ཧོང་ལི་ཞིན།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-10 16:13ལ་འགྲུབ།

ཧོང་ལི་ཞིན།

ཧོང་ལི་ཞིན།
ཧོང་ལི་ཞིན། བུད་མེད། རྒྱ་རིགས། སྤྱི་ལོ1962ལོའི་ཟླ8པར་ཅང་སུའུ་སུའུ་ཆན་དུ་སྐྱེས་པ་ཡིན། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་ཞིང་། བཟོ་རིག་འབུམ་རམས་པའི་བསླབ་གནས་ལྡན། མཐོ་རིམ་བཟོ་བཀོད་པ་ཡིན། སྤྱི་ལོ1983ལོའི་ཟླ6པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1983ལོའི་ཟླ7པར་ལས་ཀར་ཞུགས། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཅང་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཧོང་ལི་ཤིན།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་སུའུ་སུའུ་ཆན།
སྐྱེས་དུས།
སྤྱི་ལོ1962ལོའི་ཟླ8པར།
མཐར་ཕྱིན་སློབ་གྲྭ།
ཧོ་ཧེ་སློབ་ཆེན།
1 ​མི་སྣའི་ལོ་རྒྱུས།

སྤྱི་ལོ1979ལོའི་ཟླ9པ—སྤྱི་ལོ1983ལོའི་ཟླ7པར། ཅང་སུའུ་ཞིང་ལས་སློབ་གླིང་འཕྲུལ་གློག་ཆུ་འདྲེན་ཚན་ཁག་གི་འཕྲུལ་གློག་ཆུ་འདྲེན་ཆེད་ལས་སུ་སློབ་སྦྱོང་བྱས།

སྤྱི་ལོ1983ལོའི་ཟླ7པར—སྤྱི་ལོ1987ལོའི་ཟླ10པར། ཅང་སུའུ་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཁོ་ཡོན་བྱས།

སྤྱི་ལོ1987ལོའི་ཟླ10པ—སྤྱི་ལོ1993ལོའི་ཟླ11པར། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་བཟོ་སྐྲུན་དོ་དམ་ཁྲུའུ་ཆུ་འགག་ས་ཚིགས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ། ཁོའོ་ཀྲང་གི་འགན་ཁུར། (དེའི་རིང་སྤྱི་ལོ1992ལོའི་ཟླ2པ་ནས་སྤྱི་ལོ1993ལོའི་ཟླ2པའི་བར། ཧུའུ་དབྱང་རྫོང་ཡན་ཅི་ཤང་དུ་ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་མིའི་ཐོབ་ཐང་གིས་བཅའ་སྡོད་བྱས། )

སྤྱི་ལོ1993ལོའི་ཟླ11པ—སྤྱི་ལོ1996ལོའི་ཟླ12པར། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་བཟོ་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ1996ལོའི་ཟླ12པ—སྤྱི་ལོ1997ལོའི་ཟླ6པར། ཅང་སུའུ་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ(ཁྲུའུ་རིམ་རྒན་པ)། ཞིང་ཆེན་ཆུ་བེད་ཐིང་བཟོ་སྐྲུན་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་གཞོན་པའི་འགན་ཁུར།

སྤྱི་ལོ1997ལོའི་ཟླ6པ—སྤྱི་ལོ1998ལོའི་ཟླ10པར། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ལས་རོགས་པ་དང་། ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པའི་འགན་ཁུར།

(སྤྱི་ལོ1996ལོའི་ཟླ10པ་ནས་སྤྱི་ལོ1998ལོའི་ཟླ6པའི་བར། ནན་ཅིང་སློབ་ཆེན་དུ་མར་ཁེ་སི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་ཆེད་ལས་ཞིབ་འཇུག་སློབ་མའི་བསླབ་ཚན་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས།)

སྤྱི་ལོ1998ལོའི་ཟླ10པ་ནས་སྤྱི་ལོ2000ལོའི་ཟླ5པའི་བར། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་ལས་རོགས་པ་དང་། ཏང་ཙུའུ་ཡི་ཁོངས་མི། ཞིང་ཆེན་ཞོད་ཟོན་ཐན་འགོག་བཀོད་འདོམས་པུའི་གཞུང་ལས་ཁང་གི་རྒྱུན་ལས་ཀྲུའུ་རེན་གཞོན་པ་བཅས་ཀྱི་འགན་ཁུར།

(སྤྱི་ལོ1998ལོའི་ཟླ9པ་ནས་སྤྱི་ལོ1998ལོའི་ཟླ12པའི་བར། ཅང་སུའུ་ཞིང་ཆེན་ནས་བསྐྱོད་པའི་ཨ་རིའི་པིན་ཞི་ཧྥ་ཉི་ཡ་སློབ་ཆེན་ཝོ་ཏུན་ཚོང་ལས་སློབ་གླིང་དུ་མཐོ་རིམ་དོ་དམ་ཤེས་ལྡན་མི་སྣའི་དཔལ་འབྱོར་ཞིབ་འཇུག་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས།)

སྤྱི་ལོ2000ལོའི་ཟླ5པ—སྤྱི་ལོ2003ལོའི་ཟླ2པར། ཅང་སུའུ་ཞིང་ཆེན་ཆུ་བེད་ཐིང་གི་ཐིང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་བཞེས།

(སྤྱི་ལོ2001ལོའི་ཟླ4པ—2011ལོའི་ཟླ12པར། ཧོ་ཧེ་སློབ་ཆེན་ཆུ་དཔྱད་རིག་པ་དང་ཆུའི་ཐོན་ཁུངས་རིག་པའི་སློབ་གླིང་གི་ཆུ་དཔྱད་རིག་པ་དང་ཆུའི་ཐོན་ཁུངས་རིག་པའི་ཆེད་ལས་ཀྱི་ལས་ཐོག་ཞིབ་འཇུག་སློབ་མའི་སློབ་སྦྱོང་བྱས་པ་དང་། བཟོ་རིག་འབུམ་རམས་པའི་བསླབ་གནས་གནང་། )

སྤྱི་ལོ2003ལོའི་ཟླ2པ—སྤྱི་ལོ2007ལོའི་ཟླ12པར། ཅང་སུའུ་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་དང་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཡི་ཁོངས་མིའི་འགན་ཁུར། (དེའི་རིང་སྤྱི་ལོ2004ལོའི་ཟླ་9པ་ནས་སྤྱི་ལོ2007ལོའི་ཟླ7པའི་བར། ཀྲུང་དབྱང་ཏང་གི་སློབ་གྲྭའི་སྦྲག་ཁྲིད་སློབ་གླིང་གི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭར་ཆབ་སྲིད་རིག་པའི་ཆེད་ལས་ལ་སློབ་སྦྱོང་བྱས། )

སྤྱི་ལོ2007ལོའི་ཟླ12པ—སྤྱི་ལོ2011ལོའི་ཟླ12པར། ཅང་སུའུ་ཞིང་ཆེན་གྱི་ཏང་ཨུའི་རྒྱུན་ཨུ་དང་། ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མིའི་འགན་ཁུར། (དེའི་རིང་སྤྱི་ལོ2010ལོའི་ཟླ4པ—སྤྱི་ལོ2010ལོའི་ཟླ6པར། ཀྲུང་དབྱང་རྩ་འཛུགས་པུའུ་སྤྱི་པའི་དོ་དམ་མཐོ་རིམ་གསོ་སྦྱོང་འཛིན་གྲྭ་ཨ་རིའི་ཧ་ཧྥོའུ་སློབ་ཆེན་ཁེན་ཉི་ཏི་སྲིད་གཞུང་སློབ་གླིང་དུ་སློབ་སྦྱོང་བྱེད་པར་བསྐྱོད།)

སྤྱི་ལོ2011ལོའི་ཟླ12པ—སྤྱི་ལོ2012ལོའི་ཟླ3པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཁོངས་མི། ཝུའུ་ཞི་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

སྤྱི་ལོ2012ལོའི་ཟླ3—སྤྱི་ལོ2015ལོའི་ཟླ1པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཝུའུ་ཞི་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2015ལོའི་ཟླ1པ—སྤྱི་ལོ2016ལོའི་ཟླ9པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ནན་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

(སྤྱི་ལོ2016ལོའི་ཟླ5པ—སྤྱི་ལོ2016ལོའི་ཟླ10པར། ནན་ཅིང་གྲོང་ཁྱེར་ཅང་པེ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར།)

སྤྱི་ལོ2016ལོའི་ཟླ9པ—སྤྱི་ལོ2016ལོའི་ཟླ10པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའི་འགན་ཁུར།

སྤྱི་ལོ2016ལོའི་ཟླ10པ—སྤྱི་ལོ2016ལོའི་ཟླ11པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཀྱི་འགན་ཁུར།

སྤྱི་ལོ2016ལོའི་ཟླ11པ—སྤྱི་ལོ2017ལོའི་ཟླ7པར། ཅང་སུའུ་ཞིང་ཆེན་ཏུང་ཨུའི་རྒྱུན་ཨུ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར།

སྤྱི་ལོ2017ལོའི་ཟླ7པ—སྤྱི་ལོ2018ལོའི་ཟླ1པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་ཧྲེང་ཀྲང་གཞོན་པ། ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་གཞོན་པ་བཅས་དང་ཞིང་ཆེན་སྲིད་འཛིན་སློབ་གླིང་གི་གླིང་གཙོ་བཅས་ཀྱི་འགན་གཅིག་ལྕོགས་སུ་ཁུར།

སྤྱི་ལོ2018ལོའི་ཟླ1པ—སྤྱི་ལོ2018ལོའི་ཟླ3ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་། ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2018ལོའི་ཟླ3པར—ཅང་སུའུ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར།

2 ལས་འགན་བཞེས་ཚུལ།

ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་འཐུས་མི་དང་། སྐབས་བཅོ་བརྒྱད་པ་དང་བཅུ་དགུ་པའི་ཀྲུང་དབྱང་གི་རྗེས་སྣོན་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཨུ་ཡོན། སྐབས་བཅུ་གསུམ་པའི་ཅང་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཨུ་ཡོན་དང་རྒྱུན་ཨུ། ཅང་སུའུ་ཞིང་ཆེན་གྱི་སྐབས་བཅུ་གཉིས་པ་དང་བཅུ་གསུམ་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཅང་སུའུ་ཞིང་ཆེན་སྐབས་བཅུ་གཉིས་པའི་སྲིད་གྲོས་ཨུ་ཡོན་བཅས་ཀྱི་འགན་ཁུར།


དཔྱད་གཞིའི་ཡིག་ཆ།

བརྡ་འགྲེལ་གདོང་འཛར།

མི་སྣ། ཆབ་སྲིད། ཏང་ཙུའུ། རིག་གནས།