དགུན་གྱི་ལ་ཕུགསྔ་མའི་པར་གཞི་དེ མིང་གསང་UBGv93881  ནས 2020-01-07 16:57ལ་འགྲུབ།

དགུན་གྱི་ལ་ཕུག

དགུན་གྱི་ལ་ཕུག
དམངས་ཁྲོད་དུ་ལ་ཕུག་དེ་དཀར་བོ་ཆིག་ཐུབ་ལས་ལྷག་པའི་ངོས་འཛིན་གྱིན་ཡོད་ལ། ངག་རྒྱུན་དུའང་དགུན་གྱི་ལ་ཕུག་དང་དབྱར་གྱི་ལྒ་སྐྱ་ཟེར་གྱིན་ཡོད། དེང་རབས་གསོ་རིག་གི་ཞིབ་འཇུག་ལས་གསལ་བ་ལྟར་ན། ལ་ཕུག་ནང་དུ་རིམས་འགོག་ནུས་ཤུགས་མཐོར་འདེགས་གཏོང་བའི་ཚད་ཉུང་མ་རྒྱུ་སྣ་མང་འདུས་པ་རེད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
冬天的白萝卜胜过人参
1 ངོ་སྤྲོད། 

དམངས་ཁྲོད་དུ་ལ་ཕུག་དེ་དཀར་བོ་ཆིག་ཐུབ་ལས་ལྷག་པའི་ངོས་འཛིན་གྱིན་ཡོད་ལ། ངག་རྒྱུན་དུའང་དགུན་གྱི་ལ་ཕུག་དང་དབྱར་གྱི་ལྒ་སྐྱ་ཟེར་གྱིན་ཡོད། དེང་རབས་གསོ་རིག་གི་ཞིབ་འཇུག་ལས་གསལ་བ་ལྟར་ན། ལ་ཕུག་ནང་དུ་རིམས་འགོག་ནུས་ཤུགས་མཐོར་འདེགས་གཏོང་བའི་ཚད་ཉུང་མ་རྒྱུ་སྣ་མང་འདུས་པ་རེད།

2 བྱེད་ནུས།
2_1 ཟས་འཇུ་བ། 

དགུན་དུས་ནི་གནམ་གཤིས་གྲང་ཤིང་སྐམ་ཤས་ཆེ་བའི་མི་རྣམས་ཀྱིས་འཚོ་རྒྱུ་ཁ་གསབ་བྱེད་པའམ་ཡང་ན་མེ་ཁོག་ཟོས་པ་བརྒྱུད་དེ་གྲང་ངར་འགོག་པ་རེད། ནུས་ཚད་མཐོ་བའི་ཤ་རིགས་དང་མཚོ་ཐོན་སྲིན་འབུ་རིགས་ཟ་མང་ཚེ་ཕོ་རྒྱུ་ལ་ཚ་ལངས་པ་དང་ཕོ་རྒྱུ་ཅན་གྱི་ཆམ་རིམས་ཕོག་སླ་བས། སྐབས་འདིར་ལ་ཕུག་ཉུང་ཙམ་ཟོས་ན་ཟས་འཇུ་སླ་བ་མ་ཟད་ཚ་ཡང་འཇོམས་ཐུབ།

2_2 ཁྲག་རྩ་མཉེན་འགྱུར་བྱེད་པ།   

ལ་ཕུག་ནང་དུ་བསིང་ཕྱེ་རྩབས་དང་དབྱང་རྩབས་རྫས་བཅས་འདུས་པས། ཟས་རིགས་ཀྱི་ཞག་ཚིལ་དང་སིང་ཕྱེ་དབྱེ་ཕྲལ་བྱེད་པའི་ནུས་པ་ལྡན་པ་མ་ཟད། ད་དུང་ཞག་ཚིལ་ཞུ་བ་དང་དྭངས་ཁྲག་གི་མཁྲིས་རྒྱུ་གཤེར་རྩི་ཇེ་དམར་གཏོང་བ། སྙིང་རྩ་འཕུར་འགྱུར་ནད་སྔོན་འགོག་བྱེད་པ་བཅས་ཀྱི་བྱེད་ནུས་ལྡན། དེ་མིན་ཁྲག་ཞག་གཅོད་པ་དང་ཁྲག་རྩ་མཉེན་འགྱུར། ཁྲག་གནོན་རྒྱུན་ལྡན་དུ་གཏོང་བ།    སྙིང་གི་ཁྲག་རྩའི་ནད་སྔོན་འགོག་བྱེད་པ། འཕར་རྩ་སྲ་འགྱུར་དང་མཁྲིས་པ་བཅས་ལའང་ཕན་པ་རེད།

2_3 རྩ་འབུད་སླ་བ།

ལ་ཕུག་ལ་ཚ་འཇོམས་པ་དང་ཟས་འཇུ་བ། གློ་བར་ཕན་པ་བཅས་ཀྱི་བྱེད་ནུས་ལྡན། དེང་རབས་གསོ་རིག་གི་ཞིབ་འཇུག་ལྟར་ན་ལ་ཕུག་གིས་ཆབ་གསང་འབབ་བདེ་བར་བྱེད་པར་མ་ཟད། དེའི་ནང་དུ་འདུས་པའི་ཚི་སྣ་རྒྱུ་ཡིས་རྩ་འབུད་པའི་ནུས་པ་ཐོན་པས་ཚོ་བྱང་དུ་འཇུག་ཐུབ་པ་ཡིན།

2_4 སྐྲན་ནད་སྔོན་འགོག 

དེང་རབས་གསོ་རིག་གི་ཞིབ་འཇུག་ལས་བསྟན་པ་ལྟར་ན། ལ་ཕུག་ལ་སྐྲན་ནད་སྔོན་འགོག་གི་ནུས་པ་ལྡན། ལ་ཕུག་ནང་དུ་ཤིང་རྒྱུ་རྫས་འདུས་པས། དེས་ཕྲ་ཕུང་བྱུད་མིད་ཅན་གྱི་གསོན་ཤུགས་མཐོར་འདེགས་བཏང་ནས་སྐྲན་ནད་སྔོན་འགོག་གི་ནུས་པ་ཐོན་ཐུབ། དེ་མིན་ལ་ཕུག་ནང་དུ་མའེ་སྣ་མང་འདུས་པས་སྐྲན་ནད་འབྱུང་བའི་ཟེ་འབྲིང་སྐྱུར་ཨན་དབྱེ་ཕྲལ་བྱས་ཏེ་སྐྲན་ནད་ལ་སྔོན་འགོག་བྱེད་ཐུབ།

2_5 རྣམ་པ་མཛེས་བཟོ་བྱེད་ཐུབ། 

ལ་ཕུག་གི་ནང་དུ་འཚོ་རྒྱུCམོད་པོ་འདུས་པས་ལུས་ཕུང་དང་སྐྱི་ལྤགས་ཀྱི་རིམས་འགོག་ནུས་པ་མཐོར་འདེགས་གཏོང་ཐུབ་ལ། གདོང་ལྤགས་ནག་པ་དང་འོད་མདངས་མེད་པ། ལྤགས་པ་རྩུབ་པ། ཚོར་སྐྱེན་པ་བཅས་ལྤགས་རིགས་ཀྱི་གནད་དོན་རྣམས་ཀྱང་ཁྱོན་ཡོངས་ནས་ལེགས་བཅོས་བྱེད་ཐུབ་ལ། དེ་མིན་ངོ་གདོང་ཇེ་དཀར་དང་ཕྲ་ཐིག་ཀྱང་སྔོན་འགོག་བྱེད་ཐུབ་པ་རེད།

2_6 གློ་འཇགས་ལུད་སེལ་བྱེད་པ།     

ལ་སོན་རློན་པའི་བཅུད་རྫས་ལ་གློ་འཇགས་ལུད་སེལ་གྱི་ནུས་པ་ལྡན་ལ། བརྔོས་པའི་ལ་སོན་གྱི་བཅུད་རྫས་ལ་ལུད་འཇགས་ཀྱི་ནུས་པ་ལྡན་ནོ།།

བརྡ་འགྲེལ་གདོང་འཛར།

ལ་ཕུག འཚོ་བ། དགུན།