དངུལ་ཆས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-01-08 11:14ལ་འགྲུབ།

དངུལ་ཆས།

དངུལ་ཆས།
དངུལ་གྱི་ངོ་བོ་ལྡན་པའི་དངུལ་ལོར་ཕུད། དངུལ་གྱི་བཟོས་པའི་རྒྱུན་མཁོའི་ཡོ་བྱེད་རྣམས་ནི་ས་གནས་དེ་གའི་སྐུ་དྲག་དང་ཆོས་ལུགས་ཀྱི་མཐོ་རིམ་མི་སྣས་ཡོངས་ཁྱབ་ཏུ་སྤྱོད་ཀྱིན་ཡོད། མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་བཀོལ་བའི་ལྕགས་རིགས་རྩ་ཆེན་ནང་དུ་དངུལ་ཆས་ནི་ཆེས་ཡོངས་ཁྱབ་དང་ཆེས་མང་པ་དེ་ཡིན། དེའི་འཚོ་བའི་མཁོ་ཆས་བཟོ་ཐུབ་པ་མ་ཟད་ད་དུང་དངོས་བོའམ་རྒྱན་གོས་སྤྱོད་ཆས་ཡང་བཟོ་ཐུབ། དུས་རབས་བཅུ་དགུ་བའི་རྗེས་ནས་བཟུང་དངུལ་ཆས་ནི་ཚོང་ཟོག་ཏུ་འགྱུར་མགོ་ཚུགས་མོད། འོན་ཀྱང་ཕྱུག་པོ་ཡིན་པའི་ཁྱིམ་ཚང་ཁོ་ནས་མ་གཏོགས་སྤྱོད་ཐུབ་ཀྱིན་མེད།
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
དངུལ་ཆས་ནག་པོར་གྱུར་དོན།
རྒྱ་ཡིག་གི་མིང་།
银器
རིགས་དབྱེ།
ལྕགས་རིགས།
1 ངོ་སྤྲོད།

དངུལ་གྱི་ངོ་བོ་ལྡན་པའི་དངུལ་ལོར་ཕུད། དངུལ་གྱི་བཟོས་པའི་རྒྱུན་མཁོའི་ཡོ་བྱེད་རྣམས་ནི་ས་གནས་དེ་གའི་སྐུ་དྲག་དང་ཆོས་ལུགས་ཀྱི་མཐོ་རིམ་མི་སྣས་ཡོངས་ཁྱབ་ཏུ་སྤྱོད་ཀྱིན་ཡོད། མི་རྣམས་ཀྱི་འཚོ་བའི་ཁྲོད་དུ་བཀོལ་བའི་ལྕགས་རིགས་རྩ་ཆེན་ནང་དུ་དངུལ་ཆས་ནི་ཆེས་ཡོངས་ཁྱབ་དང་ཆེས་མང་པ་དེ་ཡིན། དེའི་འཚོ་བའི་མཁོ་ཆས་བཟོ་ཐུབ་པ་མ་ཟད་ད་དུང་དངོས་བོའམ་རྒྱན་གོས་སྤྱོད་ཆས་ཡང་བཟོ་ཐུབ། དུས་རབས་བཅུ་དགུ་བའི་རྗེས་ནས་བཟུང་དངུལ་ཆས་ནི་ཚོང་ཟོག་ཏུ་འགྱུར་མགོ་ཚུགས་མོད། འོན་ཀྱང་ཕྱུག་པོ་ཡིན་པའི་ཁྱིམ་ཚང་ཁོ་ནས་མ་གཏོགས་སྤྱོད་ཐུབ་ཀྱིན་མེད། 

2 ནག་པོར་གྱུར་དོན།

དངུལ་ཆས་འདོགས་ཡུན་རིང་ན་རིམ་གྱིས་མདོག་ནག་པོར་གྱུར་བས། མི་ལ་ལས་དེ་ནི་དངུལ་ཆས་ཀྱིས་མི་ལུས་ཀྱི་དུག་རྫས་འཇིབ་ལེན་བྱས་པས་མདོག་ནག་པོར་གྱུར་བ་དང་། ལུས་ཀྱི་དུག་རྫས་ཇི་ལྟར་མང་ན་དངུལ་ཆས་དེ་ལྟར་ནག་པ་ཡིན་ཟེར།

ཡང་མི་ལ་ལས་དངུལ་ཆས་གནའ་ནས་བཟུང་མི་གཙང་བ་འགོག་བྱེད་ཡིན་པས། དེའི་མདོག་ནག་པོར་གྱུར་བ་ནི་མི་གཙང་བ་དང་བགེགས་སེལ་བ་ཡིན་ཟེར། དངུལ་ཆས་ཀྱི་མདོག་ནག་པོར་གྱུར་བ་དེ་ལུས་ཀྱི་དུག་རྫས་འཇིབ་ལེན་བྱས་པ་ཡིན་པའི་ངག་སྒྲོས་དོན་དུ་གནས་ལུགས་མེད་པ་ཞིག་རེད།

ཀྲུང་ནན་སློབ་ཆེན་རྫས་འགྱུར་དང་རྫས་འགྱུར་བཟོ་ལས་སློབ་གླིང་གི་དགེ་རྒན་གཞོན་པ་ཀྲང་དབྱི་ཡིས་བཤད་རྒྱུར། རྫས་འགྱུར་གྱི་ཐད་ནས་བཤད་ན། དངུལ་ཆས་དབྱང་འགྱུར་བྱུང་བ་དང་ལྕགས་རིགས་བཙའ་ཆགས་པ་གཉིས་ཀྱི་གོ་རིམ་ཆ་འདྲ་བ་ཞིག་ཡིན་ཏེ། དངུལ་ཆས་མཁའ་རླུང་ཁྲོད་རིམ་གྱིས་དབྱང་འགྱུར་བྱས་ཏེ་དབྱང་དངུལ་རྫས་ཐོན་པས་མདོག་ནག་པོར་གྱུར་བ་ཡིན་ལ། གལ་ཏེ་མི་ལུས་ལས་བཏོན་པའི་ཟི་འགྱུར་རྫས་དང་སེན་འགྱུར་རྫས་དེ་དངུལ་ཆས་ནག་པོ་བསྒྱུར་ཐུབ་པའི་ཚད་ལ་བསླེབས་ན་དེ་ལུས་ཕུང་ཧ་ཅང་བདེ་ཐང་མིན་པ་མཚོན་པ་མ་ཟད། རྒྱུན་ལྡན་གྱི་མིའི་ལུས་ཕུང་གི་སྣང་ཚུལ་ལས་བརྒལ་ནས་དུག་ཕོག་སྟེ་ཤི་ལ་ཉེ་བའི་ཚད་དུ་ཐོན་ཡོད་པ་རེད།

དེ་བས། དངུལ་ཆས་ནག་པོར་གྱུར་བ་དེ་རང་བྱུང་གི་དབྱང་འགྱུར་སྣང་ཚུལ་ཞིག་ཡིན་པ་ལས། མི་ལུས་བདེ་ཐང་མིན་པའི་ནད་རྟགས་ཤིག་མ་ཡིན་ནོ།། དེ་འདྲའི་འཆལ་གཏམ་རིགས་ལ་གཟབ་དགོས།

3 དུག་ཡོད་མེད་ལ་བརྟག་པ།

ཚོད་ལྟ་བྱེད་མཁན་གྱིས་གནའ་བོའི་དུག་རྫས་ཀྱི་གྲུབ་ཆ་ལྟར་གཤེར་ཁུ་དམ་བེ་གཉིས་རྫས་སྦྱོར་བྱས་ཏེ། དམ་བེ་གཅིག་ནི་ཟི་འདུས་པའི་ཟི་ནཱ་རྫས་གཤེར་ཁུ་ཡིན་པ་དང་། ཅིག་ཤོས་ནི་དུག་ཆེན་འདུས་པའི་ཟེ་འབྲིང་སྐྱུར་ནཱ་གཤེར་ཁུ་ཡིན། ཟི་ནཱ་རྫས་གཤེར་ཁུ་དེ་དངུལ་ཆས་ཐོག་ཐིགས་ན་དངུལ་ཆས་ཀྱི་མདོག་དེ་མ་ཐག་ནག་པོར་འགྱུར་བ་དང་། ཟེ་འབྲིང་སྐྱུར་ནཱ་དངུལ་ཆས་ཐོག་ཐིགས་ཚེ་ནག་པོར་མི་འགྱུར་བ་རེད། ཚོད་ལྟ་འདི་ལས་ང་ཚོས་དངུལ་ཆས་ཟི་ནཱ་རྫས་འདུས་པའི་དངོས་བོ་རིགས་དང་འཕྲད་ཚེ་ད་གཟོད་མདོག་འགྱུར་པ་ཤེས་ཐུབ་བོ།།

དངུལ་ཆས་ཀྱི་དུག་ལེན་མི་ཐུབ་མོད། འོན་ཀྱང་དངུལ་ཆས་ལ་དུག་སྲིན་གསོད་པ་དང་གཉན་ཚད་འཇོམས་པ། ལུས་ཁམས་གསོ་བའི་ནུས་པ་བཅས་ལྡན་པས་ཡུན་རིང་བཀོལ་ན་རྙིང་ཚབ་གསར་བརྗེ་དང་རིམ་འགོག་གི་ནུས་པ་ཐོན་ཐུབ་བོ།།

བརྡ་འགྲེལ་གདོང་འཛར།

དངུལ། དངུལ་ཆས། ནག་པོ།