ལིའུ་གོ་ཀྲུང་།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-10 16:08ལ་འགྲུབ།

ལིའུ་གོ་ཀྲུང་།

ལིའུ་གོ་ཀྲུང་།
ལིའུ་གོ་ཀྲུང་། སྐྱེས་པ། རྒྱ་རིགས། སྤྱི་ལོ1962ལོའི་ཟླ7པར་ཧེ་ལུང་ཅང་ཝང་ཁུའེ་ནས་སྐྱེས། སྤྱི་ལོ1982ལོའི་ཟླ8པར་ལས་ཀར་ཞུགས། སྤྱི་ལོ1986ལོའི་ཟླ11པར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། ཧར་པིན་བཟོ་ལས་སློབ་ཆེན་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་ཚན་ཁག་གི་གནོན་ཤུགས་ལས་སྣོན་ཆེད་ལས་ནས་སློབ་མཐར་ཕྱིན་ཞིང་། ཞིབ་འཇུག་སློབ་མའི་བསླབ་གནས་དང་བཟོ་རིག་རབ་འབྱམས་པའི་བསླབ་གནས་ལྡན། ད་ལྟ་ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་། ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
刘国中
སྐྱེས་ཡུལ།
ཧེ་ལུང་ཅང་གི་ཝང་ཁུའེ།
རྒྱལ་ཁབ།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ལོ།
སྤྱི་ལོ1962ལོའི་ཟླ7པ།
མཐར་ཕྱིན་སློབ་གྲྭ།
ཧར་པིན་བཟོ་ལས་སློབ་གྲྭ་ཆེན་མོ།
1 མི་ཚེའི་བརྒྱུད་རིམ།

སྤྱི་ལོ1978ལོའི་ཟླ10པ་ནས་སྤྱི་ལོ1982ལོའི་ཟླ8པའི་བར་ཧྭ་ཤར་བཟོ་སྐྲུན་སློབ་གླིང་སྒྱོགས་མདེལ་ཚན་ཁག་ནས་རེག་གཏོང་འདྲེན་རྫས་ཇུས་འགོད་དང་བཟོ་སྐྲུན་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1982ལོའི་ཟླ8པ་ནས་སྤྱི་ལོ1985ལོའི་ཟླ9པའི་བར། ཧེ་ལུང་ཅང་ཞིང་ཆེན་ཧར་པིན་གྱི་འཕྲུལ་ཆས་བཟོ་གྲྭའི་ལས་བྱེད་པ།

སྤྱི་ལོ1985ལོའི་ཟླ9པ་ནས་སྤྱི་ལོ1988ལོའི་ཟླ9པའི་བར་ཧར་པིན་བཟོ་ལས་སློབ་ཆེན་གྱི་ལྕགས་རིགས་རྒྱུ་ཆ་དང་བཟོ་རྩལ་ཚན་ཁག་གི་གནོན་ཤུགས་ལས་སྣོན་ཆེད་ལས་ཀྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མ་ཡིན།

སྤྱི་ལོ1988ལོའི་ཟླ9པ་ནས་སྤྱི་ལོ1990ལོའི་ཟླ6པའི་བར་ཧར་པིན་བཟོ་ལས་སློབ་ཆེན་དོ་དམ་སློབ་གླིང་གི་མ་ལག་ལས་གྲྭའི་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1990ཟླ6པ་ནས་སྤྱི་ལོ1993ལོའི་ཟླ1པོའི་བར་ཧེ་ལུང་ཅང་ཞིང་ཆེན་དཔལ་འབྱོར་ཨུ་ལྷན་ཕྱོགས་བསྡུས་འཆར་འགོད་ཁྲུའུ་ཡི་ཁོ་ཡོན་དང་། ཀྲུའུ་རེན་ཁོ་ཡོན། ཀྲུའུ་རེན་ཁོ་ཡོན་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ1993ལོའི་ཟླ1པོ་ནས་སྤྱི་ལོ1996ལོའི་ཟླ6པའི་བར་ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གི་ཀྲུའུ་རེན་ཁོ་ཡོན་ཞིག་ཡིན།

སྤྱི་ལོ1996ལོའི་ཟླ6པ་ནས་སྤྱི་ལོ1998ལོའི་ཟླ12པའི་བར། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གི་ཁྲུའུ་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ1998ལོའི་ཟླ12པ་ནས་སྤྱི་ལོ2000ལོའི་ཟླ6པའི་བར། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཁང་གི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ2000ལོའི་ཟླ6པ་ནས་སྤྱི་ལོ2003ལོའི་ཟླ6པའི་བར། ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་བཞེས།

སྤྱི་ལོ2003ལོའི་ཟླ6པ་ནས་སྤྱི་ལོ2004ལོའི་ཟླ10པའི་བར་ཧེ་ལུང་ཅང་ཞིང་ཆེན་སྲིད་གཞུང་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ 2004ལོའི་ཟླ10པ་ནས་སྤྱི་ལོ2007ལོའི་ཟླ4པའི་བར་ཧེ་ལུང་ཅང་ཞིང་ཆེན་ཧོ་ཀང་གྲོང་ཨུད་ཀྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས།

སྤྱི་ལོ2007ལོའི་ཟླ4པ་ནས་སྤྱི་ལོ2011ལོའི་ཟླ9པའི་བར་ཧེ་ལུང་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་དྲུང་ཡིག་ཆེན་མོའི་འགན་བཞེས།

སྤྱི་ལོ2011ལོའི་ཟླ9པ་ནས་སྤྱི་ལོ2013ལོའི་ཟླ10པའི་བར་ཧེ་ལུང་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་དང་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2013ལོའི་ཟླ10པ་ནས་སྤྱི་ལོ2016ལོའི་ཟླ2པའི་བར་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཏང་ཙུའུ་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།

སྤྱི་ལོ2016ལོའི་ཟླ2པ་ནས་སྤྱི་ལོ2016ཟླ12པའི་བར་སི་ཁྲོན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བཞེས།

སྤྱི་ལོ2016ལོའི་ཟླ་12པ་ནས་སྤྱི་ལོ་2017ལོའི་ཟླ1པོའི་བར་ཅི་ལིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གཞོན་པའི་འགན་བཞེས།

སྤྱི་ལོ2017ལོའི་ཟླ1པོ་ནས་སྤྱི་ལོ2017ལོའི12པའི་བར་ཅི་ལིན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲེང་ཀྲང་གི་འགན་བཞེས།

སྤྱི་ལོ2017ལོའི་ཟླ12པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་ཧྲའན་ཞི་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི། ཅི་ལིན་ཞིང་ཆེན་གྱི་ཧྲེང་ཀྲང་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་ཧྲའན་ཞི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།

ཀྲུང་གུང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་འཐུས་མི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་འཐུས་མི། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན། ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཚོགས་ཆུང་གི་ཧྲུའུ་ཅི།

2 ལས་བགོས།

ཞིང་ཆེན་སྲིད་གཞུང་གི་ཕྱོགས་ཡོངས་ཀྱི་བྱ་བར་འགོ་ཁྲིད་བྱས་ཏེ་ནོར་སྲིད་དང་རྩིས་བཤེར་ཕྱོགས་ཀྱི་བྱ་བའི་འགན་འཁུར་ཡོད།

3 ལས་གནས་བསྐོ་འཐེན།

སྤྱི་ལོ2018ལོའི་ཟླ1ཚེས30ཉིན་ཧྲའན་ཞི་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་འཐུས་མི་ཚོགས་ཆེན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་ལིའུ་གོ་ཀྲུང་ཧྲའན་ཞི་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་ལ་བདམས་པའོ༎

དཔྱད་གཞིའི་ཡིག་ཆ།