འོད་ལེན་ཕྲ་ཕུང་།སྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-07 14:30ལ་འགྲུབ།

འོད་ལེན་ཕྲ་ཕུང་།

འོད་ལེན་ཕྲ་ཕུང་།
མིག་གི་མཐོང་བྱེད་དྲ་སྐྱིལ་ནང་དུ་འོད་ཚོར་ཐུབ་པའི་མཐོང་ཚོར་ཕྲ་ཕུང་ལ་འོད་ལེན་ཕྲ་ཕུང་ཟེར། དེ་རིགས་གཉིས་སུ་དབྱེ་ཆོག་སྟེ། རིགས་ཅིག་ནི་སྦུང་གཟུགས་ཕྲ་ཕུང་དང་ཅིག་ཤོས་ནི་མཐོང་བྱེད་ནར་དབྱིབས་ཕྲ་ཕུང་ཡིན།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
感光细胞
དཀར་ཆག
1 དབྱེ་བ།

མིག་གི་མཐོང་བྱེད་དྲ་སྐྱིལ་ནང་དུ་འོད་ཚོར་ཐུབ་པའི་མཐོང་ཚོར་ཕྲ་ཕུང་ལ་འོད་ལེན་ཕྲ་ཕུང་ཟེར། དེ་རིགས་གཉིས་སུ་དབྱེ་ཆོག་སྟེ། རིགས་གཅིག་ནི་སྦུང་གཟུགས་ཕྲ་ཕུང་དང་ཅིག་ཤོས་ནི་མཐོང་བྱེད་ནར་དབྱིབས་ཕྲ་ཕུང་ཡིན། མཐོང་བྱེད་ཕྲ་ཕུང་རིགས་གཉིས་སོ་སོ་ལས་བགོས་ཡོད། དཀར་ཆ་ཡོད་སར་མཐོང་བྱེད་སྦུང་གཟུགས་ཕྲ་ཕུང་གིས་བྱེད་ནུས་གཙོ་བོར་འདོན་པ་དང་། ཉིན་མོར་འགུལ་སྐྱོད་གཙོ་བོ་བྱེད་པའི་སྲོག་ཆགས(བྱ་དེ་ལྟ་བུ)ཀྱི་མཐོང་བྱེད་དྲ་སྐྱིལ་ནང་གི་འོད་ལེན་ཕྲ་ཕུང་ཕལ་ཆེར་སྦུང་གཟུགས་ཕྲ་ཕུང་ཡིན། མཚན་མོར་མཐོང་བྱེད་ནར་དབྱིབས་ཀྱིས་བྱེད་ནུས་གཙོ་བོར་འདོན་པ་དང་།  མཚན་མོར་འགུལ་སྐྱོད་བྱེད་པའི་སྲོག་ཆགས(འུག་པ་ལྟ་བུ)ཀྱི་མཐོང་བྱེད་དྲ་སྐྱིལ་ནང་གི་འོད་ལེན་ཕྲ་ཕུང་གཙོ་བོ་ནི་ནར་དབྱིབས་ཕྲ་ཕུང་ཡིན་ནོ།

མུག་ནག་ནས་དཀར་ཆ་ཁྲོད་དང་ཡང་ན་དཀར་ཆ་ནས་མུན་ནག་ཁྲོད་གང་རུང་དུ་འགྱུར་རུང་མཐོང་ཚོར་ཕྲ་ཕུང་རིགས་གཉིས་ཕན་ཚུན་ལས་གནས་བརྗེ་རེས་སོགས་བྱེད་དགོས་པས། མིག་ལ་ཁོར་ཡུག་དེ་འཕྲོད་པའི་དུས་ཚོད་ངེས་ཅན་ཞིག་དགོས་ལ། གལ་སྲིད་དཀར་མུན་གློ་བུར་དུ་བརྗེ་ན་མིག་གིས་ཁོར་ཡུག་འཕྲོད་པའི་དུས་ཚོད་ཀྱི་རྗེས་མ་ཟིན་པས། དེར་བརྟེན་མི་ལ་ཚོར་སྣང་མི་བདེ་ཞིང་། ཐ་ན་མིག་ལ་གནོད་འཚེ་ཆེན་པོ་ཕོག་སྲིད། དཔེར་ན་རྡོ་སོལ་བཟོ་པ་ས་འོག་རྡོ་སོལ་དུང་ལས་ཕྱིར་ཐོན་སྐབས་ཐོག་མར་མིག་འགེབས་པ་དང་། ས་ཡོམས་དཔུང་རོགས་ཀྱིས་རྨས་མ་ཡར་འདོན་སྐབས་མིག་འགེབས་དགོས་པའི་རྒྱུ་མཚན་ཡང་དེ་ཡིན་ནོ།།

བརྡ་འགྲེལ་གདོང་འཛར།

འོད། འཚོ་བ། མུན་ནག