ཞཱ་ཏུ་རེན།སྔ་མའི་པར་གཞི་དེ བླ་མ་གཡང་སངས།  ནས 2020-01-08 10:25ལ་འགྲུབ།

ཞཱ་ཏུ་རེན།

ཞཱ་ཏུ་རེན།
ཞཱ་ཏུ་རེན་ནི་ཧྲན་ཏུང་རུང་ཁྲེང་གི་མི་ཡིན། མི་རིགས་རྒྱ་རིགས་ཡིན། སྤྱི་ལོ1955ལོའི་ཟླ6པར་སྐྱེས། སྤྱི་ལོ1974ལོའི་ཟླ7པར་བྱ་བར་ཞུགས། བྱང་ཤར་ནོར་དཔལ་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་གི་དངུལ་ལོར་དངུལ་ཁང་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
夏德仁
རྒྱལ་ཁབ།
ཀྲུང་གོ།
སྐྱེས་ཡུལ།
ཧྲན་ཏུང་རུང་ཁྲེང་།
སྐྱེས་ལོ།
སྤྱི་ལོ1955ལོའི་ཟླ6པར་སྐྱེས།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང་།
1 ​ངོ་སྤྲོད།

ཞཱ་ཏུ་རེན་ནི་ཧྲན་ཏུང་རུང་ཁྲེང་གི་མི་ཡིན། སྐྱེས་པ། རྒྱ་རིགས། སྤྱི་ལོ1955ལོའི་ཟླ6པར་སྐྱེས། སྤྱི་ལོ1974ལོའི་ཟླ7པར་ལས་ཀར་ཞུགས། བྱང་ཤར་ནོར་དཔལ་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་གི་དངུལ་ལོར་དངུལ་ཁང་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། དཔལ་འབྱོར་རིག་པའི་འབུམ་རམས་པའི་བསླབ་གནས་ལྡན། དགེ་རྒན་ཆེན་མོ་ཡིན།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1974ལོའི་ཟླ7པ་ནས་སྤྱི་ལོ1978ལོའི་ཟླ3པའི་བར། ལིའོ་ཉིང་ཞིང་ཆེན་ཧྥུ་རྫོང་གི་ཀྲེན་ཅའོ་ཀུང་ཧྲེའི་ན་གཞོན་ཤེས་ཡོན་ཅན་དུ་བདམས།

སྤྱི་ལོ1978ལོའི་ཟླ3པ་ནས་སྤྱི་ལོ1982ལོའི་ཟླ1པོའི་བར། ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང་ནོར་སྲིད་དངུལ་རྩའི་ཚན་ཁག་གི་དངུལ་རྩའི་ཆེད་ལས་སློབ་གཉེར་གནང་།

སྤྱི་ལོ1982ལོའི་ཟླ1པོ་ནས་སྤྱི་ལོ1984ལོའི་ཟླ7པའི་བར། ལིའོ་ཉིང་ནོར་སྲིད་དཔལ་འབྱོར་སློབ་གླིང་ནོར་སྲིད་དངུལ་རྩའི་ཚན་ཁག་གི་ལས་རོགས་དགེ་རྒན་བྱས།

སྤྱི་ལོ1984ལོའི་ཟླ7པ་ནས་སྤྱི་ལོ1987ལོའི་ཟླ7པའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་དངུལ་རྩའི་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1990ལོའི་ཟླ7པའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་དངུལ་ལོར་དངུལ་ཁང་རིག་པའི་ཆེད་ལས་འབུམ་རམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1990ལོའི་ཟླ7པ་ནས་སྤྱི་ལོ1992ལོའི་ཟླ5པའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་ནོར་སྲིད་དངུལ་རྩའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་དང་དགེ་རྒན་ཆེན་མོ་གཞོན་པའི་འགན་བཞེས།

སྤྱི་ལོ1992ལོའི་ཟླ5པ་ནས་སྤྱི་ལོ1994ལོའི་ཟླ5པའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་འགོ་འཛིན་ལས་རོགས་དང་དགེ་རྒན་ཆེན་མོའི་འགན་བཞེས།

སྤྱི་ལོ1994ལོའི་ཟླ5པ་ནས་སྤྱི་ལོ1996ལོའི་ཟླ7པའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་སློབ་གཙོ་གཞོན་པའི་འགན་བཞེས། 

སྤྱི་ལོ1996ལོའི་ཟླ7པ་ནས་སྤྱི་ལོ1998ལོའི་ཟླ1པོའི་བར། བྱང་ཤར་ནོར་སྲིད་དཔལ་འབྱོར་སློབ་ཆེན་གྱི་སློབ་གཙོའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ1པོ་ནས་སྤྱི་ལོ2000ལོའི་ཟླ11པའི་བར། ལིའོ་ཉིན་ཞིང་ཆེན་ཏ་ལེན་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2000ལོའི་ཟླ11པ་ནས་སྤྱི་ལོ2001ལོའི་ཟླ5པའི་བར། ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཨུད་ཀྱི་རྒྱུན་ཨུ་དང་ཧྲི་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ5པ་ནས་སྤྱི་ལོ2001ལོའི་ཟླ10པའི་བར། ལིའོ་ཉིང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2001ལོའི་ཟླ10པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་ཧྲེང་ཀྲང་གཞོན་པ་བཅས་ཀྱི་ལས་འགན་བཞེས།

སྤྱི་ལོ2003ལོའི་ཟླ1པ་ནས་སྤྱི་ལོ2006ལོའི་ཟླ10པའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཏ་ལེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་བཅས་ཀྱི་ལས་འགན་བཞེས།

སྤྱི་ལོ2006ལོའི་ཟླ10པ་ནས་སྤྱི་ལོ2009ལོའི་ཟླ5པའི་བར། ལིའོ་ཉིང་ཞིང་ཆེན་ཏ་ལེན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2009ལོའི་ཟླ5པ་ནས་སྤྱི་ལོ2011ལོའི་ཟླ6པའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་རྒྱུན་ཨུ་དང་ཏ་ལེན་གྲོང་ཨུད་ཀྱི་ཧྲུའུ་ཅི་སོགས་ཀྱི་འགན་བཞེས།

སྤྱི་ལོ2011ལོའི་ཟླ6པ་ནས་སྤྱི་ལོ2013ལོའི་ཟླ1པོའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ1པོ་ནས་སྤྱི་ལོ2013ལོའི་ཟླ2པའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ2པ་ནས་སྤྱི་ལོ2013ལོའི་ཟླ4པའི་བར། ལིའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་ལས་འགན་བཞེས།

སྤྱི་ལོ2013ལོའི་ཟླ4པ་ནས་ད་ལྟའི་བར། ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཨུ་ཡོན་དུ་བདམས།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ1པོའི་ཚེས29ཉིན་སྲིད་གྲོས་ལེའོ་ཉིང་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་ཐོག་ཞཱ་ཏུ་རེན་ལེའོ་ཉིང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞིར་བདམས་ཐོབ་བྱུང་།

4 ཞོར་འཛིན་ལས་འགན།

ཀྲུང་གོ་དངུལ་རྩའི་སློབ་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསླབ་གནས་ཨུ་ཡོན་ལྷན་ཁང་གི་རིག་ཚན་དཔྱད་མོལ་པ། རྒྱལ་ཡོངས་ཀྱི་དངུལ་རྩའི་ཆེད་ལས་སློབ་དེབ་ལས་དོན་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། བྱང་ཤར་ནོར་དཔལ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོགས་གཅིག་ལྕོགས་སུ་འགན་བཞེས་གནང་བཞིན་ཡོད། གཞན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དམིགས་བསལ་ཕོགས་སྣོན་ལོངས་སུ་སྤྱོད་བཞིན་མཆིས་སོ༎


དཔྱད་གཞིའི་ཡིག་ཆ།