཡོན།
10.3 ཆན་ཧྲན།( སྟོང་རི།)
10.4 དྲང་སྲོང་སྡིངས།
11   མི་སྣ་གྲགས་ཅན།
11.1 མེང་ཐའེ། 孟泰
11.2 ཝང་ཁྲུང་ལུན། 王崇伦
1 ​ངོ་སྤྲོད།

ལི་ཧྲན་ཆུས་ནི་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཁོངས་གཏོགས་གྲོང་ཁྱེར་གྱི་གྲས་ཤིག་ཡིན་པ་དང་། ཨན་ཧྲན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་ཡོད། ཤར་ངོས་ཆན་ཧྲན་མཛེས་ལྗོངས་ཁུལ་དང་འབྲེལ་ཡོད། ནུབ་ངོས་ཨན་ཀང་བཟོ་གྲྭའི་ཁུལ་དང་འབྲེལ་ཡོད། བྱང་ངོས་ལེའོ་དབྱང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ལྕགས་ལམ་ཤར་ཁུལ་གྱི་ས་མཚམས་འབྲེལ་ཡོད། ལྟེ་གནས་ཀྱི་གནས་ཡུལ་ནི་བྱང་གི་འཕྲེད་ཐིག་བྱང་མ41°08′53.46〃དང་། ཤར་ཕྱོགས་ཀྱི་གཞུང་ཐིག123°01ˊ25.68〃པའི་ཕྱོགས་སུ་གནས་ཡོད། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ91ཡོད། དེའི་ཁོངས་སུ་སྲང་ལམ13ཡོད་པ་དང་མི་གྲངས་བསྡོམས་འབོར་ཁྲི53(2011ལོར)ཡོད། སྤྱི་ལོ2014ལོར་ལི་ཧྲན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར231.8མངོན་འགྱུར་བྱུང་ཡོད།

ལི་ཧྲན་ས་ཁུལ་གྱི་མཛེས་ལྗོངས་གྲགས་ཅན་ནི་མེང་ཐའེ་སྤྱི་གླིང་དང་། ཡུས་ཧྥོ་དགོན། སྟོང་རི་སོགས་ཡོད།

2 ལོ་རྒྱུས་འཕེལ་རིམ།

ལི་ཧྲན་ནི་ལིའོ་དང་ཅིན་རྒྱལ་རབས་ཀྱི་སྐབས་སུ། ཅིན་ཤར་བགྲོད་ལམ་གྱི་ལིའོ་དབྱང་གཞིས་ཤག(ད་ལྟའི་ལིའོ་དབྱང་གྲོང་ཁྱེར)ལ་གཏོགས།

ཡོན་རྒྱལ་རབས་ཀྱི་དུས་སྐབས་ལིའོ་དབྱང་ལམ(ད་ལྟའི་ལིའོ་དབྱང་གྲོང་ཁྱེར།)ལ་གཏོགས།

མིང་ཧུང་ཝུའུ་ཁྲི་ལོ་དང་པོ(སྤྱི་ལོ1368ལོར་ལིའོ་དབུས་སྲུང་ཁུལ(ད་ལྟའི་ལིའོ་དབྱང་གྲོང་ཁྱེར་)ལ་གཏོགས།

ཆིན་རྒྱལ་རབས་ཀྱི་དུས་མགོར། ལིའོ་དབྱང་ཁུལ་གྱི་མངའ་འོག་ཏུ་གཏོགས།

མིན་གོའི་སྲིད་ལོ་གསུམ་པར(སྤྱི་ལོ1914ལོར)ལིའོ་དབྱང་རྫོང་གི་ཁོངས་སུ་གཏོགས།

མིན་གོའི་སྲིད་ལོ་སུམ་ཅུ་སོ་བཞི་པར(སྤྱི་ལོ1945ལོར)ཁུལ་རིམ་གྲས་ཀྱི་དམངས་གཙོའི་སྲིད་གཞུང་བཙུགས།

སྤྱི་ལོ1948ལོར། ལི་ཧྲན་ཆུས་སྲིད་གཞུང་བཙུགས་པ་དང་། ལོ་དེར་ཐེ་ཏུང་ཆུས་སུ་ཟླ་སྒྲིལ་བྱས།

སྤྱི་ལོ1953ལོར། ཐེ་ཏུང་ཁུལ་ནས་ལི་ཧྲན་རི་ཁུལ་དུ་བསྐྱར་དུ་བསྒྲིགས་ཤིང་། མངའ་ཁོངས་སུ་རི་བོ་མང་བས་མིང་དེ་ལྟར་ཐོགས་པ་རེད།

3 སྲིད་འཛིན་ས་ཁུལ།

སྤྱི་ལོ2014ལོའི་བར་ལི་ཧྲན་མངའ་ཁུལ་དུ་ཁྲོམ་གཞུང13ཡོད་པ་སྟེ། མཛའ་གྲོགས་ཁྲོམ་གཞུང་དང་། ཉིས་རི་ཁྲོམ་གཞུང་། ལི་ཧྲན་ཁྲོམ་གཞུང་། སྐྱ་རེངས་ཁྲོམ་གཞུང་། གནས་རི་ཁྲོམ་གཞུང་། ལྷོ་ནུབ་ཁྲོམ་གཞུང་། ལྷོ་བྱང་ཁྲོམ་གཞུང་། བྱེ་ཆུའི་ཁྲོམ་གཞུང་། ཆུ་འགྲམ་ཁྲོམ་གཞུང་། སྟོང་རི་ཁྲོམ་གཞུང་། ཆི་ཏ་ཧྲན་ཁྲོམ་གཞུང་། ཝང་ཡུས་ཁྲོམ་གཞུང་། ཧུང་ལིང་ཁྲོམ་གཞུང་བཅས་ཡིན་པ་དང་། ས་གནས་སྲིད་གཞུང་ནི་རྒྱལ་ཁའི་བྱང་ལམ་ཨང340པ་རུ་གནས།

4 ས་ཁམས་ཁོར་ཡུག
4_1 གནས་སའི་ཡུལ་ཁོངས།

ལི་ཧྲན་ཆུས་ནི་ཨན་ཧྲན་གྲོང་ཁྱེར་གྱི་བྱང་རྒྱུད་དུ་གནས་པ་དང་། ཤར་ངོས་ཆན་ཧྲན་རི་ཁུལ་དང་འབྲེལ་ཡོད། ནུབ་ངོས་ཨན་ཧྲན་རི་བོ་དང་འབྲེལ་ཡོད། བྱང་ངོས་ལེའོ་དབྱང་རྫོང་གི་ས་མཚམས་དང་འབྲེལ་ཡོད། ལྷོ་ངོས་ཐེ་ཏུང་ཤར་ཁུལ་དང་འབྲེལ་ཡོད། ལྟེ་གནས་ནི་འཕྲེད་ཐིག་བྱང་མ41°08′53.46〃དང་ཤར་གྱི་གཞུང་ཐིག123°01ˊ25.68〃བཅས་སུ་གནས་ཡོད་ལ། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ91ཡོད།

4_2 ས་ངོས་དང་ས་དབྱིབས།

ལི་ཧྲན་ནི་ཨན་ཧྲན་རི་བོའི་དབུས་རྒྱུད་ཀྱི་རླབས་དབྱིབས་བདེ་ཐང་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། ས་བབ་ཤར་མཐོ་ལ་ནུབ་དམའ་བ་དང་། ལྷོ་བྱང་ལས་མཐོ་བ། ས་ངོས་ཅུང་འབུར་བ། རི་བོ་ཐར་ཐོར་དང་། ཤར་ལྷོའི་རྒྱུད་དུ་རི་ཚོགས་ཕྱེད་ཀ་བཅས་ཡོད་པ་དང་། དེའི་ནང་གི་ལི་ཧྲན་རི་བོ་ནི་ལྗོངས་ཡོངས་ཀྱི་ས་བབ་མཐོ་ཤོས་ཡིན་པ་དང་། ས་བབ་མཐོ་ཚད་སྨི149ཡོད།

4_3 ནམ་ཟླ

རི་ཁུལ་གྱི་གནམ་གཤིས་ནི་དྲོ་འཇམ་ཁུལ་གྱི་དུས་རླུང་དང་སྐམ་སའི་རང་བཞིན་གྱི་གནམ་གཤིས་ཡིན་པ་དང་། དུས་བཞིར་གསལ་བ་དང་འོད་ཕོག་ཚད་མང་བ། ལོ་རེའི་ཆ་སྙོམས་དྲོད་ཚད17℃ཡིན།

5 རང་བྱུང་ཐོན་ཁུངས།
5_1 གཏེར་རྫས་ཐོན་ཁུངས།

སྤྱི་ལོ2003ལོ་བར་ལི་ཧྲན་ཁུལ་དུ་ལྕགས་གཏེར་དང་། གཟེ་མའི་གཏེར་ཁ། ཧྭ་རྡོའི་གཏེར་ཁ། གཡང་ཊི་སོགས་གཏེར་ཁའི་ཐོན་ཁུངས་སྣ་ཚོགས་བྱུང་།

5_2 ཆུ་ནུས་ཐོན་ཁུངས།

སྤྱི་ལོ1989ལོའི་བར། ལི་ཧྲན་ཆུས་ཀྱི་ཆུ་ནུས་རིགས་པའི་གཞུང་ལུགས་གསོག་ཚད་ཆན་ཝ་ཁྲི346.45ཟིན་པ་དང་། དེའི་ནང་གསར་སྤེལ་ཐུབ་ཚད་ཆན་ཝ་ཁྲི310.7ཟིན་འདུག

6 མི་གྲངས་དང་མི་རིགས།
6_1 མི་འབོར།

སྤྱི་ལོ2000ལོའི་བར། ལི་ཧྲན་ཆུས་ཀྱི་མི་གྲངས་བསྡོམས་འབོར425562ཡོད་པའི་ནང་ལི་ཧྲན་ཁྲོམ་གཞུང་དུ་མི་གྲངས82237དང་། མཛའ་གྲོགས་ཁྲོམ་གཞུང་དུ་མི་གྲངས60051དང་། ཉིས་རི་ཁྲོམ་གཞུང་དུ་མི་གྲངས75549དང་། གནས་རི་ཁྲོམ་གཞུང་དུ་མི་གྲངས36035དང་། སྐྱ་རེངས་ཁྲོམ་གཞུང་དུ་མི་གྲངས48540 དང་། ལྷོ་ནུབ་ཁྲོམ་གཞུང་དུ་མི་གྲངས56640དང་། བྱང་ནུབ་ཁྲོམ་གཞུང་དུ་མི་གྲངས66510བཅས་ཡོད།

སྤྱི་ལོ2004ལོར་ལི་ཧྲན་ཆུས་ཀྱི་སྤྱིའི་མི་འབོར་ཁྲི46.6སླེབས་ཡོད།

སྤྱི་ལོ2011ལོའི་བར་ལི་ཧྲན་ཆུས་ཀྱི་རྒྱུན་སྡོད་མི་འབོར་ཁྲི53རུ་སླེབས་འདུག

6_2 མི་རིགས།

སྤྱི་ལོ2011ལོའི་བར། ལི་ཧྲན་ཆུས་ཀྱི་མི་རིགས་གཙོ་བོ་ནི་རྒྱ་རིགས་ཡིན་པ་དང་། མན་ཇུ་རིགས་དང་། ཧུའེ་རིགས། སོག་རིགས། ཁྲའོ་ཞན་རིགས། ཞི་པོ་རིགས་སོགས་གྲངས་ཉུང་མི་རིགས19ཡོད།

7 དཔལ་འབྱོར་འཕེལ་རྒྱས། 
7_1 ཕྱོགས་བསྡུས་རང་བཞིན།

སྤྱི་ལོ2013ལོར། ལི་ཧྲན་ཆུས་ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར217ཟིན་པ་དེ་སྤྱི་ལོ2012ལོ་དང་བསྡུར་ན13%འཕར་ཡོད་པ་དང་། ཚད་ལོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར28ཟིན་པ་དེ་སྤྱི་ལོ2012ལོ་དང་བསྡུར་ན13%འཕར་ཡོད། སྤྱི་པའི་ནོར་སྲིད་ཀྱི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར10.2ཟིན་པ་དེ2012ལོ་དང་བསྡུར་ན12.7%འཕར་ཡོད། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར117བཏང་བ་དེ་སྤྱི་ལོ2012ལོ་དང་བསྡུར་ན1.3%འཕར་ཡོད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར49ཟིན་པ་དེ་སྤྱི་ལོ2012ལོ་དང་བསྡུར་ན16%འཕར་ཡོད། ཕྱི་རྒྱལ་གྱི་མ་དངུལ་ཨ་སྒོར་དུང་ཕྱུར1.4ནང་འདྲེན་བྱས་པ་དང་། སྤྱི་ལོ2014ལོར་ལི་ཧྲན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར231.8ཟིན་པ་དེ2013ལོ་དང་བསྡུར་ན7%འཕར་ཡོད། སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར54.5ཟིན་པ་དེ2013ལོ་དང་བསྡུར་ན12.5%འཕར་ཡོད། སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར10གཏན་འཇགས་བྱུང་ཡོད་ལ། རྒྱུ་ནོར་གཏན་འཇགས་ཕྱོགས་ལ་མ་དངུལ་སྒོར་དུང་ཕྱུར55བཏང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར25651ཡིན།

7_2 ཐོན་ལས་གཉིས་པ།

སྤྱི་ལོ2010ལོར་ལི་ཧྲན་ཆུས་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར65ཟིན་ནས་ལོ་རེར་ཆ་སྙོམས31.2%འཕར་བ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར48ཟིན་ནས་ལོ་རེར་ཆ་སྙོམས་རིམ་འཕར32.3%བྱུང་ཡོད། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གྲངས་འབོར་དེ་དུད་ཚང49ནས266བར་མང་དུ་ཕྱིན་པ་དང་དུད་ཚང217མང་དུ་ཕྱིན་ཡོད་པ་རེད།

སྤྱི་ལོ2014ལོར་ལི་ཧྲན་ཆུས་ལོ་ཧྲིལ་པོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས5མང་དུ་ཕྱིན་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར29.4ཟིན་ཡོད། མཐོ་གསར་ལག་རྩལ་ཐོན་རྫས་ཀྱི་འཕར་ཐང་སྒོར་དུང་ཕྱུར16.2ལྷག་མངོན་འགྱུར་བྱུང་ཡོད།

སྤྱི་ལོ2016ལོའི་ཟླ་དང་པོ་ནས་གསུམ་པའི་བར་ལི་ཧྲན་ས་ཁུལ་གྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར4.9ཟིན་པ་དེ་སྤྱི་ལོ2015དང་བསྡུར་ན6.5%འཕར་ཡོད།

7_3 ཐོན་ལས་གསུམ་པ།

སྤྱི་ལོ2010ལོར་ལི་ཧྲན་ཆུས་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར57.7ལེགས་གྲུབ་བྱུང་བ་དང་ལོ་རེར་ཆ་སྙོམས20.6%འཕར་བ་དང་། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་30.6ཟིན་ནས་ལོ་རེར་ཆ་སྙོམས་རིམ་འཕར36%ཟིན་ཡོད།

སྤྱི་ལོ2014ལོར་ལི་ཧྲན་ཆུས་སུ་ཁེ་ལས4ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ལོགས་སུ་དབྱེ་ནས་ཟོག་འགྲེམས་སྡེབ་སྐྱེལ་མ་ལག་ཆེ་གྲས2བཙུགས་པ་དང་། མ་དངུལ་སྒོར་ཁྲི600བཏང་ནས་དབན་ཧྲུའེ་གཙང་པོའི་མཚན་མོའི་གྲོང་ཁྱེར་གྱི་ཨར་ཁང་ཞིག་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད། ལོ་ཧྲིལ་པོར་ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར102.7ལེགས་གྲུབ་བྱུང་ཡོད། སྐབས་གསུམ་པའི་སྡོད་ཁང་བརྗེ་རེས་བདེ་བླག་ངང་སྤེལ་བ་དང་ཚོང་འགྲིག་པའི་ཁང་པ612བཙུགས་པ་རེད། ལོ་ཧྲིལ་པོར་ཚོང་སྒྱུར་སྡོད་ཁང་ཕྱིར་འཚོང་རྒྱ་ཁྱོན་སྒོར་ཁྲི30ཟིན་པ་དང་ཕྱིར་འཚོང་གྲངས་འབོར་སྒོར་དུང་ཕྱུར13ཟིན་ཡོད།

སྤྱི་ལོ2016ལོའི་ཟླ་དང་པོ་ནས་གསུམ་པའི་བར་ལི་ཧྲན་ཆུས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར14.3ཟིན་པ་དེ་དུས་མཚུངས་ལས8%འཕར་ཡོད།

8 སྤྱི་ཚོགས་ལས་དོན།
8_1 སློབ་གསོའི་བྱ་གཞག

སྤྱི་ལོ2013ལོར་ལི་ཧྲན་ཆུས་ཀྱིས་མ་དངུལ་སྒོར་ཁྲི3400བཏང་ནས་ཉེན་ཡོད་སློབ་ཁྲིད་ཐོག་ཁང་རྙིང་པ་དང་དེ་བཞིན་ཞོར་གཏོགས་སྒྲིག་བཀོད་ཁག་གཅིག་ཉམས་གསོ་བྱས་པ་དང་། ལྗོངས་ནང་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་ཚང་མར་རྒྱང་ཁྲིད་ཆ་འཕྲིན་ལས་སྟེགས་བཙུགས་པ་དང་། སྤྱི་ཕན་རང་བཞིན་གྱི་བུ་བཅོལ་ཁང་གཉིས་བེད་སྤྱོད་གཏོང་འགོ་ཚུགས། ཞིང་ཆེན་གྱི་རྨང་གཞིའི་སློབ་གསོའི་སྟོབས་ཆེའི་ཁུལ་དུ་ཞིབ་བཤེར་རྩིས་ལེན་བྱས།

སྤྱི་ལོ2014ལོའི་ནང་ལི་ཧྲན་ཆུས་ཀྱིས་མ་དངུལ་སྒོར་ཁྲི5600བཏང་ནས་ཧྲོང་ཧྲན་སློབ་ཆུང་དང་ཀྲུང་ཧྭ་སློབ་ཆུང་གི་སློབ་གྲྭ4ཉམས་གསོ་སྒྱུར་བཀོད་བྱས་པ་དང་། ཤིས་ཧྲ་ཧོ་སློབ་གྲྭ་བསྐྲུན་ནས་སློབ་འགོ་ཚུགས། འབྲིང་རྒྱུགས་ཀྱི་སློབ་རིམ་འཕར་ཚད་གྲོང་ཁྱེར་ཡོངས་ཀྱི་ཨང་དང་པོར་ཟིན་ཡོད།

སྤྱི་ལོ2015ལོའི་ཟླ9པའི་ནང་ལི་ཧྲན་ཆུས་སུ་སློབ་གྲྭ26ཡོད་པའི་ནང་སློབ་འབྲིང10དང་། སློབ་ཆུང14དགེ་རྒན་ཟབ་སྦྱོང་སློབ་གྲྭ1དམིགས་བསལ་སློབ་གསོའི་སློབ་གྲྭ1སློབ་གསོའི་ཆ་འཕྲིན་ལྟེ་གནས་དང་། གཞོན་ནུ་ལོ་ཆུང་བྱེད་སྒོའི་ལྟེ་གནས། སློབ་གསོའི་གློག་སློབ་ལྟེ་གནས། སློབ་མའི་རོགས་དངུལ་ལྟེ་གནས། སློབ་གསོའི་སྒྲིག་ཆས་ལྟེ་གནས་སོགས་སློབ་ཁྲིད་ཟུར་ཁྲིད་སྒྲིག་གཞི་བདུན་དང་། ལྗོངས་ཡོངས་ཀྱི་སློབ་གྲྭར་སློབ་མ17428ཡོད་པ་དང་། དགེ་རྒན2073བཅས་ཡོད།

8_2 ཚན་རྩལ་གོང་སྤེལ།

སྤྱི་ལོ2013ལོའི་བར་ལི་ཧྲན་ཆུས་ཀྱིས་ཐོན་རྫས་གསར་པ་གསར་སྤེལ་དང་ལག་རྩལ་གསར་པ80ཡི་རྣམ་གྲངས་ནང་འདྲེན་བྱས།

སྤྱི་ལོ2014ལོའི་བར་ལི་ཧྲན་ཆུས་ཀྱིས་ཐོན་རྫས་གསར་པ་དང་། ལག་རྩལ་གསར་པ། གྲུབ་འབྲས་གསར་པ་བཅས་ཁག60ནང་འདྲེན་དང་། ཞིབ་བཟོ། གསར་སྤེལ་བཅས་བྱས།

8_3 སྨན་བཅོས་དང་འཕྲོད་བསྟེན།

སྤྱི་ལོ2007ལོ་ནང་། ལི་ཧྲན་ཆུས་སུ་དམིགས་བསལ་གློ་ཚད་དང་འདབ་ཆགས་ཆམ་རིམས་སོགས་རིམས་ནད་ཚབས་ཆེན་དག་གྲུབ་འབྲས་ཡོད་པའི་ངང་ནས་བཀག་འགོག་བྱས་ཡོད། ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་མ་ལག་བཙུགསཔ་དང་། རིམ་གསུམ་མ་བུ་འཕྲོད་སྦྱོར་ཞབས་ཞུའི་དྲ་རྒྱ་འཐུས་ཚང་དུ་བཏང་ནས་ཞིང་ཆེན་སྲིད་གཞུང་གིས་ལི་ཧྲན་ཆུས་ལ་ཞིང་ཆེན་སྡེ་ཁུལ་གྱི་འཕྲོད་བསྟེན་ཞབས་ཞུའི་དཔེ་སྟོན་ཁུལ་ཡི་མིང་བཏགས་གནང་།

སྤྱི་ལོ2010ལོའི་བར་ལི་ཧྲན་ས་ཁུལ་དུ་སྨན་བཅོས་སྒྲིག་གཞི8ཡོད་པའི་ནང་སྨན་ཁང1དང་། སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས4མ་བུ་བདེ་སྲུང་ཁང1ཁོངས་གཏོགས་མ་བུ་འཕྲོད་སྦྱོར་ས་ཚིགས2ཨན་ཧྲན་གྲོང་ཁྱེར་གྱི་སྨན་ཁང་གསུམ་པ་དང་། ལིང་ཧྲན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཧྲ་ཧོ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། མཛའ་གྲོགས་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ཧྲོང་ཧྲན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལི་ཧྲན་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས། ལི་ཧྲན་ཁུལ་མ་བུ་འཕྲོད་སྦྱོར་སྨན་ཁང་བཅས་ཡོད་པ་རེད།

8_4 རིག་གནས་ལས་དོན།

སྤྱི་ལོ2014ལོའི་བར། ལི་ཧྲན་ཆུས་ཀྱིས་སྐབས་གསུམ་པའི་རིག་གནས་སྒྱུ་རྩལ་དུས་ཆེན་དང་མི་ཁྲི་སྟོང་གི་ཕིང་ཕང་སྤོ་ལོའི་འགྲན་བསྡུར་སོགས་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་སྡེ་ཁུལ་གྱི་དེབ་ཁང35ལ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ་དང་། ལིང་ཧྲན་དགོན་བསྐྱར་སྐྲུན་ལས་དོན་བདེ་བླག་ངང་སྤེལ་ཡོད་པ་རེད།

8_5 སྤྱི་ཚོགས་འགན་སྲུང་།

སྤྱི་ལོ2013ལོར། ལི་ཧྲན་ཆུས་སུ་དངོས་མིང་ལམ་ལུགས་ཀྱི་ལས་ཞུགས་མི་གྲངས་ཁྲི2.6ལེགས་གྲུབ་ཟིན་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད1.9%བར་ཚོད་འཛིན་ཐུབ་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོ་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་དང་དེ་བཞིན་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་གསར་པའི་རྒན་གསོའི་འགན་བཅོལ་མི་གྲངས་ཁྲི8.5ཟིན་ནས་རྒན་གསོའི་འགན་བཅོལ་མ་དངུལ་སྒོར་དུང་ཕྱུར2.9འགྲེམ་གཏོང་བྱས་ཡོད། རིགས་ཁག་གི་གནས་སྐབས་རོགས་སྐྱོབ་སྒོར་ཁྲི6521འགྲེམ་གཏོང་བྱས་པ་དང་མ་མཐའི་འཚོ་བའི་འགན་སྲུང་དངུལ10%མཐོ་རུ་བཏང་ཡོད།

སྤྱི་ལོ2014ལོའི་བར་ལི་ཧྲན་ཆུས་མ་དངུལ་སྒོར་དུང་ཕྱུར2.2ལྷག་བཏང་ནས་དབན་ཧྲེང་མེ་ཏོག་ལྡུམ་ར་དང་རྒྱལ་འཛུགས་མེ་ཏོག་ལྡུམ་ར་སོགས་གནས་སྤོའི་རྣམ་གྲངས6བསྐྲུན་པ་དང་། སྤྱིའི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ48ཡོད། ཡུལ་མི་དུད་ཚང6150བཀོད་སྒྲིག་བཅས་བྱས་པའི་ནང་ཕྱིར་ལོག་ཡུལ་མི་དུད་ཚང4050བཀོད་སྒྲིག་བྱས་པ་དང་ཁང་གླ་ཁེ་བའི་སྡོད་ཁང2100བགོ་བཤའ་བརྒྱབ་པ་རེད། དངོས་མིང་ལམ་ལུགས་ཀྱི་ལས་ཞུགས་མི་གྲངས9635ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.5%བར་ཚོད་འཛིན་བྱས་ཡོད། གྲོང་མིའི་སྨན་བཅོས་འགན་བཅོལ་དང་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་ལམ་ལུགས་གསར་པའི་མི་རེའི་ཆ་སྙོམས་ཚད་གཞི་སོ་སོར་སྒོར30དང་སྒོར50མཐོ་རུ་བཏང་བ་དང་། ཁེ་ལས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོའི་རྒན་གསོའི་དངུལ་སྒོར་ཁྲི1038འགྲེམ་གཏོང་བྱས། སྡེ་ཁུལ19ཡི་ཚད་ལོན་ལས་འགན་ལེགས་སྒྲུབ་བྱས་པ་དང་། ཏུང་ཧྲ་ཆུ་བོ་དང་ཅིང་ཧའེ་ཡི་ཚད་གཞི་མཐོ་བའི་སྡེ་ཁུལ2བསྐྲུན། རོགས་སྐྱོབ་དངུལ་སྣ་ཚོགས་སྒོར་ཁྲི8021འགྲེམ་གཏོང་བྱས། གྲོང་མིའི་མ་མཐའི་འཚོ་བའི་འགན་སྲུང་ཚད་གཞི10%མཐོ་རུ་བཏང་།

8_6 རྨང་གཞིའི་སྒྲིག་བཀོད།

སྤྱི་ལོ2014ལོའི་བར་ལི་ཧྲན་ཆུས་མ་དངུལ་སྒོར་ཁྲི1400བཏང་ནས་ཡུས་ཧྭ་ཁྲོམ་གཞུང་དང་དབྱི་ཀུང་ཁྲོམ་གཞུང་སོགས་གཞུང་ལམ14བསྐྲུན་པ་དང་། མ་དངུལ་སྒོར་ཁྲི1433བཏང་ནས་པེ་གོ་ཀྲི་ཁྲུན་སོགས་རྣམ་གྲངས9ཡི་ས་ཆའི་ནང་གི་གློག་སྐུད་དང་ལྕགས་མདོང11གི་གནས་སྤོ་ལས་དོན་ལེགས་སྒྲུབ་བྱས་པ་དང་། མ་དངུལ་སྒོར་ཁྲི1560བཏང་ནས་ལས་དར་ལས་་གྲོང་སྐོར་ལམ་ཆེན་གྱི་ཤར་དུམ་གྱི་སའི་རྒྱ་ཁྱོན་ཁྲི5.2སྔོ་འགྱུར་མཛེས་བཟོའི་ལས་དོན་ལེགས་སྒྲུབ་བྱས་པ། གསར་སྤེལ་ཚོང་པ་དང་མཉམ་དུ་མ་དངུལ་སྒོར་ཁྲི4000བཏང་ནས་དབན་ཧྲུའེ་གཙང་པོའི་སྤྱི་གླིང་སྐྲུན་འགོ་ཚུགས་ཡོད།

9 འགྲིམ་འགྲུལ་སྐྱེལ་འདྲེན།

ལི་ཧྲན་ཆུས་ནས་ལྷོ་ཕྱོགས་ཏ་ལན་གྲུ་ཁ་དང་ཡིའུ་ཡུས་ཆོན་གྲུ་ཁ་སོ་སོར་སྤྱི་ལེ270དང་སྤྱི་ལེ100ཡོད་པ་དང་། བྱང་ངོས་ནས་ཧྲེན་དབྱང་ཐའོ་ཤན་རྒྱལ་སྤྱིའི་གནམ་ཐང་དང་བར་ཐག་སྤྱི་ལེ90ཡོད། ཨན་ཧྲན་ཐེང་ཨའོ་གནམ་ཐང་ནས་ཐད་ཀར་པེ་ཅིང་དང་ཀོང་ཀྲོའུ་བར་གྱི་མཁའ་ལམ་ཤར་གཏོང་ཐུབ་ཡོད། ཀྲུང་ཁྲང་ལྕགས་ལམ་དང་ཧྲེན་ཏ་མྱུར་བགྲོད་གཞུང་ལམ། ཧ་ཏ་གཞུང་ལམ་བཅས་ས་ཁོངས་ཡོངས་ལ་སྦྲེལ་ཡོད།

10 མཛེས་ལྗོངས་གྲགས་ཅན།
10_1 མེང་ཐའེ་སྤྱི་གླིང་།

མེང་ཐའེ་སྤྱི་གླིང་། ཐོག་མའི་མིང་ལ་ལི་ཧྲན་སྤྱི་གླིང་ཟེར། སྤྱི་ལོ1993ལོའི་ཟླ4པར། ཨན་ཧྲན་ངར་ལྕགས་བཟོ་ཚོགས་ཀུང་སི་དང་ཨན་ཧྲན་གྲོང་ཁྱེར་ལི་ཧྲན་ས་ཁུལ་གྱི་སྲིད་གཞུང་གིས་མཉམ་དུ་བློ་མཐུན་མོང་ཐའེ་ཡི་འཇིམ་སྐུ་ལི་ཧྲན་སྤྱི་གླིང་དུ་བཞེངས་པ་མ་ཟད། ལི་ཧྲན་སྤྱི་གླིང་གི་མིང་ཡང་མོང་ཐའེ་སྤྱི་གླིང་དུ་བསྒྱུར།

10_2 ཡུས་ཧྥོ་ཡོན།

ཡུས་ཧྥོ་ཡོན་མཛེས་ལྗོངས་ཁུལ་ནི་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ཁུལ་ཡིན་པ་དང་ལེའོ་ཉིང་ཞིང་ཆེན་ཨན་ཧྲན་གྲོང་ཁྱེར་གྱི་ཤར་རྒྱུད་དུ་གནས་ཡོད། དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་ཁྲི4ཡོད་པ་དང་། རྒྱབ་ཏུ་ཤར་རིའི་མཛེས་ལྗོངས་ཁུལ་དུ་འཁེན་ནས་རང་བྱུང་བྱམས་པ་ཆེན་པོ་དང་ཕན་ཚུན་གཞོགས་འདེགས་བྱེད་ཀྱིན་ཡོད། དེ་ནི་གཡུ་ཐོག་ལྷ་ཁང་དང་། གཡུ་ཐག་ཟམ་པ། དོང་གསུམ་དབྱིབས་ཀྱི་རི་སྒོ། པད་ཧྭ་རྫིང་བུ། ཧྭ་ཀོ་གླིང་ཕྲན་སོགས་བཟོ་སྐྲུན་ལས་གྲུབ་པ་ཞིག་ཡིན། རྒྱལ་ལམ་ཁག་གསུམ་ལ་འབྲུག9བརྐོས་ཡོད་པ་དང་། “དགུ་འབྲུག་གིས་ལྷ་ལ་བསྟོད་པ”ཞེས་པའི་གོ་དོན་མཚོན་ཡོད། གཙོ་བོ་གཡང་ཊིའི་ཕོ་བྲང་ནང་གི“ཤཱཀྱ་མུ་ཁྱུད—རྒྱ་མཚོ་ལས་བརྒལ་བའི་སྤྱན་རས་གཟིགས”ཅན་གྱི་ལྗིད་ཚད་ཏུན260.76ཡིན་པ་དང་། 1997ལོའི་ཟླ11པར“འཛམ་གླིང་ཆེན་པོའི་ཅི་ཉི་སིའི་མཆོག”ཞེས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

10_3 ཆན་ཧྲན།( སྟོང་རི།)

ཆན་ཧྲན། གནའ་བོའི་མིང་ལ་རི་བོ་བརྩེགས་མ་དང་རི་བོ་སྟོང་། རི་བོ་པདྨ་སྟོང་ཞེས་ཀྱང་འབོད། སྟོང་རི་ནི་ཁྲང་པའེ་རི་བོའི་ཡན་ལག་ཡིན་ལ། རི་རྒྱུད་ཧྲིལ་བོ་བྱང་ཤར་དང་ལྷོ་ནུབ་ཀྱི་ཕྱོགས་སུ་བསྲིངས་ཡོད། ལིའོ་དབྱང་དང་། ཧའེ་ཁྲེང་། ཀའེ་ཀྲོའུ། ཡན་ཡན་བཅས་བརྒྱུད་ཅིང་ཀྲོའུ་ནས་རི་རྒྱུད་ཀྱི་སྣེ་མོར་སླེབས་ཡོད། ལྷོ་བྱང་བར་དུ་སྤྱི་ལེ200ལྷག་ཙམ་ཡོད་པ་དང་། ལིའོ་ཏུང་ཕྱེད་གླིང་ཧྲིལ་བོར་ཁྱབ་ཡོད།

ཆན་ཧྲན་སྤྱི་ལོ1982ལོར། རྒྱལ་ཁབ་ཀྱི་གཙོ་གནད་མཛེས་ལྗོངས་གྲགས་ཅན་ཁུལ་ཁག་དང་པོར་གཏན་འཁེལ་བྱས་པ་དང་། སྤྱི་ལོ1999ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་མཛེས་ལྗོངས་ཡུལ་སྐོར་ཁུལ་གྱི་དཔེ་སྟོན་ཁུལ་དུ་གཏན་འཁེལ་བྱས་པ། སྤྱི་ལོ2002ལོར་རྒྱལ་ཁབ་ཀྱི4Aརིམ་པའི་ཡུལ་སྐོར་ཁུལ་དུ་བདམས་པ་དང་། སྤྱི་ལོ2006ལོར་རྒྱལ་ཡོངས་ཀྱི་ཤེས་དཔལ་མཛེས་ལྗོངས་ཡུལ་སྐོར་ཁུལ་ཆེ་གྲས་བཅུ་ལ་བདམས་པ་རེད། རྒྱལ་ཡོངས་ཀྱི་གྲགས་ཅན་རི་བོའི་རྟོག་ཞིབ་ཚོགས་པའི་རིགས་གཅིག་མཁས་ཅན་གྱིས་ལོ་རྒྱུས་རིག་གནས་དང་ཆོས་ལུགས་རིག་གནས་ཀྱི་ཉམས་འགྱུར་ཟབ་མོ་ལྡན་པའི་དགོན་སྡེའི་སྐྱེད་ཚལ་མཛེས་ལྗོངས་ཁུལ་གྲགས་ཅན་དུ་གཏན་ཁེལ་བྱས།

10_4 དྲང་སྲོང་སྡིངས།

དྲང་སྲོང་སྡིངས་ཀྱི་མིང་གཞན་ལ་སྤྱན་རས་གཟིགས་ཀྱི་རི་བོ་ཡང་ཟེར། ལྷོ་རྒྱུད་ཀྱི་སྤྲོ་གསེང་ལྟ་སྐོར་ཁུལ་དང་དེའི་རི་རྒྱུད་ཁུལ་གྱི་རྩེ་མོར་གནས་ཡོད། ཏ་ཨན་དང་ཀྲུང་ཧུའེ་དང་། ཞང་ཡན་དགོན་པ་དང་ཝུའུ་ལུང་ཕོ་བྲང་གི་ལྷ་ཁང་སྣ་ཚོགས་ཀྱི་དཀྱིལ་དུ་ཆགས་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི708.3ཡོད་པ་དང་། དེ་ཆན་ཧྲན་རི་རྒྱུད་མཛེས་ལྗོངས་ཁུལ་གྱི་རི་བོ་མཐོ་ཤོས་ཡིན། རི་རྩེ་བཙན་ཞིང་། རི་རྩེའི་ནི་སྦྲུལ་གྱི་རྒྱབ་དང་འདྲ་ལ། རིང་ཚད་ལ་སྨི20ལྷག་དང་། ཞེང་ཚད་ལ་སྨི10ཡོད། ཤར་ཅུང་ཟད་བྱང་ཕྱོགས་སུ་གསེག་ཡོད་པ་དང་། ལྷོ་ནུབ་བྱང་གསུམ་ནི་གཡང་གཟར་ཡིན་པས། ཤར་ཕྱོགས་ཁོ་ན་ནས་མ་གཏོགས་བགྲོད་མི་ཐུབ།

11 མི་སྣ་གྲགས་ཅན།
11_1 མེང་ཐའེ། 孟泰

མེང་ཐའེ་ནི་ཧོ་པེ་ཞིང་ཆེན་ཧྥེང་རུན་རྫོང་ནས་ཡིན་པ་དང་། ཀྲུང་གོ་གསར་པ་དབུ་བརྙེས་རྗེས་རྒྱལ་ཡོངས་སུ་སྐད་གྲགས་ཆེ་བའི་ངལ་རྩོལ་དཔེ་བཟང་མི་སྣ་དང་པོ་ཡིན། སྔ་རྗེས་སུ་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་། གཉིས་པ། གསུམ་པ་བཅས་ཀྱི་འཐུས་མིར་བདམས་ཐོན་བྱུང་བ་དང་། ཀྲུང་གོའི་བཟོ་ཚོགས་ཀྱི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བདུན་པ་དང་བརྒྱད་པའི་ལག་བསྟར་ཨུ་ཡོན་དུ་བདམས་ཐོན་བྱུང་བ་རེད།

11_2 ཝང་ཁྲུང་ལུན། 王崇伦

ཝང་ཁྲུང་ལུན་ནི་ཨན་ཧྲན་གྲོང་ཁྱེར་གྱི་བྱང་འདབས་ཧྲ་ཧོ་ནས་ཡིན་ཞིང་། དེ་ནི་རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་ཅན་དང་། ཀྲུང་གུང“ཚོགས་ཆེན་བཅུ་བའི་འཐུས་མི། སྐབས་བཅུ་པའི་ཀྲུང་དབྱང་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དང་པོ་དང་། གཉིས་པ། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་འཐུས་མི་ཡིན། སྤྱི་ལོ1979ལོར་ཨན་ཀང་དུ་ལས་གནས་སྤར་ཤིང་། ཨུ་ཡོན་ལྷན་ཁང་གིས་ལས་འགན་ལྗིད་པོ་འཁུར་ནས་སྔ་རྗེས་སུ་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་ཀྲུང་གུང་ཧཱ་ཨེར་པིན་གྲོང་ཁྱེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པའི་ལས་འགན་གནང་།


དཔྱད་གཞིའི་ཡིག་ཆ།