ལྐོག་འཛུལ།སྔ་མའི་པར་གཞི་དེ དཔལ་ཚེ་རྡོར  ནས 2020-01-16 08:54ལ་འགྲུབ།

ལྐོག་འཛུལ།

གཞན་གྱིས་མི་མཐོང་བའི་ཐབས་ཤེས་བརྒྱུད་དེ་ས་གནས་གང་ཞིག་གི་ནང་དུ་འཛུལ་བ།
1 ལོ་ཙཱ།

རྒྱ་ཡིག潜入。

དབྱིན་ཡིགSneak in

2 རྒྱས་འགྲེལ།

1.བོད་རྒྱ་ཚིག་མཛོད་ཆེན་མོ་ལས།གསང་ཐབས་ཀྱིས་འཛུལ་བ། 偷着进来:ལྐོག་འཛུལ་འཁྲུག་སློང༌། 窜扰。

2.སྨོན་ལམ་ཚིག་མཛོད་ཆེན་མོ་ལས།གཞན་གྱིས་མི་མཐོང་བའི་ཐབས་ཤེས་བརྒྱུད་དེ་ས་གནས་གང་ཞིག་གི་ནང་དུ་འཛུལ་བ་སྟེ།དཔེར་ན།གསང་བའི་མི་སྣ་མང་པོ་ཞིག་ལག་འཁྱེར་ཅི་ཡང་མེད་པར་ས་མཚམས་ནང་ལྐོག་འཛུལ་བྱས་པ་བདེ་སྲུང་མི་སྣས་གསལ་རྟོགས་བྱུང་འདུག་ལྟ་བུ།