ཀྲུང་ཡོན་ས་ཁུལ།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-01-07 17:14ལ་འགྲུབ།

ཀྲུང་ཡོན་ས་ཁུལ།

ཀྲུང་ཡོན་ས་ཁུལ།
ཀྲུང་ཡོན་ས་ཁུལ་ནི་ཧོ་ནན་ཞིང་ཆེན་སྲིད་འཛིན་ལྟེ་གནས་ཀྱི་ལྟེ་བའི་གྲོང་ཁུལ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཆབ་སྲིད་དང་རིག་གནས་ཀྱི་ལྟེ་གནས་ཡིན། སྤྱི་ལོ2017ལོའི་བར་ཀྲུང་ཡོན་ས་ཁུལ་གྱི་ཁོངས་གཏོགས་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ195ཟིན་པ་དང་དེའི་ཁོངས་སུ་ཁྲོམ་གཞུང12ཡོད་པ་དང་རྒྱུན་སྡོད་མི་འབོར་ཁྲི104.8ཟིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་གྱུར་ཚད90.96%ཟིན་ཡོད། སྤྱི་ལོ2017ལོར་ཀྲུང་ཡོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར720.12ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར69187ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.1:37.5:62.4ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར702.49བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར275.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37368ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21205ཟིན་ཡོད། སྤྱི་ལོ2018ལོའི་ཟླ10པར་ཀྲུང་ཡོན་ས་ཁུལ་དེ“སྤྱི་ལོ2018ལོའི་ལོ་འཁོར་གྱི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ཁུལ”དང་། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཤུགས་ཆེ་བའི་ཁུལ་བརྒྱ་དང་། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་ལེགས་པའི་ཁུལ་བཅས་སུ་བདམས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
中原区
ཁོངས་གཏོགས་ས་ཁུལ།
ཧོ་ནན་ཞིང་ཆེན་ཀྲེང་ཀྲོའུ་གྲོང་ཁྱེར།
ཁ་པར་ཁུལ་ཨང་།
0371
ས་གནས།
ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ནུབ་རྒྱུད།
རྒྱ་ཁྱོན།
སྤྱི་ལེ་གྲུ་བཞི་མ195ཡོད།
མི་གྲངས།
མི་ཁྲི104.8ཡོད།(2017ལོར)
ནམ་ཟླའི་ཆ་རྐྱེན།
དྲོད་རྒྱུད་དུས་རླུང་ནམ་ཟླ།
GDP
སྒོར་དུང་ཕྱུར720.12ཡོད།(2017ལོར)
མི་རེའི་ཆ་སྙོམས་ཀྱིGDP
སྒོར69187ཡོད།(2017ལོར)
སྦྲག་སྲིད་ཁུལ་ཨང་།
450007
1 ​ལོ་རྒྱུས་འཕེལ་རིམ།

བཅིངས་འགྲོལ་མ་བཏང་གོང་ལ་ཀྲུང་ཡོན་ས་ཁུལ་གྱི་གྲོང་ཁུལ་ལྷོ་རྒྱུད་དེ་ཀྲེང་རྫོང་གི་ཆུས་གཉིས་པ(ཆི་ལི་ཤང)དང་བྱང་རྒྱུད་དེ་ཀྲེང་རྫོང་གི་ཆུས་བཞི་པ(ཝུའུ་ཆོན་ཤང)ལ་དབང་བ་རེད།

སྤྱི་ལོ1948ལོའི་ཟླ10པའི་ཚེས22ཉིན། ཀྲེང་ཀྲོའུ་གྲོང་ཁྱེར་བཅིངས་འགྲོལ་བཏང་རྗེས། ཀྲུང་གུང་ཀྲེང་ཀྲོའུ་གྲོང་ཁྱེར་ལས་དོན་ཨུ་ཡོན་ལྷན་ཁང་གིས་གྲོང་རྡལ་དང་པའོ། ཅ་གསུམ་གྱི་རྩ་འཛུགས་རྣམ་པ་རྙིང་བ་མེད་པར་བཟོས་ཤིང་། སྤྱི་ལོ1948ལོའི་ཟླ10པའི་ཚེས27ཉིན་ནས་བཟུང་ཀྲེང་ཀྲོའུ་གྲོང་ཁྱེར་དུ་ཁུལ་དང་པོ་དང་གཉིས་པ། གསུམ་པ་བཙུགས། ཁུལ་དང་པོ་ནི་ད་ལྟ་ཀོན་ཁྲེང་ཧུའེ་རིགས་ས་ཁུལ་ཡིན་པ་དང་། ཁུལ་གཉིས་པ་ནི་ད་ལྟའི་ཆུས་ཉི་ཤུ་རྩ་བདུན་ཡིན་པ་དང་། ཁུལ་གསུམ་པོ་ནི་སྔོན་གྱི་ཀྲུང་ཡོན་ས་ཁུལ་རེད། གྲོང་ཁྱེར་ཏང་ཨུས་ཀྲུང་གུང་ཁུལ་གསུམ་བྱ་བའི་ཨུ་ཡོན་ལྷན་ཁང(བསྡུས་མིང་ལ་བྱ་བའི་ཨུ་ཡོན་ལྷན་ཁང་ཟེར)དང་། ཁུལ་དམངས་གཙོའི་སྲིད་གཞུང་། སྲང་ལམ་གཞུང་སྒྲུབ་ཁང15གཏན་འཁེལ་བྱས་ཡོད།

སྤྱི་ལོ1949ལོའི་ཟླ12པར་ཁུལ་གསུམ་གྱི་ལས་དོན་ཨུ་ཡོན་ལྷན་ཁང་དང་དམངས་གཙོའི་སྲིད་གཞུང་མེད་པར་བཟོས་པ་དང་། ཁུལ་ལམ་སྲིད་དབང་ནི་ཁུལ་སྤྱི་བདེ་ཡན་ལག་ཅུས་དང་དེའི་མངག་གཏོང་ཁང་གིས་ཚབ་བྱས།

སྤྱི་ལོ1951ལོའི་ཟླ9པར་ཀྲུང་གུང་ཀྲེང་ཀྲོའུ་གྲོང་ཁྱེར་ཁུལ་གསུམ་ཨུ་ཡོན་ལྷན་ཁང་དང་ཁུལ་མི་དམངས་སྲིད་གཞུང་བཙུགས།

ཕྱི་ལོའི་ཟླ12པར་ཆའོ་ཅ་མོན་དང་། ཞའོ་ཀྲའོ་ཀྲའེ། ཨར་ལམ་ལམ། མིང་ཀུང་ལམ། སྦྲང་མ་ཀྲང་བཅས་སྲང་ལམ་ལྔའི་སྲིད་གཞུང་བཙུགས།

སྤྱི་ལོ1954ལོའི་ཟླ8པར། ལས་གནས་ཀྱི་ཏུའུ་ཅེ་སྲིད་གཞུང་གསར་དུ་བཙུགས།

སྤྱི་ལོ1955ལོའི་ཟླ2པར། སྲང་ལམ་སྲིད་གཞུང་དེ་སྲང་ལམ་གཞུང་ལས་ཁང་དུ་བསྒྱུར་བ་དང་། ཟླ10པར་ཁུལ་གསུམ་མི་དམངས་སྲིད་གཞུང་དེ་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་འཛུགས་སྐྲུན་བྱེད་པར་བསྒྱུར།

སྤྱི་ལོ1955ལོ་དང་སྤྱི་ལོ1956ལོར་འཛུགས་སྐྲུན་ལམ་དང་སན་ཀོན་ལྷ་ཁང་གི་སྲང་ལམ་སོ་སོར་གསར་འཛུགས་བྱས།

སྤྱི་ལོ1958ལོའི་ཟླ8པར། གྲོང་ཁྱེར་མི་དམངས་ཀུང་ཧྲེ་ཅན་དུ་བསྒྱུར། འཛུགས་སྐྲུན་ཁུལ་དེ་འཛུགས་སྐྲུན་ཁུལ་མི་དམངས་ཀུང་ཧྲེ་ཞེས་པར་བསྒྱུར། དེའི་མངའ་འོག་གི་སྲང་ལམ་དེ་མི་དམངས་ཀུང་ཧྲེ་ཞེས་མིང་བསྒྱུར།

སྤྱི་ལོ1960ལོའི་ཟླ5པར་ཀྲུང་ཡོན་མི་དམངས་ཀུང་ཧྲེར་བསྒྱུར། དེའི་མངའ་འོག་ཏུ་ཡན་ལག་ཁང7ཡོད།

སྤྱི་ལོ1961ལོའི་ཟླ8པར། གྲོང་ཁྱེར་སླར་གསོ་ཁུལ་དང་སྲང་ལམ་བཙུགས་པ་དང་། ཀྲུང་ཡོན་མི་དམངས་ཀུང་ཧྲེ་དེ་ཀྲུང་ཡོན་ཁུལ་མི་དམངས་ཨུ་ཡོན་ལྷན་ཁང་དུ་བསྒྱུར། དུས་ཁོངས་འཛུགས་སྐྲུན་ལམ་དང་སན་ཀོན་ལྷ་ཁང་སོགས་སྲང་6དང་། ཞིང་ལས་ཀུང་ཧྲེ་གཅིག་ཡོད།

སྤྱི་ལོ1962ལོའི་ཟླ5པར་ཆིན་ལིན་ལམ་གྱི་སྲང་ལམ་གསར་དུ་བཙུགས།

སྤྱི་ལོ1968ལོའི་ཟླ2པར་ཀྲུང་ཡོན་ས་ཁུལ་གསར་བརྗེ་ཨུ་ཡོན་ལྷན་ཁང་བཙུགས།

སྤྱི་ལོ1980ལོའི་ཟླ4པར་ཀྲུང་ཡོན་ས་ཁུལ་མི་དམངས་སྲིད་གཞུང་བཙུགས།

སྤྱི་ལོ1985ལོའི་ཟླ11པར་རུའུ་ཧོ་ལམ་གྱི་ཁྲོམ་གཞུང་འཕར་འཛུགས་བྱས།

སྤྱི་ལོ1987ལོའི་ཟླ3པར། ཀྲེང་ཀྲོའུ་གྲོང་ཁྱེར་གྱིས་ས་ཁོངས་དབྱེ་ནས་ལེགས་སྒྲིག་བྱས་ཏེ། གྲོང་ཁྱེར་ཉེ་འཁོར་དང་ཅིན་ཧའེ་ཁུལ་མེད་པར་བཟོས། ཆུ་དང་། ཀོང་ཀྲོའུ། ཧྲི་ཧྥུ། ཏ་ཀང་ལིའུ་ཞང་བཅས་ཀྲུང་ཡོན་ཁུལ་གྱི་བདག་སྐྱོང་བྱེད་ཁོངས་སུ་བཅུག ལེགས་སྒྲིག་བྱས་རྗེས་ཀྲུང་ཡོན་ས་ཁུལ་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང8དང་ཤང5ཡོད།

སྤྱི་ལོ2003ལོའི་ཟླ9པར་ཧྲི་ཧྥུ་གྲོང་རྡལ་དང་ཀོའུ་ཀྲའོ་ཤང་གཉིས་ཀྲེན་ཀྲོའུ་མཐོ་གསར་ཁུལ་དོ་དམ་ཨུ་ལྷན་གྱི་ཚབ་བྱས་ནས་དོ་དམ་བྱ་རྒྱུར་དང་ཀྲིན་ཀྲོའུ་མཐོ་གསར་ཁུལ་གྱི་རྒྱ་ཁྱོན་སྟོང་སྨི་གྲུ་བཞི་མ18.6ནས་སྟོང་སྨི་གྲུ་བཞི་མ67.7བར་རྒྱ་བསྐྱེད་པ་རེད།

སྤྱི་ལོ2004ལོར་ཀྲུང་ཡོན་ས་ཁུལ་དུ་ཁྲོམ་གཞུང8དང་། གྲོང་རྡལ1ཤང2བཅས་ཡོད།

སྤྱི་ལོ2005ལོའི་ཟླ9པར་ཏ་ཀང་ལིའུ་ཤང་ལ་མཚོ་འགྲུལ་ནུབ་ལམ་ཁྲོམ་གཞུང་ཞེས་མིང་བསྒྱུར། ཀྲུང་ཡོན་ཤང་ལ་ཀྲུང་ཡོན་ནུབ་ལམ་ཁྲོམ་གཞུང་ཞེས་མིང་བསྒྱུར།

སྤྱི་ལོ2011ལོའི་ཟླ3པར་ཚ་ཆུ་གྲོང་རྡལ་མེད་པ་བཟོས་ནས་ཚ་ཆུ་ཁྲོམ་གཞུང་དང་ཤིས་ལིའུ་མཚེའུ་ཁྲོམ་གཞུང་བཙུགས་ཡོད།

2 སྲིད་འཛིན་ས་ཁུལ་གྱི་དབྱེ་མཚམས།

སྤྱི་ལོ2017ལོའི་ལོ་མཇུག་བར་ཀྲུང་ཡོན་ས་ཁུལ་གྱི་ཁོངས་གཏོགས་སུ་ཁྲོམ་གཞུང12ཡོད་པ་སྟེ། དེ་དག་ནི་ལིན་ཧྲན་ཀྲའེ་ཁྲོམ་གཞུང་དང་། འཛུགས་སྐྲུན་ལམ་གྱི་ཁྲོམ་གཞུང་། སྲིང་བལ་འཁེལ་འཐག་ལམ་གྱི་ཁྲོམ་གཞུང་། ཆིན་ལིང་ལམ་གྱི་ཁྲོམ་གཞུང་། ཐུང་པོ་ལམ་གྱི་ཁྲོམ་གཞུང་། སན་ཀོན་ལྷ་ཁང་ཁྲོམ་གཞུང་། ལུའེ་ཏུང་གྲོང་ཚོའི་ཁྲོམ་གཞུང་། རུའུ་ཧོ་ལམ་གྱི་ཁྲོམ་གཞུང་། མཚོ་འགྲུལ་ནུབ་ལམ་གྱི་ཁྲོམ་གཞུང་། ཀྲུང་ཡོན་ཤིས་ལམ་གྱི་ཁྲོམ་གཞུང་། ཁུ་ཧྲུའེ་ཁྲོམ་གཞུང་། ཤིས་ལིའུ་མཚེའུ་ཁྲོམ་གཞུང་བཅས་རེད།

 ལིན་ཧྲན་ཀྲའེ་སྲང་ལམ། 410102001  དེའི་ཁོངས་སུ་སྡེ་ཁུལ12ཡོད་པ་སྟེ། དེ་དག་ནི་ཡིག་ཟམ་གློག་འཕྲིན་ཁང་གི་སྡེ་ཁུལ་དང་།   པི་ཧྲ་ཀང་སྡེ་ཁུལ། དགོན་ལུང་ལམ་སྡེ་ཁུལ། དབྱི་ཧོ་ལམ་སྡེ་ཁུལ།   རིག་གནས་ཕོ་བྲང་ལམ་སྡེ་ཁུལ། ཁྲུའུ་ཧོ་ལམ་སྡེ་ཁུལ།   བཟོ་ལས་མཐོ་རིམ་ཆེད་ཚན་སྡེ་ཁུལ། འབྲིང་གཅིག་སྡེ་ཁུལ།   བཟོ་སྐྲུན་སློབ་གླིང་གི་སྡེ་ཁུལ། ལག་རྩལ་བཟོ་པའི་སློབ་གྲྭའི་སྡེ་ཁུལ།   མེ་ཏོག་བརྒྱའི་སྡེ་ཁུལ། ལིན་རི་གྲོང་སྡེ་ཁུལ་བཅས་ཚུད་ཡོད། 

འཛུགས་སྐྲུན་ལམ་གྱི་སྲང་ལམ། 410102002  དེའི་ཁོངས་སུ་སྡེ་ཁུལ7ཡོད་པ་སྟེ།   དེ་དག་ནི་ཞིང་ཆེན་གྱིས་སྡེ་ཁུལ་ལྔ་འཛུགས་སྐྲུན་དང་། མདུན་སྐྱོད་ལམ་གྱི་སྡེ་ཁུལ།   ལྟེ་བའི་སྨན་ཁང་གི་སྡེ་ཁུལ། འཆར་འགོད་ལམ་གྱི་སྡེ་ཁུལ།   འཁེལ་འཐག་སློབ་གྲྭའི་སྡེ་ཁུལ། སློབ་གླིང་སྡེ་ཁུལ།   ཁྲོམ་རའི་སྲང་ལམ་སྡེ་ཁུལ་བཅས་ཚུད་ཡོད། 

སྲིང་བལ་འཁེལ་འཐག་ལམ་གྱི་སྲང་ལམ། 410102003 དེའི་ཁོངས་སུ་སྡེ་ཁུལ3ཡོད། དེ་དག་ནི་བཟོ་གྲྭ་གསུམ་པའི་སྡེ་ཁུལ་དང་།   བཟོ་གྲྭ་བཞི་པའི་སྡེ་ཁུལ། བཟོ་གྲྭ་ལྔ་པའི་སྡེ་ཁུལ་བཅས་ཚུད་ཡོད། 

ཆིན་ལིན་ལམ་གྱི་སྲང་ལམ། 410102004  དེའི་ཁོངས་སུ་སྡེ་ཁུལ5ཡོད།  དེ་དག་ནི་བཟོ་གྲྭ་དང་པོའི་སྡེ་ཁུལ་དང་།   བཟོ་གྲྭ་དྲུག་པའི་སྲིང་བལ་འཁེལ་འཐག་ནུབ་ལམ་སྡེ་ཁུལ། བཟོ་གྲྭ་དྲུག་པའི་སྲང་ལམ་མདུན་མའི་སྡེ་ཁུལ།   ཅན་ཞི་སྡེ་ཁུལ། གློག་སྲང་ལམ་སྡེ་ཁུལ་གསར་པ་བཅས་ཚུད་ཡོད། 

ཐུང་པོ་ལམ་གྱི་སྲང་ལམ། 410102005 དེའི་ཁོངས་སུ་སྡེ་ཁུལ15ཡོད་པ་སྟེ། དེ་དག་ནི་ནུབ་ཚུགས་ཤར་སྡེ་ཁུལ་དང་ནུབ་ཚུགས་ནུབ་སྡེ་ཁུལ།   ཧོ་ནན་སྐྱེལ་གློག་སྒྱུར་སྡེ་ཁུལ། ནུབ་ཧྲི་ལི་ཕུའུ་ནན་སྡེ་ཁུལ།   སོལ་ཚང་སྲང་ལམ་སྡེ་ཁུལ། ཀྲེང་ཀུང་ཚོགས་པའི་སྡེ་ཁུལ། ནུབ་ཧྲི་ལི་ཕུའུ་པེ་སྡེ་ཁུལ།   གློག་བཟོ་གྲྭའི་ལམ་སྡེ་ཁུལ། ཧ་ཡང་ལས་རིགས་ཀུང་སིའི་སྡེ་ཁུལ།   འཕྲུལ་ཆས་ཅན་གྱི་ཨར་ལས་ཀུང་ཧྲེ་ཁུལ། གློག་ཁང་ལྷོ་ལམ་སྡེ་ཁུལ།   ཀྲུང་ཡོན་སྨན་རྫས་བཟོ་གྲྭའི་སྡེ་ཁུལ། རྫས་འགྱུར་བཟོ་གྲྭའི་སྡེ་ཁུལ།   ཆི་ཡུའེ་སྡེ་ཁུལ། ཁའེ་ཡོན་སྡེ་ཁུལ་བཅས་ཚུད་ཡོད།

སན་ཀོན་ལྷ་ཁང་གི་ཁྲོམ་ལམ། 410102006 དེའི་ཁོངས་སུ་སྡེ་ཁུལ13ཡོད་པ་སྟེ། དེ་དག་ནི་ཧྥུ་ཉིའུ་ལམ་བྱང་སྡེ་ཁུལ་དང་།   སན་ཀོན་ལྷ་ཁང་སྡེ་ཁུལ། གུང་ཧོ་སྲང་ལམ་གསར་པའི་སྡེ་ཁུལ། ཀྲེང་ཧྲང་ལམ་སྡེ་ཁུལ།   བཟོ་ཞིང་ལམ་སྡེ་ཁུལ། ཞིང་ཆེན་འཁེལ་འཐག་འཕྲུལ་འཁོར་སྡེ་ཁུལ།   ཀྲེང་སོལ་འཕྲུལ་ཆས་སྡེ་ཁུལ། ཧྭ་ཧྲན་ལམ་སྡེ་ཁུལ། ཀྲུང་ཡོན་དབུས་ལམ་སྡེ་ཁུལ་དང་པོ།   ཀྲུང་ཡོན་དབུས་ལམ་སྡེ་ཁུལ་གཉིས་པ། གློག་ལས་གྲོང་ཚོ་གསར་པའི་སྡེ་ཁུལ།   ནུབ་སྐོར་ལམ་སྡེ་ཁུལ། ཧུའུ་ཀོང་ཡོན་སྡེ་ཁུལ་བཅས་ཡིན། 

ལུག་གདོང་གྲོང་ཚོའི་སྲང་ལམ། 410102007 དེའི་ཁོངས་སུ་སྡེ་ཁུལ 6ཡོད་པ་སྟེ། དེ་དག་ནི་ཨར་ཧྲ་སྡེ་ཁུལ་དང་།   གློག་ཐག་བཟོ་གྲྭའི་སྡེ་ཁུལ། ལྗང་མདོག་གི་ཡོན་སྡེ་ཁུལ། ཧྥུ་ཉིའུ་ནན་སྡེ་ཁུལ།   ཐུང་པོ་ལམ་སྡེ་ཁུལ། ཧྭ་ཞི་སྡེ་ཁུལ་བཅས་ཡིན།

རུའུ་ཧོ་ལམ་སྲང་ལམ། 410102008 དེའི་ཁོངས་སུ་སྡེ་ཁུལ9ཡོད་པ་སྟེ། དེ་དག་ནི་ཅིན་ཅིན་ཧྭ་ཡོན་སྡེ་ཁུལ་དང་།   ཧོའེ་ཧོ་ལམ་གློག་ཤུགས་སྡེ་ཁུལ། རུའུ་ཧོ་ལུའུ་གྲོང་ཁྱེར་སྡེ་ཁུལ།   རུའུ་ཧོ་ཁུལ་ཆུང་སྡེ་ཁུལ། ཐུང་ཧོའེ་སྡེ་ཁུལ། ཧོའེ་ཤིས་སྡེ་ཁུལ།   མཚོ་འགྲུལ་ནུབ་ལམ་སྡེ་ཁུལ། ཧྭ་ཧོའེ་སྡེ་ཁུལ། ཅིན་ཡོན་ཁུལ་ཆུང་སྡེ་ཁུལ་བཅས་ཡིན། 

མཚོ་འགྲུལ་ནུབ་ལམ་གྱི་སྲང་ལམ། 410102009 དེའི་ཁོངས་སུ་གྲོང་མིའི་ཨུ་ཡོན་ལྷན་ཁང10ཡོད་པ་སྟེ། དེ་དག་ནི་ཞའོ་ཀང་ལིའུ་གྲོང་ཚོ་དང་།   ཧྥེང་ཝན་གྲོང་ཚོ། ཏོན་ཀྲོང་གྲོང་ཚོ། ཏའོ་ལི་གྲོང་ཚོ། ཀུའོ་ཁྲང་གྲོང་ཚོ།   ཧྲི་དབྱང་སི་གྲོང་ཚོ། ཡན་ཅི་གྲོང་ཚོ། སྨི་ཧུའུ་གྲོང་ཚོ། ཧོའུ་ཧོ་ལུའུ་གྲོང་ཚོ།   ལི་ཅང་ཀོའུ་གྲོང་ཚོ་བཅས་ཡིན། 

ཀྲུང་ཡོན་ནུབ་ལམ་སྲང་ལམ། 410102010 དེའི་ཁོངས་སུ་གྲོང་མིའི་ཨུ་ཡོན་ལྷན་ཁང14ཡོད་པ་སྟེ། དེ་དག་ནི་ཀྲུའུ་ཐུན་གྲོང་ཚོ་དང་།   ཀྲོའུ་ཞིན་ཀྲོང་གྲོང་ཚོ། ནན་ཁྲེན་ཝུའུ་ཀྲའེ་གྲོང་ཚོ། རན་ཐུན་གྲོང་ཚོ།   ལུའོ་ཀྲོང་གྲོང་ཚོ། ཧོའུ་ཉིའུ་ཀྲོང་གྲོང་ཚོ། པེ་ཁྲེན་ཝུའུ་ཀྲའེ་གྲོང་ཚོ།   ལུའོ་ཏ་མིའོ་གྲོང་ཚོ། ཀང་ཕོ་གྲོང་ཚོ། ཏུང་ཧྥང་གྲོང་ཚོ།   ལིན་ཧྲན་ཀྲའེ་ཞིན་གྲོང་ཚོ། ཆི་ཝང་གྲོང་ཚོ། སན་ཀོན་མིའོ་གྲོང་ཚོ།   ཉིའུ་ཅི་གྲོང་ཚོ་བཅས་ཡིན། 

ཚ་ཆུ་གྲོང་རྡལ། 410102100 དེའི་ཁོངས་སུ་གྲོང་མིའི་ཨུ་ཡོན་ལྷན་ཁང22ཡོད་པ་སྟེ། དེ་དག་ནི་ཞུས་ཧྲུའེ་གྲོང་ཚོ་དང་།   སུན་ཀྲོང་གྲོང་ཚོ། ལྕགས་ཐབ་གྲོང་ཚོ། ཐེན་ཝང་སི་གྲོང་ཚོ། ཞའོ་ལི་ཀྲོང་གྲོང་ཚོ།   ཏིན་ཀྲོང་གྲོང་ཚོ། ཧྥུ་ཀྲོང་གྲོང་ཚོ། ཧྲི་ལི་ཕུའུ་གྲོང་ཚོ། མིའོ་ཝང་གྲོང་ཚོ།   པའེ་ཀྲའེ་གྲོང་ཚོ། མ་ཀྲོང་གྲོང་ཚོ། སན་ཝང་ཀྲོང་གྲོང་ཚོ། ཐུང་ཧྲུའུ་ཝང་གྲོང་ཚོ།   ཧྲི་ལིའུ་ཚུན། ཏིའོ་ཀོའུ་གྲོང་ཚོ། ཏ་ལི་ཚུན། ཁྲང་ཀྲོང་གྲོང་ཚོ། ཞི་ཀང་གྲོང་ཚོ།   ཀྲའོ་ཕོ་གྲོང་ཚོ། ཀྲུའུ་ཐང་གྲོང་ཚོ། ཨེར་ཧྲ་གྲོང་ཚོ། ཀྲའོ་ཞན་ལིའང་གྲོང་ཚོ་བཅས་ཚུད་ཡོད། 

3 ས་ཁམས་ཁོར་ཡུག
3_1 གནས་སའི་ཡུལ་ཁོངས།

ཀྲུང་ཡོན་ས་ཁུལ་དེ་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་ནུབ་རྒྱུད་དུ་གནས་པ་དང་། འཕྲེད་ཐིག་བྱང་མའི34°42′30″ནས34°51′30″བར་དང་། གཞུང་ཐིག་ཤར་མའི113°27′30″ནས113°37′30″བར་རེད། ཤར་ནི་སོན་ཧྲན་ལྷོ་ལམ་དང་ས་ཁུལ་གཉིས་བདུན་ལ་འབྲེལ་ཡོད་པ་དང་། ནུབ་ནི་ཀྲེང་ཀྲོའུ་གྲོང་སྐོར་མྱུར་བགྲོད་གཞུང་ལམ་དང་དབྱང་དབྱང་གྲོང་ཁྱེར་དང་འབྲེལ་ཡོད། ལྷོ་ནི་ཀྲེན་ཤིས་མྱུར་བགྲོད་ལྕགས་ལམ་དང་ཁུལ་གཉིས་བདུན་དབར་གྱི་ས་མཚམས་དང་འབྲེལ་ཡོད། བྱང་ནི་ཅིན་ཀོང་ལྕགས་ལམ་དང་ཅིན་ཧྲུའེ་ཆུས་དང་ཧུའེ་ཅི་ཆུས་གཉིས་དང་འབྲེལ་ཡོད།

3_2 ས་གཤིས།

ཀྲུང་ཡོན་ས་ཁུལ་དུ་ལྷོ་ནུབ་རྒྱུད་ཀྱིས་རི་མ་ཐང་ལ་བསླད་སྐྱོན་བཏང་ཡོད་པ་དང་། ས་བབ་ཧྲིལ་པོ་ནི་ནུབ་རྒྱུད་མཐོ་བ་དང་། ཤར་རྒྱུད་དམའ་བ། ལྷོ་ནུབ་མཐོ་བ། བྱང་ཤར་དམའ་བ་སྟེ། ལྷོ་ནུབ་ནས་བྱང་ཤར་དུ་ཕྱོགས་པ་ཡང་ན་ཆ་ཤས་ལྷོ་བྱང་དུ་ཕྱོགས་པ་ཡིན། ས་བབ་མཐོ་ཤོས་ལ་སྨི149.2དང་ས་བབ་དམའ་ཤོས་ལ་སྨི98ཡོད་པ་རེད།

3_3 ཆུ་དཔྱད།

བཞུར་ཡུལ་ནི་ཅ་ལུའུ་ཆུ་བོ་དང་། ཅིན་ཧྲུའེ་ཆུ་བོ། བྲག་ཤུར་ཆུ་བོ། སོ་ཤུལ་ཆུ་བཅས་ཡོད།

3_4 ནམ་ཟླ།

ཀྲུང་ཡོན་ས་ཁུལ་གྱི་གནམ་གཤིས་ནི་བྱང་དྲོད་ཁུལ་དང་ཕྱེད་ཐན་སྐམ་དུས་རླུང་རྣམ་པའི་སྐམ་སའི་རང་བཞིན་གྱི་གནམ་གཤིས་ལ་གཏོགས་པ་དང་། དེའི་ཁྱད་ཆོས་ནི། དཔྱིད་ཀྱི་དུས་སུ་ཐན་པ་དང་རླུང་མང་ཞིང་། དབྱར་གྱི་དུས་སུ་ཆར་ཆུ་མང་བ་དང་། ཆུ་ཚ་དུས་མཚུངས་ཡིན་པ། སྟོན་ཀའི་དུས་སུ་བསིལ་ཞིང་དྭངས་ལ། ཉི་འོད་ཕོག་ཚད་ཆེ་བ། དགུན་གྱི་དུས་སུ་གྲང་ལ་སྐམ་ཤས་ཆེ་བ་བཅས་ཡིན་ནོ།  ཁོངས་གཏོགས་ཁུལ་གྱི་ལོ་ཧྲིལ་པོའི་ཉི་འོད་ཕོག་ཚད་ཆུ་ཚོད2385.3ཟིན་པ་དང་། ལོ་རེའི་ཉི་འོད་ཕོག་ཚད54%ཟིན་ཡོད། ལོ་ཧྲིལ་པོར་སད་མེད་དུས་ཀྱི་ཆ་སྙོམས་ཉིན227ཡིན། 

4 དཔལ་འབྱོར་གནས་ཚུལ་མདོར་བསྡུས།
4_1 བསྡུས་བཤད།

སྤྱི་ལོ2017ལོར་ཀྲུང་ཡོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར720.12ཟིན་ནས་མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར69187ཟིན་པ་དང་ཐེངས་གསུམ་གྱི་ཐོན་ལས་གྲུབ་ཆ0.1:37.5:62.4ཟིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་སྒོར་དུང་ཕྱུར702.49བཏང་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར275.71ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར37368ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21205ཟིན་ཡོད།

4_2 ཐོན་ལས་དང་པོ།

ཀྲུང་ཡོན་ས་ཁུལ་གྱི་འབྲུ་རིགས་ལོ་ཏོག་ལ་གཙོ་བོ་གྲོ་དང་། འབྲས། མ་རྨོས་ལོ་ཏོགཞོག་ཁོག་མངར་མོ། སྲན་སེར་སོགས་ཡོད། དཔལ་འབྱོར་སྐྱེ་དངོས་ལ་གཙོ་བོ་སྲིང་བལ་དང་། བ་དམ། ཏིལ་མ། པད་ཁ། ཤིས་ཀྭ། མངར་ཀྭ། སིལ་ཀྭ་སོགས་ཡོད། སྔོ་ཚལ་ལ་གཙོ་བོ་ཚོད་དཀར་དང་། ཆིན་ཚལ། པའོ་ཚལ། ཀེའུ་ཚལ། ལ་ཕུག སྲན་མ། ཙོང་། སྒོག་པ། ཀྲོ་མ་ཀྲུ། ཆེ་ཙི། ཞོག་ཁོག པད་ཚལ། ཏུང་ཀྭ། ནན་ཀྭ ཧོང་ཀྭ། སྲན་མྱུག་སོགས་ཡོད། སིལ་སྡོང་ལ་གཙོ་བོ་ཁམ་བུ་དང་ཀུ་ཤུ། རྒུན་འབྲུམ། ཆང་བ་ལི་སོགས་ཡོད།

སྤྱི་ལོ2011ལོར་ཀྲུང་ཡོན་ས་ཁུལ་གྱི་མེ་ཏོག་སྡོང་ཕྲུག་འདེབས་ཁྱོན་སྤྱི་ཆིང680བར་མང་དུ་ཕྱིན་ཡོད། སྤྱི་གནོད་མེད་པའི་སྔོ་ཚལ་སྤྱི་ཆིང343.07ཟིན་པ་དང་སྤྱིའི་ཐོན་ཚད་ཏུན་ཁྲི5.3ཟིན་ཡོད། ཕག་གསོ་ར་བ་སྟོང་ལྷག་གི་ཡན4དང་། ལུག་གསོ་ར་བ200ཡན། ཕྱུགས་གསོ་ར་བ49དང་། སྒོ་ང་དང་བྱ་རིགས1000ཡན་གྱི་དུད་ཚང17དང་། ཁྱིམ་བྱ3000ཡན་གྱི་དུད་ཚང23དང་།   བཞོན་མ་གསོ་ཚགས་ཁུལ2དང་། བཞོན་མའི་གྲངས1465བཅས་ཡོད་པ་རེད། ལོ་རའི་ཤ་རིགས་ཐོན་ཚད་བསྡོམས་འབོར་ཏུན2702ཟིན་པ་དང་། བྱ་སྒོང་ཐོན་ཚད་ཏུན742ཟིན་པ། འོ་རིགས་ཐོན་ཚད་ཏུན5033ཟིན་པ་བཅས་སོ་སོར26%དང་། 21.6%  36.7%བཅས་འཕར་ཡོད། གྲོ་སྤྱི་ཆིང1783འདེབས་འཛུགས་བྱས་པར་སྤྱིའི་ཐོན་འབབ་སྤྱི་རྒྱ་ཁྲི859.1ཟིན་པ། སྟོན་ཁར་འབྲུ་རིགས་སྤྱི་ཆིང་ཁྲི1413.33ཟིན་པ་དང་སྤྱིའི་ཐོན་ཚད་སྤྱི་རྒྱ་ཁྲི754ཟིན་ཡོད། ཀྲུང་ཡོན་ས་ཁུལ་གྱི་སྤུས་ལེགས་ཆེད་སྤྱོད་གྲོ་འདེབས་ཁྱོན་སྤྱི་ཆིང1440ཟིན་ཡོད།

སྤྱི་ལོ2011ལོར་ཀྲུང་ཡོན་ས་ཁུལ་གྱི་ཞིང་ནང་ཆུ་བེད་ཀྱི་རྨང་གཞིའི་འཛུགས་སྐྲུན་ལེགས་གྲུབ་ཟིན་པ་དང་། ཕན་ནུས་ལྡན་པའི་ཞིང་ཆུ་འདྲེན་ཁྱོན་སྤྱི་ཆིང26.27མང་དུ་ཕྱིན་པ། ཐན་ཞོད་གང་བྱུང་ཡང་ལོ་ཏོག་བསྡུ་རྒྱུ་ཡོད་པའི་ཞིང་ཁ་སྤྱི་ཆིང་26.67མང་དུ་ཕྱིན་པ། ས་ཞིང་སྨི་ཁྲི1.32གསར་དུ་སྦས་པ་དང་། འཕྲུལ་ཁྲོན8གསར་དུ་བཟོས་པ། འཕྲུལ་ཁྲོན9གསར་དུ་སྒྱུར་བཀོད་བྱས་པ། འབབ་རྒྱུད་ཆུང་གྲས་ཕྱོགས་བསྡུས་བཅོས་སྐྱོང་སྤྱི་ལེ་གྲུ་བཞི་མ6ལེགས་སྒྲུབ་བྱས་པ། གཟར་ཞིང་སྤྱི་ཆིང35.33སྒྱུར་བཀོད་བྱས་པ་བཅས་རེད། “ལྷོ་ཆུ་བྱང་འདྲེན”གྱི་དཀྱིལ་ཐིག་ལས་གྲྭའི་མ་ཡུར་གྱི་ཀྲུང་ཡོན་ས་ཁུལ་དངོས་རྫས་ལ་བརྟག་དཔྱད་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་པ་རེད། ཀྲུང་ཡོན་ས་ཁུལ་གྱི་སྲིད་འཛིན་གྲོང་ཚོ46ལ་ཞིང་ལས་དཔྱ་ཁྲལ་རྩ་ཆག་བཏང་བ་དང་ཞིང་ལས་དམིགས་བསལ་ཐོན་རྫས་ཀྱི་དཔྱ་ཁྲལ་མེད་པ་བཟོས་པ་དང་། ལོ་རེའི་ཞིང་ལས་དཔྱ་ཁྲལ་སྒོར་ཁྲི101རྩ་ཆག་བཏང་བ་དང་ཁྱོན་འབྲུ་རིགས་འདེབས་མཁན་ཞིང་པ་དུད་ཚང18510ལ་འབྲུ་རིགས་ཁ་གསབ་སྒོར་ཁྲི45སྤྲད་པ་རེད།

4_3 ཐོན་ལས་གཉིས་པ།

ཀྲུང་ཡོན་ས་ཁུལ་ནི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ས་གནས་ཡིན་པ་དང་། ཀྲེང་ཀྲོའུ་གྲོང་ཁྱེར་གྱི་བཟོ་ལས་ཁུལ་གཙོ་བོ་ཡིན། ཁོངས་གཏོགས་ཁུལ་གྱི་བཟོ་ལས་རྨང་གཞི་བརྟན་པོ་ཡོད་པ་སྟེ། ཕུག་རོན་དཀར་པོ་ཚོགས་པ་དང་། ཀྲེང་ཆན་ཚོགས་པ། ཆི་གཡོད་ཚོགས་པ་སོགས་གཞུང་ཁོངས་ཁེ་ལས་ཆེ་འབྲིང70ལྷག་ཙམ་དང་། ཤང་གྲོང་ཁེ་ལས5000ལྷག་ཙམ། ལོ་རིའི་ཐོན་རྫས་རིན་ཐང་སྒོར་ཁྲི500ཡན་གྱི་གཞི་ཁྱོན་ལྡན་པའི་ཁེ་ལས53བཅས་ཡོད་པ་དང་། རྡར་ཆས་དང་། འཕྲུལ་ཆས་བཟོ་སྐྲུན། འཁལ་འཐག་པར་ཚོས་རྒྱག གློག་སྐུད་གློག་ཐག་སོགས་ལས་རིགས་ཀྱིས་ཞིང་ཆེན་ནང་ཁུལ་དུ་ནུས་པ་གལ་ཆེན་བཏོན་ཡོདཔ་རེད།

སྤྱི་ལོ2010ལོར་ཀྲུང་ཡོན་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར235ལེགས་གྲུབ་བྱུང་བ་དེ“ལོ་ལྔ་ཚན་བཅུ་པའི”དུས་མཇུག་དང་བསྡུར་ན(གཤམ་མཚུངས)77.4%འཕར་བ་དང་ལོ་རེའི་ཆ་སྙོམས13.1%འཕར་བ་དང་། ནོར་སྲིད་ཀྱི་སྤྱིར་བཏང་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར15.16ཟིན་པ་དེ“ལོ་ལྔ་ཚན་བཅུ་པའི”དུས་མཇུག་གི་ལྡབ3.5ཡིན་པ་དང་ལོ་རེར་ཆ་སྙོམས28.9%འཕར་བ། ཚད་ལྡན་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར71.6ལེགས་གྲུབ་བྱུང་བ་དེ102.3%འཕར་བ་དང་ལོ་རེར་ཆ་སྙོམས16.5%འཕར་བ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར115ཟིན་ནས129.1%འཕར་བ་དང་། ལོ་རེར་ཆ་སྙོམས19.2%འཕར་ཡོད། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་ལོ་ལྔའི་རིང་རིམ་རྩིས་བྱས་ན་སྒོར་དུང་ཕྱུར298.5ཟིན་པ་དེ་ལོ་རེར་ཆ་སྙོམས38.1%འཕར་ཡོད། ཐོན་ལས་གྲུབ་ཆ་ལེགས་སྒྲིག་ཐེངས་གསུམ་ནི0.5:44.2:55.3ཡིན། ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་རེའི་ནུས་ཁུངས་ཟད་གྲོན20%ཆག་པ། ཀྲེང་ཀྲོའུ་འཁེལ་འཐག་ཐོན་ལས་གླིང་གིས་རིམ་རྩིས་བྱས་ན་རྣམ་གྲངས34ལ་བཅའ་སྡོད་བྱས་པ་དང་། མ་དངུལ་སྒོར་དུང་ཕྱུར60ལྷག་ཙམ་བཏང་བ། དུས་ཐེངས་དང་པོའི་གསར་སྤེལ་ལེགས་གྲུབ་ཟིན་པ་དང་གསར་སྤེལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི5ཟིན་པ་བཅས་རེད།      སྤྱི་ལོ2011ལོར་ཀྲུང་ཡོན་ས་ཁུལ་དུ་རྣམ་གྲངས39གསར་དུ་བཏོན་པ་དང་། མ་དངུལ་སྒོར་ཁྲི18651བཏང་བ། ཐོན་རྫས་གསར་པ32གསར་སྤེལ་བྱས་པ་བཅས་རེད། བཟོ་ལས་ཁེ་ལས་ཀྱིས་ཁྱོན་རིན་ཐང་འཕར་མ་སྒོར་དུང་ཕྱུར7.5ལེགས་གྲུབ་བྱུང་བ་དེ2010ལོ་ལས16.1%འཕར་བ་དེའི་ནང་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱིས་རིན་ཐང་འཕར་མ་སྒོར་དུང་ཕྱུར4ལེགས་གྲུབ་ཟིན་པ་དང24%འཕར་ནས་ཐོན་སྐྱེད་དང་ཕྱིར་ཚོང་བྱེད་ཚད98%ཟིན་པ་དང་། ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར12.5ཟིན་ནས27%འཕར་བ་དང་། ཁེ་སྤོགས་དང་དཔྱ་ཁྲལ་སྒོར་དུང་ཕྱུར0.8ཟིན་ནས30%འཕར་བ། ཕྱིར་གཏོང་ཕྱི་དངུལ་ཨ་སྒོར་ཁྲི1750ཟིན་ནས17.1%འཕར་ཡོད། བཅད་གྲངས་མན་གྱི་བཟོ་ལས་ཁེ་ལས་དང་ཁེར་རྐྱང་བཟོ་ལས་ཀྱི་རིན་ཐང་འཕར་མ་སྒོར་དུང་ཕྱུར་3.5ལེགས་གྲུབ་བྱུང་བ་དེ་8.8%འཕར་ཡོད། ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས་བརྟན་བརླིང་ངང་སྤེལ་བ་དང་། རྒྱལ་ཁབ་ལ་དབང་བའི་ཐུན་མོང་ཁེ་ལས་ཀྱི་ལམ་ལུགས་བསྒྱུར་བཅོས14ལེགས་གྲུབ་བྱུང་ཡོད། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཤིན་ཏུ་མྱུར་བ་དང་།སྤྱི་ལོ2011ལོར་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི500ལས་བརྒལ་བའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་ཁེ་ལས60ཟིན་ཡོད། 

4_4 ཐོན་ལས་གསུམ་པ།

སྤྱི་ལོ2012ལོར་ཤིས་ཡོན་རྒྱལ་སྤྱིའི་ཐང་ཆེན་དང་། ཅིན་དབྱི་གྲོང་ཚོང་ཉོ་ལྟེ་གནས་སོགས་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་གཅིག་རྗེས་གཉིས་མཐུད་ངང་བསྐྲུན་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཀྲོའུ་ཅི་ཧྭ་དབྱི་ཨར་ཁང་དང་། ཤང་ཀང་འཛམ་གླིང་གསར་པའི་ཨར་ཁང་། ཧེང་ཏ་ཀྲུང་ཡོན་དཔལ་འབྱོར་ཚོང་དོན་ལྟེ་གནས་སོགས་ཞབས་ཞུའི་ལས་རིགས་ཀྱི་རྣམ་གྲངས་གལ་ཆེན་ཁག་གཅིག་རང་ལྗོངས་སུ་གཞིས་ཆགས་པ་དང་། དེང་རབས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་གནས་མང་ཅན་དང་། རྩེར་སོན་ཅན། གཞི་ཁྱོན་ཅན་བཅས་སུ་གྱུར་ཡོད། ལྟེ་བའི་གྲོང་ཁུལ་གྱི་ཚོང་ར2ཕྱི་རུ་གནས་སྤོར་བྱས་ཡོད།

5 སྤྱི་ཚོགས་ལས་དོན།
5_1 གཙང་སྦྲ།

སྤྱི་ལོ2010ལོར་ཀྲུང་ཡོན་ས་ཁུལ་གྱི་སྤྱིའི་འཕྲོད་བསྟེན་ཞབས་ཞུ་ལྟེ་གནས་ཀྱི་གནས་ཡུལ་འདེམས་རྒྱུར་གཏན་འཁེལ་རགས་ཙམ་བྱས་པ་དང་། དམངས་ཞུགས་མཉམ་ལས་བྱེད་ཚད99.46%ཟིན་ཡོད། རྐང་ལག་ཁ་ནད་དངH1N1ཆམ་རིམས་ཀ་པ་སོགས་འགོས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་ལས་ཀ་ལེགས་སྒྲུབ་ནན་ཏན་བྱ་དགོས། ལོ་ཧྲིལ་པོར་ཕྲུ་གུ་སྐྱེ་ཚད7.98%ཟིན་ཡོད།

5_2 སློབ་གསོ།

སྤྱི་ལོ2009ལོར་ཀྲུང་ཡོན་ས་ཁུལ་དུ་སློབ་གྲྭ་ཆུང་འབྲིང33ཡོད་པ་དང་དེའི་ནང་ཀྲེང་ཀྲོའུ་ཕྱི་རྒྱལ་སྐད་ཡིག་སློབ་འབྲིང་དང་། ཀྲེང་ཀྲོའུ་སློབ་འབྲིང་དང་པོ་གཉིས་ཞིང་ཆེན་ཡོངས་ལ་སྐད་གྲགས་ཆོད་པ་དང་།  ཀྲུང་གོའི“གཞི་རྩའི་ཆ་གཉིས”ཀྱི་ལས་དོན་སྔོན་ཐོན་ཁུལ་ཡིན།  སློབ་ལོ་ལོན་པའི་བྱིས་པ་སློབ་གྲྭར་ཞུགས་ཚད་དང་སྲ་བརྟན་གཏོང་ཚད་ཚང་མ100%ཟིན་པ་དང་སློབ་ཆུང་སློབ་མར་སློབ་བྱོལ་མེད་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་ལོ་རན་པའི་ན་གཞོན་སློབ་གྲྭར་ཞུགས་ཚད99.21%ཡན་ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་སློབ་མ་སྲ་བརྟན་གཏོང་ཚད་དང་མཐར་ཕྱིན་ཚད་ཆ་སྙོམས99%ཡན་ཟིན་ཡོད། གྲོང་གསེབ་ཀྱི་དམའ་རིམ་སློབ་འབྲིང་སློབ་མའི་སློབ་བྱོལ་གྱི་ཚད1.5%ཡས་མས་སུ་ཚོད་འཛིན་བྱས་ནས་སློབ་ལོ་ལོན་པའི་དབང་པོ་སྐྱོན་ཅན་གྱི་བྱིས་པ་དང་ན་ཆུང(སློབ་སྦྱོང་བྱེད་ནུས་ཤོར་མཁན་ཕུད)སློབ་གྲྭར་ཞུགས་ཚད89.3%ཡན་ཟིན་ཡོད། སྤྱི་ལོ2011ལོར་ལུའེ་ཏུའུ་ཁྲེང་སློབ་ཆུང་དང་ཏི་ཧུའུ་སློབ་ཆུང་བསྐྲུན་རྗེས་སྤྱོད་འགོ་ཚུགས་པ་དང་། ཀྲུང་ཡོན་ཤིན་ཁྲེང་སློབ་འབྲིང་གི་ཐོག་ཁང་གཙོ་བོ་བསྐྲུན་འགོ་ཚུགས་པ་རེད། རེ་ཧྲུའེ་གྲོང་རྡལ་གྱི་བཅའ་སྡོད་སློབ་འབྲིང་གི་ཉལ་ཁང་དང་ཐོག་ཁང། ཟ་ཁང་སོགས་ལས་མཇུག་འགྲིལ་བ་དང་། སློབ་གྲྭའི་ཉལ་ཁང་གི་བདེ་འཇགས་ལས་གྲྭ་ལག་བསྟར་བྱས་ནས་སློབ་ཁྲིད་ཐོག་ཁང་གི་ཉེན་ཡོད་ཁང་པ་སྨི་གྲུ་བཞི་མ6900བསྒྱུར་བཀོད་བྱས་ཡོད། སློབ་གསོ་མཉམ་སྒྲུབ་ཁུལ་དུ་སློབ་གཉེར་ཧུར་ཐག་བྱས་ཏེ“སློབ་གསོའི་མནའ་འབྲེལ”དང“སློབ་གྲྭ་སྟོབས་ཆེན་གྱི་མངགས་བཅོལ་དོ་དམ”སོགས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ཏེ་ཀྲེང་ཀྲོའུ་དགེ་འོས་སློབ་གླིང་དང་མཉམ་འབྲེལ་ཐོག་ཀྲེང་ཀྲོའུ་དགེ་འོས་སློབ་གླིང་གི་ཞོར་གཏོགས་སློབ་འབྲིང་གཉིས་པ་བཙུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་དགེ་རྒན་བརྗེ་རེས་བྱེད་ཤུགས་ཇེ་ཆེར་བཏང་སྟེ། གྲོང་ཁྱེར་དང་གྲོང་གསེབ་བར་དང་། སློབ་གྲྭའི་བར་གྱི་སློབ་གསོའི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན89གསར་དུ་གདན་ཞུ་བྱས་པ་རེད། དགེ་རྒན5“ཀྲེང་ཀྲོའུ་གྲོང་ཁྱེར་གྱི་དགེ་རྒན་གྲགས་ཅན”དུ་བདམས་པ་དང་། དགེ་རྒན2ལ“ཀྲེང་ཀྲོའུ་གྲོང་ཁྱེར་གྱི་སྐབས་དང་པོའི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་ཐོབ་པ་རེད། སློབ་གྲྭའི་བདེ་འཇགས་དོགས་ཟོན་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཆེད་བསྐོས་བདེ་སྲུང་བ120བཀོད་སྒྲིག་བྱས་པ་རེད།

5_3 རིག་གནས།

སྤྱི་ལོ2013ལོའི་ཟླ10པར་ཀྲུང་ཡོན་ས་ཁུལ་གྱི་དཔེ་མཛོད་ཁང་ལ་རྒྱལ་ཁབ་རིག་གནས་པུའུ་ཡིས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་དཔེ་མཛོད་ཁང་ཞིབ་དཔྱད་གཏན་འཁེལ་བྱས་པ་དང་། ལོ་དེར་དཔེ་མཛོད་ཁང་གི་སྤྱིའི་དྲ་རྒྱའི་ཞབས་ཞུའི་ལས་སྟེགས་བསྐྲུན་པ་དང་། ཀྲུང་ཡོན་ཕྱོགས་ཀྱི་ལོ་རྒྱུས་ཁང་བཙུགས་ནས་ཀྲུང་ཡོན་ས་ཁུལ་གྱི་ས་གནས་ཀྱི་ཚད་ལྡན་ཡིག་ཆ་ཁྲི2ལྷག་ཙམ་ཉར་ཚགས་བྱས་པ། ཀྲུང་ཡོན་ས་ཁུལ་དཔེ་མཛོད་ཁང་གི་ལས་ཁུངས་ཡན་ལག་ཁང་དང་། ཀྲེང་ཀྲོའུ་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ལས་བྱེད་ངལ་གསོ་ཡན་ལག་ཁང་། དབན་ཏ་སྡེ་ཁུལ་ཡན་ལག་ཁང་། ཀྲེང་ཀྲོའུ་བྱིས་པའི་ཕན་བདེ་ཁང་གི་དཔེ་དེབ་འཁོར་རྒྱུག་ས་ཚིགས། ཁྲང་ཀྲོང་དཔེ་དེབ་འཁོར་རྒྱུག་ས་ཚིགས། ཀྲེང་ཀྲོའུ་སྤྱི་ཚོགས་ཕན་བདེ་ཁང་གི་འཁོར་རྒྱུག་ས་ཚིགས་སོགས་དཔེ་དེབ་འཁོར་རྒྱུག་ས་ཚིགས6བཙུགས་ཡོད། ཀྲུང་ཡོན་རོལ་དབྱངས་ལ་དགའ་བའི་རོལ་དབྱངས་ཚོགས་པ་བཙུགས་ནས“ཟླ་མཆོད་དུས་ཆེན་གྱི་རོལ་དབྱངས་འདུ་ཚོགས”དང་། “སློབ་གྲྭར་བསྐྱོད་པ”“སྡེ་ཁུལ་དུ་བསྐྱོད་པ”“དྭ་ཕྲུག་དང་དབང་པོ་སྐྱོན་ཅན་བྱིས་པར་གཅེས་སྐྱོང་བྱེད་པ”སོགས་ཀྱི་ཆེད་དོན་རོལ་དབྱངས་འདུ་ཚོགས་གཉེར་བར་ལས་རིགས་ཁག་གི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད། ཀྲུང་ཡོན་ས་ཁུལ་གྱི་པར་རྒྱག་མཁས་ཅན་མཐུན་ཚོགས་བཙུགས་ནས“གཡུལ་ས་ཆེན་པོ་གསུམ”དང“དྲན་ཤེས་བསྐྱར་གསོའི”པར་རིས་འགྲེམས་སྟོན་བྱས་པ་རེད།

5_4 འགྲིམ་འགྲུལ་གྱི་གནས་ཚུལ་མདོར་བསྡུས།

ཀྲེན་ཧྲའོ་མྱུར་བགྲོད་ལྕགས་ལམ་དང་། གྲོང་ཁྱེར་སྐོར་བའི་རིམ་མཐོའི་གཞུང་ལམ་སོགས་ཀྲུང་ཡོན་ས་ཁུལ་ནས་བརྒྱུད་ཅིང་། འཛུགས་སྐྲུན་ལམ་དང་། ཀྲུང་ཡོན་ནུབ་ལམ། ཧྲན་ཧྲན་ལམ། ཐུང་པའེ་ལམ་སོགས་གྲོང་ཁུལ་གྱི་ཕྱོགས་བཞི་མཚམས་བརྒྱད་དུ་ཤར་གཏོང་ཐུབ་པའི་འགྲིམ་འགྲུལ་དྲ་བ་བསྐྲུན་ཡོད།

སྤྱི་ལོ2009ལོའི་བར་ཀྲུང་ཡོན་ས་ཁུལ་དུ་རྒྱལ་ལམG045དངG310ལམ་ཐིག2ལ་ཁྱོན་སྤྱི་ལེ21.3དང་། ཞིང་ཆེན་ལམS314ལམ་ཐིག1ལ་ཁྱོན་སྤྱི་ལེ10.6ཡོད་པ་དང་། རྫོང་ལམX007དང་། X009  X024ལམ་ཐིག3ལ་ཁྱོན་སྤྱི་ལེ12.173ཡོད་པ། ཤང་ལམY001དང་། Y002—Y037    Y046སོགས་དོན་ཚན42ལ་ཁྱོན་སྤྱི་ལེ156.278ཡོད་པ། གྲོང་ལམ23ལ་ཁྱོན་སྤྱི་ལེ33.942ཡོད་པ་བཅས་རེད། གཞུང་ལམ་ཤང་དུ་ཤར་གཏོང་ཐུབ་ཚད100%ཟིན་པ་དང་སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད100%ཟིན་ཡོད་པ་རེད། ཁྱོན་ཟམ་པ18(རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ཐོག་གི་ཟམ་པ་ཚུད་པ)ཡོད་པ་དང་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ234.293(རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ལམ་ཚད་ཚུད་པ)ཡོད་པའི་ནང་རིམ་པ་གཉིས་པ་ཡན་གྱི(རིམ་པ་གཉིས་པ་ཚུད་པ)གཞུང་ལམ་གྱི་ལམ་ཚད་སྤྱི་ལེ55.377ཟིན་པ་དང་གཞུང་ལམ་གྱི་སྟུག་ཚད་སྤྱི་ལེ་གྲུ་བཞི་བརྒྱ་རེར་སྤྱི་ལེ121ཟིན་ཡོད། 

6 ཡུལ་སྐོར།

ཀྲུང་ཡོན་ས་ཁུལ་གྱི་མཛེས་ལྗོངས་ཁུལ་དུ་ནུབ་ཆུའི་སྤྱི་གླིང་ཞིག་ཡོད། ཤིས་ལིའུ་མཚེའུ་གྲོང་ཁྱེར་སྣོད་བཅུད་སྤྱི་གླིང་བྱང་དུ་རྫས་འགྱུར་བཟོ་ལས་ལམ་ནས་ལྷོ་ནས་ཀྲུང་ཡོན་ནུབ་ལམ་བར་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ3.2ཟིན་གྱིན་ཡོད། སྤྱི་གླིང་དེ་གྲོང་ཁྱེར་གྱི་མཚམས་ངོས་མཛེས་ལྗོངས་ཁུལ་དང་། སྣོད་བཅུད་ནགས་སྟུག་མཛེས་ལྗོངས་ཁུལ། ནགས་སྲབ་རྩྭ་ཐང་མཛེས་ལྗོངས་ཁུལ། མཚོ་འགྲམ་གྱི་ཁྱད་ལྡན་མཛེས་ལྗོངས་ཁུལ། འདམ་རའི་སྣོད་བཅུད་མཛེས་ལྗོངས་ཁུལ་བཅས་སུ་དབྱེ་ཡོད།

6_1 མའོ་ལུའུ་སྐྱེ་ཁམས་གླིང་།

མའོ་ལུའུ་སྐྱེ་ཁམས་གླིང་ནི་ཀྲུང་ཡོན་ས་ཁུལ་ཤིས་ཕུང་དབན་གྲོང་ཚོའི་ཅ་ལུའུ་གཙང་པོའི་ངོགས་སུ་གནས་པ་དང་སྣོད་བཅུད་གླིང་དེ་རི་ཆུ་དང་བསྟུན་ནས་བསྐྲུན་པ་དང་ས་ཁྱོན་མུའུ200ལྷག་ཙམ་བཟུང་བ་དང་ཁྱོན་མ་དངུལ་མི་དམངས་ཤོག་སྒོར་ཁྲི500ལྷག་ཙམ་བཏང་སྟེ་སྤྲོ་གསེང་དང་། བཟའ་བཏུང་། ཉ་འཛིན་བཅས་གཞི་གཅིག་ཏུ་འདུས་པའི་སྣོད་བཅུད་གླིང་ཁུལ་ཞིག་ཏུ་བསྐྲུན་ཡོད། སྣོད་བཅུད་གླིང་གིས་ཞིང་དུད་ཀྱི་མྱོང་ཚོར་གཙོ་བོར་བྱས་ནས་སྤྲོ་གསེང་གི་ཞིང་དུད་འཚོ་བ་མཚོན་པར་བྱས་ཡོད།

6_2 གནམ་འོག་གི་ཉ་ཚང་།

གནམ་འོག་གི་ཉ་ཚང་ནི་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཁྲང་ཀྲོང་ཆུ་མཛོད་ཀྱི་ཤར་ངོགས་སུ་གནས་པ་དང་། རྒྱ་ཁྱོན་ལ་མུའུ70ཡོད་པ་དང་། གཞན་ཟ་ཁང་དང་རྩྭ་སྤྱིལ་བསྐྲུན་ཡོད་ལ། ཉ་རྫིང་མུའུ30དང་།ཆུ་རགས་སྨི་བརྒྱ་ཕྲག་ལྷག་ཡོད་པ་བཅས་རེད།

6_3 ཁྲང་ཀྲོང་ཁམ་བུའི་ལྡུམ་ར།

ལོ་རེའི་ཟླ་བ་དྲུག་པ་དང་བདུན་པར་ཀྲེང་ཀྲོའུ་གྲོང་ཁྱེར་གྱི་ཁམ་བུ་གསུམ་ཆའི་གཉིས་ནི་ཁྲང་ཀྲོང་གི་ཁམ་བུའི་ལྡུམ་རའི་ནང་བཏོག་པ་དང་། རིགས་གཙོ་བོ་ནི་ཞ་ཧུའེ། སུང་སེན། ཅིའུ་པའོ། པེ་ཅིང་ཉེར་དྲུག་སོགས་ཡིན་པ་དང་། དེ་གའི་ཁམ་བུ་ཚང་མ་དཀར་ཞིང་དམར་མདངས་རྒྱས་པ་དང་། བྲོ་བ་ཞིམ་པོ་ཡོད་པ། ཤིང་སྡོང་ཚང་མར་རྒྱ་མ་བརྒྱ་ཕྲག་ཁ་ཤས་ཡོད།

6_4 ཧྥེང་ཝན་ལི་ཡོན་གྲོང་ཚོའི་སྐྱེ་ཁམས་གླིང་།

ཧྥེང་དབན་ལི་ཡོན་གྲོང་ཚོའི་སྣོད་བཅུད་གླིང་དེ་ཀྲུང་ཡོན་ས་ཁུལ་གྱི་ཤིས་ཕུང་དབན་གྲོང་ཚོའི་ཅ་ལུའུ་གཙང་པོའི་ངོགས་སུ་གནས་པ་དང་། ལྷོ་རུ་ཅན་ཀང་ཆུ་མཛོད་དང་སྦྲེལ་མཐུད་བྱེད་པ་དང་། ནུབ་དུ་ལན་ཁྲང་ཀྲོང་ཆུ་མཛོད་དང་ཅ་ལུའུ་ཆུ་བོ་ཤར་གཏོང་བྱེད་ཉེར་ཡོད་པའི་ལྷོ་ཆུ་བྱང་འདྲེན་གྱི་མིས་བཟོས་གཙང་པོ་ཆེན་པོ་ཧྥེང་དབན་གྲོང་ཚོའི་བྱང་ཤར་དུ་གསེག་ནས་བཞུར་གྱིན་ཡོད།

6_5 ཁྲང་ཀྲོང་ཆུ་མཛོད།

ཁྲང་ཀྲོང་ཆུ་མཛོད་དེ་ཅ་ལུའུ་གཙང་པོའི་ཀྲི་ཧོ་ཅ་ཡུས་གཙང་པོའི་སྨད་རྒྱུད་དུ་གནས་པ་དང་། ཆུ་རགས་གནས་ཡུལ་དེ་ཀྲེང་ཀྲོའུ་གྲོང་ཁྱེར་ལྷོ་ནུབ་ཀྲུང་ཡོན་ས་ཁུལ་གྱི་ཞང་ཧྲུའེ་གྲོང་རྡལ་ཝང་ཡན་གྲོང་ཚོའི་ཤར་ངོས་སུ་ཡོད་ལ། ཆུ་མཛོད་ཀྱི་བཞུར་རྒྱུད་ཚོད་འཛིན་བྱེད་པའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ82ཟིན་པ་དང་། ཆུ་མཛོད་ཀྱི་ཤོང་ཚད་ལ་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་མ་བཞི་ཁྲི1740ཟིན་པ། ཤིང་ལི་ཆུ་མཛོད་ཀྱི་ཤོང་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི714ཟིན་པ་བཅས་རེད། ཁྲང་ཀྲོང་ཆུ་མཛོད་ཁུལ་དུ་ཚ་ཆུ་གྲོང་རྡལ་དང་། མ་ལེ་གྲོང་རྡལ། ཏ་ཀང་ལིའུ་ཤང་བཅས་ཤང་གྲོང་གསུམ་དང་དེ་བཞིན་ཏེའོ་ཀོའུ་དང་། དབན་ལིའུ་དང་། ཏའོ་ལི། ཁྲང་ཀྲོང་བཅས་སྲིད་འཛིན་གྲོང་ཚོ4བཅས་ཡོད་པ་རེད།

7 གྲོང་ཁྱེར་གྱི་སྙན་གྲགས།

སྤྱི་ལོ2018ལོའི་ཟླ10པར“སྤྱི་ལོ2018ལོའི་རྒྱལ་ཡོངས་མ་འཇོག་གི་མི་མངོན་པའི་སྟོབས་ཤུགས་ཁུལ་བརྒྱ”དང་། སྤྱི་ལོ2018ལོའི་རྒྱལ་ཡོངས་ཚན་རྩལ་གསར་གཏོད་སྟོབས་ཆེའི་ཁུལ་བརྒྱ། སྤྱི་ལོ2018ལོའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེའི་ཁུལ་བཅས་སུ་བདམས་པ་རེད།

སྤྱི་ལོ2019ལོའི་ཟླ10པར་སྤྱི་ལོ2019ལོའི་རྒྱལ་ཡོངས་ཀྱི་ཚན་རྩལ་གསར་གཏོད་སྟོབས་ཆེན་ཁུལ་བརྒྱ་དང་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་སྤུས་ཚད་སྟོབས་ཆེན་བརྒྱའི་ཁུལ་དུ་བདམས་པ་རེད།


དཔྱད་གཞིའི་ཡིག་ཆ།