ཅན་ཡེ་ཆུས།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-02-27 11:16ལ་འགྲུབ།

ཅན་ཡེ་ཆུས།

ཅན་ཡེ་ཆུས།
ཅན་ཡེ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་གྲོང་དཀྱིལ་དུ་ཆགས་པའི་ཆུས་ཤིག་ཡིན་པ་དང་། དེ་ནི་རྒྱལ་ཁབ་ཤར་རྒྱུད་ས་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ལྟེ་གནས་དང་། ཧྭ་ཏུང་ས་ཁུལ་གྱི་ཚོང་དོན་ལྟེ་གནས་དང་འགྲེམས་སྟོན་ལྟེ་གནས་ཤིག་ཀྱང་ཡིན། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་རིག་གནས་ལུས་རྩལ་ལྟེ་གནས་དང་། གསར་གཏོད་གསར་སྤེལ་ལྟེ་གནས་བཅས་ཡིན། སྔ་རྗེས་སུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེངས་བཅུ་པའི་ལུས་རྩལ་འགྲན་ཚོགས་ཆེན་མོ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་འགོ་ཁྲིད་མི་སྣའི་ཐུག་འཕྲད། ནན་ཅིང་ཨེ་ཤེ་ཡ་གཞོན་ནུའི་ཚོགས་འདུ། ནན་ཅིང་གཞོན་ནུའི་ཨོ་རྩལ་འགྲན་ཚོགས། རྒྱལ་ཁབ་སྤྱི་མཆོད་ཉིན་མོ། ནན་ཅིང་རྒྱལ་སྤྱིའི་མཱ་ལ་སུང་འགྲན་བསྡུར། འཛམ་གླིང་སྐྱེས་མའི་ཆིའུ་འགྲན་བསྡུར་ཆེན་མོའི་རྟིང་རྩོད་འགྲན་བསྡུར་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་ལས་རྩལ་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་གལ་ཆེན་རབ་དང་རིམ་པའི་སྒྲུབ་འགན་འཁུར་བཞིན་ཡོད་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
建邺区
བོད་ཡིག་གི་མིང་།
ཅན་ཡེ་ཆུས།
ཕྱི་ཡིག་གི་མིང་།
JianyeDistrict
སྲིད་འཛིན་ས་ཁོངས་ཀྱི་རིགས་དབྱེ།
གྲོང་ཁྱེར་ཁོངས་གཏོགས་ཆུས།
མངའ་ཁོངས།
ནན་ཅིང་གྲོང་ཁྱེར་གྱི་ཁོངས་གཏོགས་ས་ཁུལ་གྱི་སྲང་ལམ་དྲུག།
སྲིད་གཞུང་གནས་ཡུལ།
ནན་ཅིང་གྲོང་ཁྱེར་ཅན་ཡེ་ཆུས་ཅང་ཤར་དབུས་ལམ་གྱི་ཨང་རྟགས269པ།
ཆུས་ཁོངས་ཁ་པར་ཚབ་ཨང་།
025
སྦྲག་སྲིད་ཨང་རྟགས།
210019
ས་ཁམས་གནས་ཡུལ།
ནན་ཅིང་གྲོང་ཁྱེར་གྱི་གྲོང་ཁྱེར་དཀྱིལ་དབུས།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི80.87
མི་གྲངས། 
47.26(སྤྱི་ལོ2017ལོར)
ཡུལ་སྐད།
ནན་ཅིང་གི་གཞུང་སྐད།
ནམ་ཟླ།
ཚ་ཁུལ་ཕལ་བའི་དུས་རླུང་ནམ་ཟླ།
རླངས་འཁོར་ཚབ་ཨང།
苏A
སྲིད་འཛིན་ཚབ་ཨང་།
320105
ཆུས་ཁུལ་ཐོན་སྐྱེད་སྤྱིའི་རིན་ཐང་།
སྒོར་དུང་ཕྱུར422.85(སྤྱི་ལོ2017ལོར)
མེ་འཁོར་འབབ་ཚིགས།
ནན་ཅིང་མེ་འཁོར་འབབ་ཚིགས། ནན་ཅིང་མེ་འཁོར་འབབ་ཚིགས་ལྷོ་མ།
གནམ་གྲུ་ཐང་།
ནན་ཅིང་ལུའུ་ཁོའུ་རྒྱལ་སྤྱིའི་གནམ་གྲུ་ཐང་།
1 འཕེལ་རིམ་ལོ་རྒྱུས།

ཅན་ཡེ་ཆུས་ནི་ཀྲུང་ཧྭ་མིན་གོའི་སྲིད་ལོ་ཉེར་གཉིས་པ(སྤྱི་ལོ1933ལོ)ནས་འཛུགས་སྐྲུན་གྱི་འགོ་ཚུགས་པ་དང་། མིན་གོའོ་དུས་སྐབས་ཀྱི་ནན་ཅིང་གྲོང་ཁྱེར་གྱི་ཆུས་ལྔ་པ་ནས་བྱུང་བ་དང་། ཅིན་ནུབ་མའི་དུས་སྐབས་ཀྱི་ནན་ཅིང་གི་མིང་ལ“ཅན་ཡེ”ཞེས་འབོད་པས། ཆུས་ཀྱི་མིང་ལའང“ཅན་ཡེ་ཆུས”ཞེས་བཏགས་པ་རེད།

ལྗོངས་ནང་ཁུལ་དུ་མོ་ཁྲོའུ་མཚེའུ་དང་། ཧོ་ནུབ་ཀྲུང་དབྱང་སྤྱི་གླིང་། ཧོ་ནུབ་པིན་ཅང་གཙང་པོའི་སྤྱི་གླིང་། ནན་ཅིང་ཨོ་ལིམ་ཕིག་ལུས་རྩལ་ལྟེ་གནས། ལྗང་པོ་གླིང་། ནན་ཅིང་དམར་གསོད་ཆེན་མོའི་དྲན་གསོ་ཁང་། ཀྲུང་གོའི་ནན་ཅིང་ཡུན་ཅིན་དངོས་མང་བཤམས་སྟོན་ཁང་། ཅང་ཤིན་ཀྲོའུ་སོགས་མཛེས་ལྗོངས་ཁུལ་མང་པོ་ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར་དུ། ཅན་ཡེ་ཆུས་ཁོངས་གཏོགས་སུ་སྲང་ལམ་དྲུག་དང་སྡེ་ཁུལ་དྲུག་ཅུ་ཡོད་པ་དང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ80.87ལྷག་ཙམ་ཡོད་པ་དང་། ཆུས་ས་ཁུལ་གྱི་ཐོན་སྐྱེད་སྤྱིའི་རིན་ཐང་ལ་བསྡོམས་པའི་སྒོར་དུང་ཕྱུར422.85ལྷག་ཡོད། རྒྱུན་སྡོད་མི་གྲངས་ཁྲི47.26ལྷག་ཡོད།

2 སྲིད་འཛིན་ཁོངས་བགོས།

ཅན་ཡེ་ཆུས་ཀྱི་ཆུས་སྲིད་གཞུང་ནི་ཧྲ་ཀྲོའུ་སྲང་ལམ་གྱི་ཅང་ཏུང་དབུས་ལམ་གྱི་ཨང་རྟགས269པར་ཡོད་པ་དང་། སྤྱི་ལོ2017ལོའི་ལོ་མཇུག་བར་ཅན་ཡེ་ཆུས་ལ་ཁོངས་གཏོགས་སུ་སྲང་ལམ་དྲུག་དང་སྡེ་ཁུལ་དྲུག་ཅུ་ལྷག་ཡོད་དེ། དེ་དག་ལས་སྲང་ལམ་དྲུག་ནི། མོ་ཁྲོའུ་མཚེའུ་སྲང་ལམ། ནན་ཡོན་སྲང་ལམ། དར་རྒྱས་སྲང་ལམ། ཧྲོང་ཀྲ་སྲང་ལམ། བྱེ་གླིང་སྲང་ལམ། ཅང་ཞིན་ཀྲོའུ་སྲང་ལམ་བཅས་པའོ།

3 ས་བབ་གནས་ཚུལ།

ཅན་ཡེ་ཆུས་ནི་ནན་ཅིང་གྲོང་ཁྱེར་གྱི་དཀྱིལ་དབུས་སུ་གནས་པ་དང་། རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ80.87ཡོད། ཤར་དང་ལྷོ་ནི་ཕྱིའི་ཆིན་ཧོའེ་གཙང་པོ་དང་ཆིན་ཧོའེ་གཙང་པོ་གསར་མ་དང་ཐག་ཉེ་པོ་ཡོད་པ་དང་། ནུབ་ཏུ་འབྲི་ཆུ་དང་ཐག་ཉེ། བྱང་དུ་ཧན་ཀྲུང་མིན་སྲང་ལམ་ཆེན་མོའི་བར་དུ་ཡོད།

ཅན་ཡན་ཆུས་ས་བབ་ནི་ལྷོ་དམའ་ཞིང་བྱང་མཐོ་བ་དང་། ས་ངོས་ཀྱི་མཐོ་ཚད་ལ་སྨི7.5ལྷག་ཙམ་ཡོད། ཆུས་དེའི་ཁོངས་སུ་རྫིང་བུ་ཅུང་མང་ཞིང་། འབྲི་ཆུའི་འགྲམ་ངོགས་ཀྱི་ས་དབྱིབས་སུ་གཏོགས་པ་ཡིན།

ཅན་ཡན་ཆུས་ཀྱི་ཁོངས་སུ་ཁྱོན་ཆུ་བོ25ཡོད་པ་དང་། དེའི་ནང་ཤར་ནས་ནུབ་ཏུ་འབབ་པའི་ཆུ་བོ14ཡོད་ལ། ལྷོ་ནས་བྱང་གི་ཕྱོགས་སུ་བཞུར་བའི་ཆུ་བོ11ཡོད། འབྲི་ཆུའི་ཅ་ཅང་ས་ཁོངས་ཀྱི་དུམ་བུའི་རིང་ཚད་ལ་སྤྱི་ལེ13.6ཡོད་པ་དང་། ཞེང་ཚད་ལ་སྨི400ཙམ་ཡོད། ཆུ་བོ་དལ་ཞིང་འཇགས་པས། གྲུ་གཟིངས་བགྲོད་མཚམས་བཀག་ཟིན་པ་རེད། ཆིན་ཧོའེ་ཆུ་བོའི་ཆུས་ཀྱི་ས་ཁོངས་ནང་གི་རིང་ཚད་སྤྱི་ལེ4.4དང་། ཞེང་ཚད་སྨི100ལྷག་ཙམ་ཡོད།

4 གནམ་གཤིས་གནས་ཚུལ།

ཆུས་དེའི་བྱང་ནི་ཚ་ཁུལ་གྱི་བརླན་གཤེར་ཆེ་བའི་གནམ་གཤིས་ཁུལ་དུ་གཏོགས་པ་དང་། དབྱར་དུས་ཚ་བ་ཆེ་ཞིང་ཆར་པ་མོད་ལ། དགུན་དུས་གྲང་ངར་ཆེ་ལ་ཆར་ཆུ་ཉུང་བ་ཡིན། དཔྱིད་དུས་དང་སྟོན་དུས་གཉིས་སུ་ལྷོ་བྱང་གི་དུས་རླུང་རེས་མོས་ཀྱི་དུས་སྐབས་ཤིག་ཡིན་པས། ནམ་ཟླའི་དྲང་འཁྱགས་ལ་འགྱུར་ལྡོག་ཆེ་བ་དང་། ཆར་བ་མི་རྟག་པའི་གནམ་གཤིས་ཀྱི་ཁྱད་ཆོས་ལྡན། རྒྱུན་དུ་རླུང་གི་ཁ་ཕྱོགས་གཙོ་བོ་ནི་ཤར་ལྷོའི་ཤར་རླུང་ཡིན་པ་དང་། ཆ་སྙོམས་རླུང་གི་མྱུར་ཚད3.5m/sཡིན།

5 ཚན་རྩལ་སློབ་གསོ།

སྤྱི་ལོ2017ལོའི་ལོ་མཇུག་བར། ཅན་ཡེ་ཆུས་སུ་ཁག་སོ་སོའི་སློབ་གསོའི་སྒྲིག་གཞི87ཡོད་པའི་ནང་སློབ་འབྲིང14དང་སློབ་ཆུང23། བུ་བཅོལ་ཁང46། ཐད་གཏོགས་ལས་ཁུངས4བཅས་ཡོད་པ་རེད། སློབ་གྲྭ་འབྲིང་ཆུང་གི་སློབ་མ35857ཡོད་པ་དང་། སློབ་གྲྭ་འབྲིང་ཆུང་གི་ལས་ཞུགས་དགེ་རྒན3455ཡོད། བུ་བཅོལ་ཁང་དུ་བྱིས་པ13726ཡོད་པ་དང་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་བ2017ཡོད།

སྤྱི་ལོ2017ལོའི་ལོ་མཇུག་བར། ཅན་ཡེ་ཆུས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་འོག་ཁེ་ལས42ལྷག་ལག་རྩལ་མཐོ་བའི་ཁེ་ལས་གསར་པར་གཏན་འཁེལ་བྱེད་པར་ཐེངས་དང་པོར་རེ་ཞུ་བྱས་པ་དང་། ཞིང་ཆེན་གྱི་དམངས་གཉེར་ཚན་རྩལ་ཁེ་ལས45ལ་རེ་ཞུ་བྱས། ཁེ་ལས་ལ་རྩ་འཛུགས་བྱས་ནས་ཞིང་ཆེན་གྱི་མཐོ་གསར་ལག་རྩལ་ཐོན་རྫས50ལྷག་རེ་ཞུ་བྱས་པ་རེད། ལོ་ཧྲིལ་པོར་ཆེད་ཁེ་བདག་དབང་ཐོབ་པའི་བསྡོམས་འབོར3500ལྷག་ཙམ་ཡོད་དེ། དེའི་ནང་གསར་གཏོད་ཀྱི་ཆེད་ཁེ་བདག་དབང་ཐོབ་པ1200ཡོད་པ་དང་ཆེད་ཁེ་བདག་དབང་ཐོབ་པ1350ལྷག་ཙམ་ཡོད་པ་རེད།

དཔྱད་གཞིའི་ཡིག་ཆ།