ཁྲང་ཁྲུན་གྲོང་ཁྱེར།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-14 09:31ལ་འགྲུབ།

ཁྲང་ཁྲུན་གྲོང་ཁྱེར།

ཁྲང་ཁྲུན་གྲོང་ཁྱེར།
ཁྲང་ཁྲུན་གྱི་བསྡུས་མིང་ལ“ཁྲང”ཞེས་དང་། མིང་གཞན་ལ་ཁྲུན་ཁྲེང་ཞེས་ཟེར། གནའ་བོའི་མིང་ལ་ཞི་ཏུའུ་དང་། ཇ་ཁྲུང་། ཧོང་ལུང་ཧྥུ་ཟེར་ཞིང་། ཅི་ལིན་ཞིང་ཆེན་གྱི་ཞིང་ཆེན་ཚོགས་འདུ། ཞིང་ཆེན་རིམ་པའི་གྲོང་ཁྱེར་གཞོན་གྲས། ཨེ་ཤ་ཡ་བྱང་ཤར་གྱི་དཔལ་འབྱོར་མུ་ཁྱུད་ལྟེ་གནས་གྲོང་ཁྱེར་བཅས་ཡིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་འཁེལ་བྱས་པའི་ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་གྲོང་ཁྱེར་གྱི་ལྟེ་བ་ཤིག་དང་བཟོ་ལས་རྟེན་གཞི་གལ་ཆེན་ཞིག་ཡིན། སྤྱི་ལོ2018ལོར་གྲོང་ཁྱེར་ཡོངས་ཀྱི་ཁོངས་གཏོགས་སུ་ཆུས7དང་། རྒྱལ་ཁབ་རིམ་པའི་ཁུལ་གསར1(ཁྲང་ཁྲུན་ཁུལ་གསར། ཀྲུང་གོའི་རྒྱལ་ཁབ་རིམ་པའི་ཁུལ་གསར་བཅུ་བདུན་པ)དང་། རྫོང1དང་། རྫོང་རིམ་པའི་ཚབ་གཉེར་གྲོང་ཁྱེར2བཅས་ཡོད། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ20593.5ཡོད་པ་དང་། འཛུགས་སྐྲུན་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ519.04ཟིན། ཁྱིམ་ཐོའི་མི་འབོར་ཁྲི800(གནས་སྐབས་སུ་ཀུང་ཀྲུའུ་ལིན་ཚུད་མེད)ཡོད་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་མི་འབོར་ཁྲི441.5ཟིན། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད58.8%ཟིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
长春市
དབྱིན་ཡིག་གི་མིང་།
Changchun
སྲིད་འཛིན་ཁུལ་གྱི་རིགས་དབྱེ།
ཞིང་ཆེན་རིམ་པའི་གྲོང་ཁྱེར་གཞོན་པ།
ཁོངས་གཏོགས་ས་ཁུལ།
ཀྲུང་གོའི་བྱང་ཤར་ས་ཁུལ།
ནམ་ཟླ།
དྲོད་རྒྱུན་དུས་རླུང་ནམ་ཟླ།
སྦྲག་སྲིད་ཨང་རྟགས།
130000
མི་གྲངས།
ཕལ་ཆེར་ཁྲི800ལྷག
རླངས་འཁོར་ཚབ་ཨང་།
吉A
རྒྱ་ཁྱོན།
སྟོང་སྨི་གྲུ་བཞི་མ20593.5
ས་ཁོངས་ཁ་པར་ཨང་གྲངས།
(+86)0431
1 ​ངོ་སྤྲོད།

ཁྲང་ཁྲུན་ནི་ཀྲུང་གོའི་བྱང་ཤར་ས་ཁུལ་དང་བྱང་ཤར་གྱི་ས་ཁམས་ལྟེ་གནས་སུ་གནས་ཤིང་། སོ་སོར་སུང་ཡོན་གྲོང་ཁྱེར། སི་ཕིང་གྲོང་ཁྱེར། ཅི་ལིན་གྲོང་ཁྱེར། ཧར་པིན་གྲོང་ཁྱེར་བཅས་ཀྱི་ས་མཚམས་དང་འབྲེལ་ཞིང་། ཀྲུང་གོའི་བཟོ་ལས་རྙིང་བའི་རྟེན་གཞི་གྲགས་ཅན་ཞིག་དང་། ཀྲུང་གོ་གསར་བའི་ཆེས་སྔ་བའི་རླངས་འཁོར་བཟོ་ལས་རྟེན་གཞི་དང་གློག་བརྙན་བཟོ་སྐྲུན་རྟེན་གཞི་ཞིག་ཡིན། “ཤར་ཕྱོགས་ཀྱི་ཏི་ཐེ་སྲོལ”དང“ཤར་ཕྱོགས་ཀྱི་ཧའོ་ལའེ་ཝུའུ”ཞེས་འབོད་སྲོལ་ཡོད་ལ།  དུས་མཚུངས་སུ་ད་དུང་ཀྲུང་གོ་གསར་པའི་ལྕགས་ལམ་འགྲུལ་སྐྱེལ་རླངས་འཁོར་དང་། གློག་འོད་ལག་རྩལ། ཉེར་སྤྱོད་རྫས་འགྱུར། སྐྱེ་དངོས་ཐོན་རྫས་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་འབྱུང་གནས་ཡིན་སྟབས། སྐད་གྲགས་ཆེ་བའི་ཀྲུང་གོའི་རླངས་འཁོར་བཟོ་གྲྭ་དང་པོ་དང་། ཁྲང་ཁྲུན་གློག་བརྙན་བཟོ་གྲྭ། ཁྲང་ཁྲུན་འགྲུལ་སྐྱེལ་རླངས་འཁོར་བཟོ་གྲྭ། ཀྲུང་གོ་ཚན་རིག་ཁང་ཁྲང་ཁྲུན་འོད་འཕྲུལ་ཁང་། ཀྲུང་གོ་ཚན་རིག་ཁང་ཁྲང་ཁྲུན་ཡིང་རྫས་ཞིབ་འཇུག་ཁང་། ཁྲང་ཁྲུན་སྐྱེ་དངོས་གྲུབ་རྫས་ཞིབ་འཇུག་ཁང་བཅས་བྱུང་བ་རེད།

ཁྲང་ཁྲུན་ནི་རྒྱལ་ཁབ་ཀྱི་ལོ་རྒྱུས་རིག་གནས་ཀྱི་གྲོང་ཁྱེར་གྲགས་ཅན་ཞིག་ཡིན་ལ། སྔོན་ཆད་མན་ཇུ་རྒྱལ་ཁབ་རྫུས་མའི་རྒྱལ་ས་ཡིན་ཞིང་། ལོ་རྒྱུས་ཀྱི་གནའ་ཤུལ་དང་། བཟོ་ལས་ཀྱི་ཤུལ་བཞག་དང་རིག་གནས་ཤུལ་བཞག་བཅས་མང་པོ་ཡོད་པ་དང་། ཉེ་རབས་ཀྱི་ཨེ་ཤེ་ཡ་བྱང་ཤར་གྱི་ཆབ་སྲིད་དམག་དོན་གྱི་གདོང་ཐུག་ཆ་ཚང་བའི་ལོ་རྒྱུས་ལམ་བུའི་གཅིག་སྡུད་ཀྱི་དཔང་པོ་བྱ་ཡུལ་ཞིག་ཡིན། ཁྲང་ཁྲུན་ཡང་ཀྲུང་གོའི་སྐྱེད་ཚལ་གྲོང་ཁྱེར་ཆེ་གྲས་བཞིའི་གྲས་ཤིག་ཡིན་པ་དང་། “བྱང་རྒྱལ་གྱི་དཔྱིད་གྲོང་”ཞེས་པའི་མཚན་སྙན་ཐོབ་ལ། སྔོ་ལྗང་དུ་འགྱུར་ཚད་ཨེ་ཤེ་ཡའི་གྲོང་ཁྱེར་ཆེ་གྲས་ཀྱི་མདུན་གྲལ་དུ་སླེབས་ཡོད་།

ཁྲང་ཁྲུན་ད་དུང“ཀྲུང་གོའི་བཟོ་སྐྲུན2025”འི་ཚོད་ལྟའི་གྲོང་ཁྱེར་ཡིན་ཞིང་། “རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཇུས་འགོད་ཚོད་ལྟའི་གྲོང་ཁྱེར་ཁག་དང་པོ”དང་། 《སྤྱི་ལོ2018ལོའི་རང་བྱུང་སྟོན་གྲངས—ཚན་ཞིབ་གྲོང་ཁྱེར》གྱི་གོ་ལ་ཧྲིལ་བོའི་རྩེ་གྲས50དང་། ཀྲུང་གོའི་རྩེ་གྲས10རུ་ཚུད་ཡོད། སྤྱི་ལོ2019ལོའི་ཟླ8པར། ཀྲུང་གོའི་འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་གཙོ་སྒྲུབ་མཛད་པའི《ཀྲུང་གོའི་འགག་སྒོ》དུས་དེབ་སྟེང་སྤྱི་ལོ2018ལོར“ཀྲུང་གོའི་ཕྱི་ཕྱོགས་ཚོང་དོན་རྩེ་གྲ་བརྒྱའི་གྲོང་ཁྱེར”གྱི་ཨང་རིམ་ཁྱབ་བསྒྲགས་བྱས་པ་དང་ཨང་རིམ30པ་ཡིན།

2 ལོ་རྒྱུས་འཕེལ་རིམ།

གནའ་སྔ་མོའི་ལོ་ངོ་ཁྲི་བཞིའི་སྔ་རོལ་དུ་རྡོ་ཆས་རྙིང་མའི་དུས་རབས་སུ། ཁྲང་ཁྲུན་དུ་གདོད་མའི་མིའི་རིགས“ཡུས་ཧྲུའུ་མི”བྱུང་ཡོད། རྡོ་ཆས་གསར་པའི་དུས་རབས་སུ། གདོད་མའི་འཁལ་འཐག་ལག་རྩལ་དང་གདོད་མའི་ཞིང་ལས(ཙུའོ་ཅ་རི་བོའི་རྗེས་ཤུལ)བྱུང་ཡོད།

ཞ་ཧྲང་ཀྲོའུ་དང་ཆིན། ད་དུང་སུའུ་ཧྲིན་རིགས་ཀྱང་འདིར་གཞིས་ཆགས་པ་ཡིན།

ཧན་རྒྱལ་རབས་ནས་ཅིན་རྒྱལ་རབས་ནུབ་མའི་བར་དུ་རྒྱལ་ཁབ་ཀྱི་མངའ་འོག་ས་ཁུལ་དུ་བཅད་ཅིང་། སྤྱི་ལོ346ལོ་ནས་བཟུང་ཧྥུ་ཡུས་རྒྱལ་ཁབ་དུ་གྱུར།

རྒྱལ་རབས་ལྷོ་མ་དང་བྱང་མ། ལྷག་མ་རྣམས་ཀའོ་ཅུས་ལི་ཡིས་ཟླ་སྒྲིལ་བྱས་པ་དང་། ས་ཁུལ་ཁ་ཤས་ཀའོ་ཅུས་ལིའི་ཧྥུ་ཡུས་མཁར་དུ་ཚུད།

ཐང་རྒྱལ་རབས་ནི་པོ་ཧའེ་རྒྱ་མཚོའི་རྒྱལ་ཁབ་ཀྱི་ཧྥུ་ཡུས་ཧྥུ་ཡི་ཁོངས་སུ་གཏོགས་པ་དང་། པོ་ཧའེ་རྒྱ་མཚོའི་རྒྱལ་ཁབ་ཀྱི་མཐའ་སྲུང་གྲོང་རྡལ་གཙོ་བོ་ཡིན།

སུང་ལིའོ་ཅིན་གྱིས་སུང་རྒྱལ་རབས་བྱང་མའི་དུས་འགོར་ཧོང་ལུང་ཧྥུ་བཙུགས་ལ། ཏུང་ཅིན་ཏའོ་ཡི་ཁོངས་སུ་གཏོགས། སུང་རྒྱལ་རབས་བྱང་མའི་དུས་མཇུག་ཏུ་ཅིན་རྒྱལ་རབས་བཙུགས་པ་དང་། དེ་སྔ་རྒྱལ་ས་ཧོང་ལུང་ཧྥུ་རུ་བཙུགས། ཅིན་ཐེན་ཁྲི་ལོ་གསུམ་པ་སྟེ། སྤྱི་ལོ1140ལོར་ཧོང་ལུང་ཧྥུ་ཅི་ཀྲོའུ་རུ་བསྒྱུར། ཅིན་ཏ་ཏིན་ཁྲི་ལོ་ཉེར་དགུ་སྟེ་སྤྱི་ལོ1189ལོར་ཅི་ཀྲོའུ་ལུང་ཀྲོའུ་རུ་བསྒྱུར།  ཅིན་ཀྲེན་ཁྲུང་ཁྲི་ལོ་གཉིས་པ་སྟེ་སྤྱི་ལོ1214ལོར་ཀྲོའུ་ལུང་ཨན་ཧྥུ་ཞེས་པར་བསྒྱུར།

3 སྲིད་འཛིན་ས་ཁུལ་དབྱེ་མཚམས།

སྤྱི་ལོ2018ལོར་ཁྲང་ཁྲུན་གྲོང་ཁྱེར་གྱི་ས་ཆ་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ20593.5ཡོད།(དེའི་ནང་གནས་སྐབས་ཀུང་ཀྲུའུ་ལིན་ཚུད་མེད)དེའི་ཁྲོད་གྲོང་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ7557ཡོད་ལ། འཛུགས་སྐྲུན་ཆུས་ཀྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ519.04ཡོད། ཁྲང་ཁྲུན་གྲོང་ཁྱེར་གྱི་ཁོངས་གཏོགས་ཁྲའོ་དབྱང་དང་། ནན་ཀོན། ཁོན་ཁྲེང་། ལྗང་གླིང་། ཨར་ལམ། ཧྲོང་དབྱང་། ཅིའུ་ཐའེ་བཅས་ཆུས7དུ་བགོས་ཡོད། (ཁྲང་ཁྲུན་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུས་དང་། ཁྲང་ཁྲུན་ཅིང་ཡུའེ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཆུས། ཁྲང་ཁྲུན་ཆུས་གསར་བ(རྒྱལ་ཁབ་རིམ་པའི་ཆུས་གསར་བ) ཁྲང་ཁྲུན་རླངས་འཁོར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཆུས། ཁྲང་ཁྲུན་ལན་ཧྭ་རི་བོའི་སྐྱེ་ཁམས་ཡུལ་སྐོར་སྤྲོ་གསེང་ཆུས་བཅས་གསར་སྤེལ་ཆུས5ཚུད) ཡུས་ཧྲུའུ་གྲོང་ཁྱེར་དང་། བདེ་སྐྱོང་གྲོང་ཁྱེར། ཞིང་ཨན་རྫོང་བཅས་ཞིང་ཆེན་ཐད་གཏོགས་ཁོངས་སུ་གཏོགས། དེའི་ཁོངས་སུ་སྲང་ལམ་87དང་། ཤང30  གྲོང་རྡལ57བཅས་ཡོད།

4 ས་ཁམས་ཁོར་ཡུག

ཁྲང་ཁྲུན་ནི་ཀྲུང་གོའི་བྱང་ཤར་བདེ་ཐང་གི་དབུས་ཁུལ་སུང་ལེའོ་བདེ་ཐང་དུ་གནས་ཤིང་། ནུབ་བྱང་ནི་སུང་ཡོན་གྲོང་ཁྱེར་དང་འབྲེལ། ལྷོ་ནུབ་སི་ཕིང་གྲོང་ཁྱེར་དང་འབྲེལ། ཤར་ལྷོ་ཅི་ལིན་གྲོང་ཁྱེར་དང་འབྲེལ། བྱང་ཤར་ནི་ཧེ་ལུང་ཅང་ཞིང་ཆེན་ཧའར་པིན་གྲོང་ཁྱེར་གྱི་ས་མཚམས་དང་འབྲེལ་ཞིང་། བྱང་ཤར་ས་ཁུལ་གྱི་རང་བྱུང་ས་ཁམས་ཀྱི་ལྟེ་གནས་དང་། “རྒྱུད་གཅིག་ལམ་གཅིག”བྱང་རྒྱུད་མཚམས་ཚིགས་ཀྱི་གྲོང་ཁྱེར་གལ་ཆེན་དང་། ཀྲུང་གོ་དང་མོང་གོལ་ཨུ་རུ་སུའི་དཔལ་འབྱོར་བར་ཁྱམས་ཀྱི་མཚམས་ཚིགས་གྲོང་ཁྱེར། ཁྲང་ཅི་ཐུའུ་འཐབ་ཇུས་ལྟེ་བའི་གྲོང་ཁྱེར་བཅས་ཡིན།


5 རང་བྱུང་ཐོན་ཁུངས།
5_1 ས་ཞིང་ཐོན་ཁུངས།

ཁྲང་ཁྲུན་གྲོང་ཁྱེར་གྱི་ས་རྒྱ་ཆེ་ཞིང་། ས་ཞིང་གི་ཐོན་ཁུངས་ཅུང་ཕུན་སུམ་ཚོགས་པ་ཡིན། ས་རྒྱུ་གཙོ་བོ་ནི་ས་ནག རྩྭ་ཐང་། ཀལ་ནག་ས་སོགས་ཡིན་ལ། སོ་སོར་རྨོ་ཞིང་རྒྱ་ཁྱོན་གྱི34.5%、29.06%དང15.28%བཟུང་ཞིང་ས་རྒྱུ་གཤིན་པ་ཡིན། སྤྱིར་བཏང་ས་ནག་གི་མཐུག་ཚད་སྨི0.6ནས་སྨི1.0ཡིན། ཁྲང་ཁྲུན་གྱི་ས་རྒྱུ་བསྡོམས་པས་ས་རིགས12དང་། ས་རྒྱུ་ཕལ་བ་རིགས38 ཡུལ་ཁོངས64 ཡུལ་རྒྱུད190བཅས་ཡོད་ཕྱིན་གྲུབ་ཚུལ་དང་ཁྱབ་སྟངས་ལ་བར་བརྒལ་རང་བཞིན་མངོན་གསལ་ལྡན།

5_2 སྐྱེ་དངོས་ཐོན་ཁུངས།

ཁྲང་ཁྲུན་ལ་ཤིང་སྡོང་སྤྱི་ཆིང་ཁྲི26.5ཡོད་ལ། ཨེ་ཤ་ཡ་ཤར་མའི་ལོ་མ་ཆེ་བའི་ཤིང་སྡོང་ནི་ནགས་ཚལ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་། ཧྭ་པེ་རྒྱུད་ཀྱི་གྲུབ་ཆ་དང་ཁྲང་པའེ་ཆུས་ཀྱི་གྲུབ་ཆའང་འདུ། དཔེར་ན། གསོམ་ནག ཀྲང་ཙི་སུང་། གསོམ་ཤིང་། གྲང་གསོམ། ཤུག་པ། ཧུའུ་ཐའོ། ཧྲུའེ་ཆུས་ལུའོ། པའོ་ལུའོ། ཧྭ་ཆུས་ལུའོ། ཧྲན་དབྱང་། སྟག་མ་ནག་པོ་སོགས་ཡོད།

5_3 གཏེར་རྫས་ཐོན་ཁུངས།

ཁྲང་ཁྲུན་གྱིས་འཚོལ་བཤེར་བྱས་ཟིན་པའི་གཏེར་ཁའི་ཐོན་ཁུངས་རིགས39དང་ཁག258ཡོད་པ་དེ་དག་གཙོ་བོ་ནུས་ཁུངས་གཏེར་ཁ། ལྕགས་རིགས་མིན་པའི་གཏེར་ཁ་དང་ལྕགས་རིགས་གཏེར་ཁ་བཅས་ཡིན། མང་ཆེ་བ་དགུ་ཆུས་དང་ཧྲོང་དབྱང་ཆུས་སུ་ཁྱབ་ཡོད། འཚོལ་བཤེར་བྱས་ཟིན་པའི་རྡོ་སོལ།  སྣུམ་རྒྱུའི་བྲག་གཏེར། ཨར་འདམ་རྡོ་ཐལ་བྲག་རྡོ་གཏེར་ཁ། ཨར་འདམ་ས་མྱགས་གཏེར་ཁ། མུ་ཏིག་བྲག་རྡོ་དང་། ཟངས། དངུལ། ལྕགས་ཕུད་པའི་རྡོ་སྣུམ་དང་རང་བྱུང་སོལ་རླངས་ཀྱང་གསོག་ཚད་ངེས་ཅན་ཞིག་ཡོད།

6 མི་གྲངས།

སྤྱི་ལོ2017ལོའི་ལོ་མཇུག་ཏུ།  ཁྲང་ཁྲུན་གྲོང་ཁྱེར་ལ་ཁྱིམ་དུད2790085ཡོད་ལ།  མི་གྲངས་ཕལ་ཆེར་ཁྲི800ར་ཐོན།  དེའི་ཁྲོད་སྐྱེས་པས་སྤྱིའི་མི་གྲངས་ཀྱི50.2%ཟིན་ཞིང་།  སྐྱེས་མས་སྤྱིའི་མི་གྲངས་ཀྱི49.8%ཟིན། གྲོང་ཁུལ་མི་གྲངས་ཀྱིས་གྲོང་ཁྱེར་སྤྱིའི་མི་གྲངས་ཀྱི58.5%ཟིན། རྫོང་གི་མི་གྲངས་ཀྱིས་གྲོང་ཁྱེར་སྤྱིའི་མི་གྲངས་ཀྱི41.5%ཟིན།ཁྲང་ཁྲུན་གྲོང་ཁྱེར་གྱི་མི་གྲངས་ཀྱིས་ཅི་ལིན་ཞིང་ཆེན་གྱི་སྤྱིའི་མི་གྲངས་ཀྱི28.6%ཟིན།

7 དཔལ་འབྱོར།

ཁྲང་ཁྲུན་ནི་རྒྱ་མཚོའི་འགྲམ་རྒྱུད་ཀྱི་སྒོ་དབྱེའི་གྲོང་ཁྱེར་ཞིག་ཡིན་ལ། ཁྲང་ཅི་ཐུང་གསར་སྤེལ་སྒོ་འབྱེད་སྣེ་ཁྲིད་ཁུལ་གྱི་ས་ཁོངས་རང་བཞིན་གྱི་ལྟ་བར་ཆགས་ཤིང་། ཡ་གླིང་བྱང་ཤར་གྱི་ས་ཁོངས་རང་བཞིན་གྱི་ལྟེ་བའི་གྲོང་ཁྱེར་དང་ཅི་ལིན་དབུས་རྒྱུད་ཀྱི་གསར་གཏོད་ཕྱོགས་སྒྱུར་ལྟེ་བའི་ཁུལ་གསར་བསྐྲུན་ཇེ་མགྱོགས་སུ་བཏང་ནས།  སྔོན་ཐོན་སྒྲིག་ཆས་བཟོ་སྐྲུན།  སྐྱེ་དངོས་དང་སྨན་བཅོས། འོད་གློག་ཆ་འཕྲིན། ནུས་རྒྱུ་གསར་པའི་རླངས་འཁོར། རྒྱུ་ཆ་གསར་པ། གྲངས་གཞི་ཆེ་གེ་མོ་སོགས་སྒོར་དུང་ཕྱུར་སྟོང་ཅན་གྱི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས“ཆེན་པོ་དྲུག”གསར་གཏོད་བྱེད་རྒྱུ།

8 འགྲིམ་འགྲུལ།   

ཁྲང་ཁྲོན་ལུང་ཅཱ་རྒྱལ་སྤྱིའི་གནམ་ཐང་ནི་དུས་རབས20བའི་ལོ་རབས30འི་ནང་བསྐྲུན་པ་དང་ད་སྐབས་ཀྱི་གནམ་ཐང་དེ་སྤྱི་ལོ2005ལོའི་ཟླ8པར་དངོས་སུ་ཤར་གཏོང་བྱས་པ་ཡིན།  གནམ་ཐང་དེ་ནི་ཁྲང་ཁྲུན་བྱང་ཤར་ཁག་གི་དགུ་སྟེགས་ས་ཁུལ་ལུང་ཅ་གྲོང་རྡལ་དུ་གནས་ཤིང་། ཚད་རིམ4Eབར་སླེབས།  ད་ལྟ་ཀྲུང་གོའི་བྱང་ཤར་ས་ཁུལ་གྱི་རྒྱལ་སྤྱིའི་གནམ་ཐང་ཆེ་བ་བཞིའི་ཡ་གྱལ་དང་། ཨེ་ཤེ་ཡ་བྱང་ཤར་ས་ཁོངས་ཀྱི་མཁའ་ལམ་འགྲིམ་འགྲུལ་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད།  རང་རྒྱལ་གྱི་གནམ་ཐང་འཛུགས་སྐྲུན་གཙོ་བོའི་གྲས་ཡིན། གནམ་ཐང་འདིའི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་མ་ཁྲི21.3ཡོད་ལ། གནམ་གྲུ་འབབ་ཚུགས་གཉིས་དང་། གནམ་གྲུ་འཇོག་གནས50  སྨི3200ཅན་གྱི་རྒྱུག་ལམ་གཅིག་དང་སྨི1068.5ཡོད་པའི་མཉམ་གཤིབ་རྒྱུག་ལམ་གཉིས། འཕུར་བསྐྱོད་བཤུད་ལམ་གཉིས་བཅས་ཡོད། གཞན་ཡང་ལུང་ཅཱ་གནམ་ཐང་དུ་གྲོང་ཁྱེར་འདིའི་མྱུར་བགྲོད་ལྕགས་ལམ་དང་གནམ་ཐང་གཉིས་ས་ཁུལ་གཅིག་ལ་ཁེལ་ཡོད་པས་འགྲིམ་འགྲུལ་གྱི་སྟབས་ཧ་ཅང་བདེ།     སྤྱི་ལོ2017ལོའི་ལོ་མཇུག་བར་གནམ་ཐང་འདི་ལ་མཁའ་འགྲུལ་མཐུན་གཉེར37ལ་མཉམ་འབྲེལ་སྒོས་མཁའ་ལམ150འཛིན་སྐྱོང་དང་། གྲོང་ཁྱེར73ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད། རྒྱལ་ནང་གི་གྲོང་ཁྱེར་ཆེ་ཁག་རྣམས་གཙོ་བྱས་ཨེ་ཤེ་ཡའི་བྱང་ཤར་དང་ཤར་ལྷོའི་རྒྱལ་ཁབ་ཁག  གཞན་ཡང་ཨུ་རུ་སུའི་ས་ཁུལ་གྱི་གྲོང་ཁྱེར་ཆེ་ཁག་དག་ལའང་མཁའ་འབྲེལ་བཙུགས་ཏེ་མཁའ་ལམ་འགྲིམ་འགྲུལ་ཅུང་འཐུས་ཚང་ཞིག་ཆགས་ཡོད།

སྤྱི་ལོ2017ལོར། གནམ་གྲུ་འཕུར་བསྐྱོད་ཐེངས་ཁྲི8.57བྱས་ཏེ་འགྲུལ་པ་ཁྲི1166.29སྐྱེལ་འདྲེན་བྱས། འདིའི་བསྡུར་ཚད་ནི17.66%དང22.85% ལ་སླེབས་ཡོད།  གནམ་གྲུ་འཕུར་བསྐྱོད་དང་འགྲུལ་བ་སྐྱེལ་འདྲེན་བྱས་པའི་གྲངས་ཚད་ལས་རང་རྒྱལ་གྱི་བྱང་ཤར་གྱི་གནམ་ཐང་ཆེ་གྲས་བཞི་ཡི་ཨང་དང་པོར་སླེབས་ཡོད། སྤྱི་ལོ2017ལོའི་ཟླ11པའི་ཚེས13ཉིན། ལུང་ཅཱ་གནམ་ཐང་གིས་ལོ་རེར་འགྲུལ་པ་ཁྲི1000ལྷག་སྐྱེལ་འདྲེན་བྱས་པས“ཁྲི་ཤོང་གནམ་ཐང་སྤྲོ་སྐྱིད་ཁང”ཞེས་པའི་མཚན་སྙན་ཐོབ།


དཔྱད་གཞིའི་ཡིག་ཆ།