ཝང་ཏུང་ཧྥེང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-06 16:52ལ་འགྲུབ།

ཝང་ཏུང་ཧྥེང་།

ཝང་ཏུང་ཧྥེང་།
ཝང་ཏུང་ཧྥེང་ནི་སྤྱི་ལོ1958ལོའི་ཟླ2པར་སྐྱེས་ཤིང་ཧྲའན་ཞི་ཞི་ཨན་གྱི་མི་ཡིན། སྤྱི་ལོ1980ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1981ལོའི་ཟླ7པར་ལས་ཀར་ཞུགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་རིམ་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་དང་མཐོ་རིམ་དཔལ་འབྱོར་མཁས་ཅན་བཅས་ཡིན། ད་ལྟ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
王东峰
ཁོངས་གཏོགས།
ཆབ་སྲིད།
སྐྱེས་ལོ།
སྤྱི་ལོ1958ལོའི་ཟླ2པ།
སྐྱེས་ཡུལ།
ཧྲའན་ཞི་ཞི་ཨན།
མི་རིགས།
རྒྱ་རིགས།
མཐར་ཕྱིན་སློབ་གྲྭ།
ཞི་ཨན་འགྲིམ་འགྲུལ་སློབ་ཆེན།
འགན་བཞེས་གོ་གནས།
ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།
1 ​ངོ་སྤྲོད།

ཝང་ཏུང་ཧྥེང་ནི་སྤྱི་ལོ1958ལོའི་ཟླ2པར་སྐྱེས་ཤིང་ཧྲའན་ཞི་ཞི་ཨན་གྱི་མི་ཡིན། སྤྱི་ལོ1980ལོའི་ཟླ12པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1981ལོའི་ཟླ7པར་ལས་ཀར་ཞུགས། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཆེད་ལས་ནས་སློབ་མཐར་ཕྱིན། ལས་ཐོག་ཞིབ་འཇུག་སློབ་མའི་བསླབ་རིམ་དང་དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་དང་མཐོ་རིམ་དཔལ་འབྱོར་མཁས་ཅན་བཅས་ཡིན། 

ད་ལྟ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད།

2 བྱ་བའི་བརྒྱུད་རིམ།

སྤྱི་ལོ1979ལོའི་ཟླ9བ་ནས་སྤྱི་ལོ1981ལོའི་ཟླ7པའི་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ནོར་ཚོང་སློབ་གྲྭའི་རྩིས་གཉེར་ཆེད་ལས་སུ་སློབ་སྦྱོང་གནང་།

སྤྱི་ལོ1981ལོའི་ཟླ7པ་ནས་སྤྱི་ལོ1982ལོའི་ཟླ9བའི་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་ཡུལ་སྐོར་མཁོ་སྤྲོད་ཀུང་སི་རུ་ལས་ཀ་བསྒྲུབས།

སྤྱི་ལོ1982ལོའི་ཟླ9པ་ནས་སྤྱི་ལོ1984ལོའི་ཟླ7པའི་བར་ཧྲའན་ཤིས་ཞིང་ཆེན་ནོར་སྲིད་ཚོང་དོན་དོ་དམ་ལས་བྱེད་པའི་སློབ་གླིང་ཚོང་དོན་དཔལ་འབྱོར་ཚན་ཁག་གི་ཁེ་ལས་དོ་དམ་ཆེད་ལས་སུ་སློབ་སྦྱོང་གནང་།  

སྤྱི་ལོ1984ལོའི་ཟླ7པ་ནས་སྤྱི་ལོ1987ལོའི་ཟླ7པའི་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཁྱེར་སྲིད་གཞུང་ནོར་ཚོང་གཞུང་ལས་ཁང་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་། གྲོང་ཨུད་ནོར་ཚོང་པུའུ་ཡི་ལས་བྱེད་པ། ཀྲུའུ་རེན་ཁོའོ་ཡོན་གཞོན་པ་བཅས་གནང་།

སྤྱི་ལོ1987ལོའི་ཟླ7པ་ནས་སྤྱི་ལོ1989ལོའི་ཟླ8པའི་བར་ཧྲའན་ཤིས་ཞིང་ཆེན་ཤིས་ཨན་གྲོང་ཨུད་གཞུང་དོན་ཐིང་གི་དྲུང་ཡིག(ཁྲུའུ་རིམ་པ་གཞོན་པ)པའི་འགན་བཞེས།

སྤྱི་ལོ1989ལོའི་ཟླ8པ་ནས་སྤྱི་ལོ1991ལོའི་ཟླ7པའི་བར། ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཆབ་སྲིད་ཞིབ་འཇུག་ཁང་གི་ཀྲུའུ་རེན་དང་སྲིད་ཇུས་ཁྲིམས་སྲོལ་ཁྲུའུ་ཡི་ཁྲུའུ་ཀྲང་གི་འགན་བཞེས།

སྤྱི་ལོ1991ལོའི་ཟླ7པ་ནས་སྤྱི་ལོ1996ལོའི་ཟླ5པའི་བར། ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མིའི་འགན་འཁུར་བ་ཡིན།

སྤྱི་ལོ1996ལོའི་ཟླ5པ་ནས་སྤྱི་ལོ1998ལོའི་ཟླ2པའི་བར་ཧྲའན་ཞི་ཞིང་ཆེན་ཞི་ཨན་གྲོང་ཁྱེར་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་བཞེས།  

(སྤྱི་ལོ1994ལོའི་ཟླ9པ་ནས་སྤྱི་ལོ1996ལོའི་ཟླ12པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་དཔལ་འབྱོར་དོ་དམ་ཆེད་ལས་ཀྱི་དངོས་གཞིའི་ཚན་ཁག་ཏུ་སློབ་སྦྱོང་གནང་། )

སྤྱི་ལོ1998ལོའི་ཟླ2པ་ནས་སྤྱི་ལོ2001ལོའི་ཟླ1པོའི་བར། ཧྲའན་ཞི་ཞིང་ཆེན་བཟོ་ཚོང་སྲིད་འཛིན་དོ་དམ་ཅུས་ཀྱི་ཅུས་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅི(དེའི་རིང་སྟེ། སྤྱི་ལོ2000ལོའི་ཟླ3པ་ནས་སྤྱི་ལོ2001ལོའི་ཟླ1པོའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ལོ་གཅིག་ལམ་ལུགས་ཀྱི་གཞོན་དར་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་། )

སྤྱི་ལོ2001ལོའི་ཟླ1པོ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་དུ་ཧྲའན་ཞི་ཞིང་ཆེན་ཝེ་ནན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་འཁུར་བ་ཡིན།

(སྤྱི་ལོ1999ལོའི་ཟླ9པ་ནས་སྤྱི་ལོ2001ལོའི་ཟླ7པའི་བར། ཞི་ཨན་འགྲིམ་འགྲུལ་སློབ་ཆེན་གྱི་ཉེར་སྤྱོད་དཔལ་འབྱོར་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་ཏེ། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་བླངས། སྤྱི་ལོ2000ལོའི་ཟླ3པ་ནས་སྤྱི་ལོ2003ལོའི་ཟླ1པོའི་བར་དུ་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་མཚན་ཉིད་རིག་པའི་ཆེད་ལས་སུ་སློབ་སྦྱོང་གནང་། )

སྤྱི་ལོ2003ལོའི་ཟླ1པོ་ནས་སྤྱི་ལོ2004ལོའི་ཟླ7པའི་བར་ཧྲའན་ཞི་ཞིང་ཆེན་ཐུང་ཁྲོན་གྲོང་ཨུད་ཀྱི་ཧྲུའུ་ཅིའི་འགན་བཞེས།

སྤྱི་ལོ2004ལོའི་ཟླ7པ་ནས་སྤྱི་ལོ2013ལོའི་ཟླ4པའི་བར་དུ་རྒྱལ་ཁབ་བཟོ་ཚོང་སྲིད་འཛིན་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཏང་ཙུའུ་ཡི་ཁོངས་མི་ཡིན།

(སྤྱི་ལོ2003ལོའི་ཟླ3པ་ནས་སྤྱི་ལོ2005ལོའི་ཟླ1པོའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིབ་འཇུག་སློབ་མའི་སློབ་གླིང་གི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭའི་ཁྲིམས་རིག་པའི་གཞུང་ལུགས་ཆེད་ལས་སུ་སློབ་སྦྱོང་གནང་། སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར་དུ་རྒྱལ་སྲུང་སློབ་ཆེན་གྱི་རྒྱལ་སྲུང་འཐབ་ཇུས་ཞིབ་འཇུག་འཛིན་གྲྭར་སློབ་སྦྱོང་གནང་། སྤྱི་ལོ2010ལོའི་ཟླ5པ་ནས་སྤྱི་ལོ2010ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།

སྤྱི་ལོ2013ལོའི་ཟླ4པ་ནས་སྤྱི་ལོ2016ལོའི་ཟླ9པའི་བར་དུ་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའི་འགན་འཁུར།

སྤྱི་ལོ2016ལོའི་ཟླ9པ་ནས་སྤྱི་ལོ2016ལོའི་ཟླ11པའི་བར་དུ་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ལས་ཚབ་ཧྲི་ཀྲང་གི་འགན་འཁུར།

སྤྱི་ལོ2016ལོའི་ཟླ11པ་ནས་སྤྱི་ལོ2017ལོའི་ཟླ10བའི་བར་དུ་ཐེན་ཅིན་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཧྲི་ཀྲང་གི་འགན་བཞེས།

སྤྱི་ལོ2017ལོའི་ཟླ10པ་ནས་སྤྱི་ལོ2018ལོའི་ཟླ1པོའི་བར་དུ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འོས་མི་བཅས་ཀྱི་འགན་བཞེས།

སྤྱི་ལོ2018ལོའི་ཟླ1པོ་ནས་ད་ལྟར་བར་དུ་ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་འཁུར་བ་ཡིན།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་བཅས་ཡིན།

3 བསྐོ་འཐེན

སྤྱི་ལོ2018ལོའི་ཟླ1པོའི་ཚེས29ཉིན་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་ཝང་ཏུང་ཕུང་ཧོ་པེ་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་དུ་བདམས་པ་རེད།

དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

ཝང་ཏུང་ཧྥེང་། ཆབ་སྲིད། ཧོ་པེ།