པ་དབྱིན་ཁྲའོ་ལུའུ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-14 09:26ལ་འགྲུབ།

པ་དབྱིན་ཁྲའོ་ལུའུ།

པ་དབྱིན་ཁྲའོ་ལུའུ།
པ་དབྱིན་ཁྲའོ་ལུའུ། ཕོ། སོག་རིགས། སྤྱི་ལོ1955ལོའི་ཟླ10པར་ནང་སོག་ཨོ་ཐུའོ་ཁེ་ཆན་ཆིར་སྐྱེས་ཤིང་། ཞིབ་འཇུག་སློབ་མའི་བསླབ་རིམ་དང་། དཔལ་འབྱོར་རིག་པའི་རབ་འབྱམས་པའི་བསླབ་གནས་ལྡན། སྤྱི་ལོ1976ལོའི་ཟླ11པར་ལས་ཀར་ཞུགས་ཤིང་། སྤྱི་ལོ1976ལོའི་ཟླ9པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། ད་ལྟ་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་དང་། ཅི་ལིན་ཞིང་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་བཅས་ཀྱི་འགན་བཞེས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
巴音朝鲁
མི་རིགས།
སོག་རིགས།
རྒྱལ་ཁོངས།
ཀྲུང་གོ།
མཐར་ཕྱིན་སློབ་གྲྭ།
ཅི་ལིན་སློབ་ཆེན།
སྐྱེས་ཡུལ།
ཨོ་ཐུའོ་ཁེ་ཆན་ཆི།
1 ​མི་སྣའི་ལོ་རྒྱུས།

སྤྱི་ལོ1976ལོའི་ཟླ11པ་ནས་སྤྱི་ལོ1980ལོའི་ཟླ11པའི་བར་ནང་སོག་རང་སྐྱོང་ལྗོངས་དབྱི་ཁེ་ཀྲའོ་མོང་ཨུའི་རྩ་འཛུགས་པུའུ་ཡི་ལས་མིའི་འགན་འཁུར།

སྤྱི་ལོ1980ལོའི་ཟླ11པ་ནས་སྤྱི་ལོ1982ལོའི་ཟླ1པོའི་ཚེས2པར་ནང་སོག་དགེ་འོས་སློབ་ཆེན་ཆབ་སྲིད་སློབ་གསོ་ཚན་ཁག་གི་ལས་བྱེད་ཆེད་སྦྱོང་ཚན་ཁག་གི་ཆབ་སྲིད་གཞུང་ལུགས་ཆེད་ལས་ཀྱི་སློབ་མ་བྱས།

སྤྱི་ལོ1982ལོའི་ཟླ1པོའི་ཚེས2ནས་སྤྱི་ལོ1985ལོའི་ཟླ10པའི་བར་ནང་སོག་རང་སྐྱོང་ལྗོངས་དབྱི་ཁེ་ཀྲའོ་མེང་ཏང་ཨུ་རྩ་འཛུགས་པུའུ་ཡི་ལས་མི་དང་རྩ་འཛུགས་ཁོ་ཡི་ཁོ་ཀྲང་གི་འགན་བླངས།

སྤྱི་ལོ1985ལོའི་ཟླ10པ་ནས་སྤྱི་ལོ1988ལོའི་ཟླ11པའི་བར་ནང་སོག་རང་སྐྱོང་ལྗོངས་དབྱི་ཅིན་ཧོ་ལུའོ་ཆི་ཨུའི་ཧྲུའུ་ཅི་གཞོན་པ་དང་ཆི་ཀྲང་གི་འགན་བླངས།

སྤྱི་ལོ1988ལོའི་ཟླ11པ་ནས་སྤྱི་ལོ1991ལོའི་ཟླ11པར་ནང་སོག་རང་སྐྱོང་ལྗོངས་དབྱི་ཅིན་ཧོ་ལུའོ་ཆི་ཨུའི་ཧྲུའུ་ཅིར་བསྡད།

སྤྱི་ལོ1991ལོའི་ཟླ11པ་ནས་སྤྱི་ལོ1992ལོའི་ཟླ5པར་གུང་གཞོན་ཚོགས་པའི་ནང་སོག་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའི་འགན་བླངས།

སྤྱི་ལོ1992ལོའི་ཟླ5པ་ནས་སྤྱི་ལོ1993ལོའི་ཟླ5པར་གུང་གཞོན་ཚོགས་པའི་ནང་སོག་རང་སྐྱོང་ཁུལ་ཨུའི་ཧྲུའུ་ཅིའི་འགན་བླངས།

སྤྱི་ལོ1993ལོའི་ཟླ5པ་ནས་སྤྱི་ལོ1998ལོའི་ཟླ6པར། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་དང་རྒྱལ་ཡོངས་ན་གཞོན་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པའི་འགན་བླངས།(དེའི་རིང་སྤྱི་ལོ1995ལོའི་ཟླ9བ་ནས་སྤྱི་ལོ1995ལོའི་ཟླ11པར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་གནང་།)

སྤྱི་ལོ1994ལོའི་ཟླ3པ་ནས་སྤྱི་ལོ1997ལོའི་ཟླ3པར་ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་གི་རྒྱལ་དམངས་དཔལ་འབྱོར་འཆར་གཞི་དང་དོ་དམ་ཆེད་ལས་ཀྱི་ལས་ཐོབ་ཞིབ་འཇུག་སློབ་མའི་སློབ་སྦྱོང་ལ་དཔལ་འབྱོར་རིག་པའི་རབ་འབྱམས་པའི་སློབ་གནས་ཐོབ)

སྤྱི་ལོ1998ལོའི་ཟླ6པ་ནས་སྤྱི་ལོ2001ལོའི་ཟླ4པར། གུང་གཞོན་ཚོགས་པའི་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་རྒྱུན་ལས་ཧྲུའུ་ཅིར་བསྡད། (པུའུ་ཀྲང་གཞོན་གྲས )རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ལས་ཚབ་དང་ཀྲུའུ་ཞིར་བསྡད། (རྒྱལ་ཡོངས་ན་ཆུང་ལས་དོན་ཨུའི་ཀྲུའུ་རེན། )

སྤྱི་ལོ2001ལོའི་ཟླ4པ་ནས་སྤྱི་ལོ2003ལོའི་ཟླ12པར། ཀྲེ་ཅང་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུའི་ཁོངས་མིར་བསྡད།

སྤྱི་ལོ2003ལོའི་ཟླ12པ་ནས་སྤྱི་ལོ2004ལོའི་ཟླ1པོར་ཀྲེ་ཅང་ཞིང་ཨུའི་རྒྱུན་ལས་དང་། ཧྲེང་ཀྲང་གཞོན་པ། ཉིང་པོ་གྲོང་ཨུའི་ཧྲུའུ་ཅིར་བསྡད།

སྤྱི་ལོ2004ལོའི་ཟླ1པོ་ནས་སྤྱི་ལོ2007ལོའི་ཟླ5པར་ཀྲེ་ཅང་ཞིང་ཨུའི་རྒྱུན་ཨུ། ཉིང་པོ་གྲོང་ཨུའི་ཧྲུའུ་ཅིར་བསྡད།

སྤྱི་ལོ2007ལོའི་ཟླ5པ་ནས་སྤྱི་ལོ2010ལོའི་ཟླ7པར་ཀྲེ་ཅང་ཞིང་ཨུའི་རྒྱུན་ཨུ། ཉིང་པོ་གྲོང་ཨུའི་ཧྲུའུ་ཅི། གྲོང་ཁྱེར་མི་དམངས་རྒྱུན་ཨུ་ཚོགས་པའི་ཀྲུའུ་རེན་གྱི་འགན་བཞེས།

སྤྱི་ལོ2010ལོའི་ཟླ7པ་ནས་སྤྱི་ལོ2011ལོའི་ཟླ2པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་གནང་།

སྤྱི་ལོ2011ལོའི་ཟླ2པ་ནས་སྤྱི་ལོ2012ལོའི་ཟླ5པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི།  ཏང་ཙུའུ་ཧྲུའུ་ཅི། ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཏང་གི་སློབ་གྲྭའི་སློབ་གཙོ་བཅས་གནང་།

སྤྱི་ལོ2012ལོའི་ཟླ5པ་ནས་སྤྱི་ལོ2012ལོའི་ཟླ12པར། ཅི་ལིན་ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི། ཏང་ཙུའུའི་ཧྲུའུ་ཅིར་བསྡད།

སྤྱི་ལོ2012ལོའི་ཟླ12པ་ནས་སྤྱི་ལོ2013ལོའི་ཟླ1པོར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་གཞོན་པ། ཞིང་ཆེན་ལས་ཚབ། ཞིང་ཆེན་སྲིད་གྲོས་ཀྲུའུ་ཞི། ཏང་ཙུའུའི་ཧྲུའུ་ཅི་བཅས་གནང་།

སྤྱི་ལོ2013ལོའི་ཟླ1པོ་ནས་སྤྱི་ལོ2014ལོའི་ཟླ8པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ། ཧྲེང་ཀྲང་དུ་བསྡད།

སྤྱི་ལོ2014ལོའི་ཟླ8པ་ནས་སྤྱི་ལོ2014ལོའི་ཟླ9པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཧྲེང་ཀྲང་བཅས་གནང་།

སྤྱི་ལོ2014ལོའི་ཟླ9པ་ནས་སྤྱི་ལོ2014ལོའི་ཟླ10པར། ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིར་བསྡད།

སྤྱི་ལོ2014ལོའི་ཟླ10པར་ཅི་ལིན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་མི་དམངས་རྒྱུན་ཨུ་ཚོགས་པའི་ཀྲུའུ་རེན་གྱི་འགན་བཞེས།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ཚོགས་པའི་ཨུ་ཡོན་དང་། སྐབས་བཅུ་བདུན་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བརྒྱད་པའི་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་དགུ་པའི་རྒྱུན་ལས་ཨུ་ཡོན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་བཅས་མཛད།

2 བསྐོ་འཐེན་ཆ་འཕྲིན།

སྤྱི་ལོ2018ལོའི་ཟླ1པོའི་ཚེས31ཉིན། ཅི་ལིན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཐེངས་དང་པོའི་ཚོགས་འདུའི་སྟེང་པ་དབྱིན་ཁྲའོ་ལུའུ་ཅི་ལིན་ཞིང་ཆེན་མི་དམངས་རྒྱུན་ཨུ་ཚོགས་པའི་ཀྲུའུ་རེན་ལ་བདམས།

དཔྱད་གཞིའི་ཡིག་ཆ།