ཝུའུ་ཀྲེང་ལུང་།སྔ་མའི་པར་གཞི་དེ རྒྱ་ལོ་རྟ་མགྲིན་ཚེ་བརྟན།  ནས 2020-01-14 16:00ལ་འགྲུབ།

ཝུའུ་ཀྲེང་ལུང་།

ཝུའུ་ཀྲེང་ལུང་།
ཝུའུ་ཀྲེང་ལུང་། ཕོ། སྤྱི་ལོ1964ལོའི་ཟླ11པར་ཅང་སུའུ་ནན་ཅིན་དུ་སྐྱེས། སློབ་གྲྭ་ཆེན་མོའི་སློབ་གཉེར་བརྒྱུད་རིམ་ལྡན་པ་དང་། བཟོ་རིག་ཤེས་རམས་པའི་བསླབས་གནས་ཡིན་ཞིང་། མཐོ་རིམ་བཟོ་བཀོད་པ་ཡིན། སྤྱི་ལོ1987ལོའི་ཟླ11པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས། སྤྱི་ལོ1984ལོའི་ཟླ8པར་ལས་ཀར་ཞུགས། ད་ལྟ་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་དང་ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཅང་སུའུ་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་དང་། ཏང་ཙུའུ་ཡི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་ཡོད།
གཞི་རྩའི་གནས་ཚུལ།

བོད་ཡིག་གི་མིང་།
ཝུའུ་ཀྲེང་ལུང་།
རྒྱལ་ཁོངས།
ཀྲུང་གོ།
མི་རིགས།
རྒྱ་རིགས།
སྐྱེས་ཡུལ།
ཅང་སུའུ་ནན་ཅིང་།
སྐྱེས་དུས།
སྤྱི་ལོ1964ལོའི་ཟླ11པར།
མཐར་ཕྱིན་སློབ་གླིང་།
ཐའེ་ཡོན་འཕྲུལ་ཆས་སློབ་གླིང་།
1 མི་སྣའི་ལོ་རྒྱུས།

སྤྱི་ལོ1980ལོའི་ཟླ9པ—སྤྱི་ལོ1984ལོའི་ཟླ8པར། ཐའེ་ཡོན་འཕྲུལ་ཆས་སློབ་གླིང་གི་འཕྲུལ་ཆས་བཟོ་སྐྲུན་ཚན་ཁག་ཏུ་འཕྲུལ་ཆས་བཟོ་སྐྲུན་བཟོ་རྩལ་དང་སྒྲིག་ཆས་ཆེད་ལས་སློབ་སྦྱོང་བྱས།

སྤྱི་ལོ1984ལོའི་ཟླ8པར—སྤྱི་ལོ1987ལོའི་ཟླ1པར། མཚོན་ཆ་བཟོ་ལས་པུའུ་ཡི་དམངས་སྤྱོད་དངོས་རྫས་གཞུང་ལས་ཁང་གི་ལས་བྱེད་པ་བྱས། (དེའི་རིང་སྤྱི་ལོ1984ལོའི་ཟླ8པ—སྤྱི་ལོ1985ལོའི་ཟླ2པར། ནང་སོག་འཕྲུལ་ཆས་བཟོ་གྲྭ་དང་པོ་རུ་དངོས་སྦྱོང་བྱས། )

སྤྱི་ལོ1987ལོའི་ཟླ1པོ—སྤྱི་ལོ1988ལོའི་ཟླ4པར། རྒྱལ་ཁབ་འཕྲུལ་ཆས་བཟོ་ལས་ཨུ་ཡོན་ལྷན་ཁང་གི་འཕེལ་རྒྱས་འཆར་འགོད་སི་ཡི་ལས་བྱེད་པ་བྱས།

སྤྱི་ལོ1988ལོའི་ཟླ4པ—སྤྱི་ལོ1990ལོའི་ཟླ12པར། འཕྲུལ་ཆས་གློག་རྡུལ་བཟོ་ལས་པུའུ་ཡི་ཕྱོགས་བསྡུས་འཆར་འགོད་སི་ཡི་ལས་བྱེད་པ་བྱས།

སྤྱི་ལོ1990ལོའི་ཟླ12པ—སྤྱི་ལོ1993ལོའི་ཟླ12པར། འཕྲུལ་ཆས་གློག་རྡུལ་བཟོ་ལས་པུའུ་དང་། འཕྲུལ་ཆས་བཟོ་ལས་པུའུ་ཡི་གཞུང་ལས་ཐིང་གི་དྲུང་ཡིག་གི་འགན་ཁུར།

སྤྱི་ལོ1993ལོའི་ཟླ་12པ་ནས་སྤྱི་ལོ1998ལོའི་ཟླ3པར། འཕྲུལ་ཆས་བཟོ་ལས་པུའུ་ཡི་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་གཞོན་པ་དང་། ཁྲུའུ་རིམ་རྒན་པའི་དྲུང་ཡིག་གི་འགན་ཁུར།

སྤྱི་ལོ1998ལོའི་ཟླ3པ་ནས་སྤྱི་ལོ1999ལོའི་ཟླ6པར། རྒྱལ་ཁབ་འཕེལ་རྒྱས་འཆར་འགོད་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིང་གི་ཁྲུའུ་རིམ་རྒན་པའི་དྲུང་ཡིག་གི་འགན་ཁུར།

སྤྱི་ལོ1999ལོའི་ཟླ6པ་ནས་སྤྱི་ལོ1999ལོའི་ཟླ12པར། ཀྲུང་གོའི་འཕྲུལ་ཆས་སྒྲིག་ཆས་ཚོགས་པའི་ཀུང་སིའི་གཞུང་ལས་ཁང་གི་ཀྲུའུ་རེན་གྱི་འགན་ཁུར།

སྤྱི་ལོ1999ལོའི་ཟླ12—སྤྱི་ལོ2002ལོའི་ཟླ12པར། ཁྲུང་ཆིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གཞུང་ལས་ཐིང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར།

སྤྱི་ལོ2002ལོའི་ཟླ12པ—སྤྱི་ལོ2003ལོའི་ཟླ2པར། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཆུས་ཆུས་ཨུད་ཧྲུའུ་ཅི་གཞོན་པ་དང་། ཆུས་ཀྲང་གི་ལས་ཚབ་པའི་འགན་ཁུར།

སྤྱི་ལོ2003ལོའི་ཟླ2པ—སྤྱི་ལོ2007ལོའི་ཟླ2པར། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཆུས་ཀྱི་ཆུས་ཨུད་ཧྲུའུ་ཅི་གཞོན་པ་དང་ཆུས་ཀྲང་གི་འགན་ཁུར། (དེའི་རིང་སྤྱི་ལོ2005ལོའི་ཟླ6པ—སྤྱི་ལོ2005ལོའི་ཟླ9པར། རྒྱལ་སྲིད་སྤྱི་ཁྱབ་ཁང་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་། ཨ་རིའི་ཧ་ཧྥོའུ་སློབ་ཆེན། ཆིང་ཧྭ་སློབ་ཆེན་བཅས་ཀྱི་སྤྱི་པའི་དོ་དམ་མཐོ་རིམ་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་སློབ་སྦྱོང་བྱས།)

སྤྱི་ལོ2007ལོའི་ཟླ2པ—སྤྱི་ལོ2007ལོའི་ཟླ5པར། ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཆུས་ཀྱི་ཆུསཨུད་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2007.05—སྤྱི་ལོ2013.05ཁྲུང་ཆིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། ཝན་ཀྲོའུ་ཆུས་ཀྱི་ཆུས་ཨུད་ཧྲུའུ་ཅིའི་འགན་ཁུར། (དེའི་རིང་སྤྱི་ལོ2009ལོའི་ཟླ9པ—སྤྱི་ལོ2009ལོའི་ཟླ11པར། ཀྲུང་དབྱང་ཏང་གི་སློབ་གྲྭའི་ཐེངས་ཞེ་དྲུག་པའི་ཞིང་ཆེན་དང་པུའུ་རིམ་པའི་ལས་བྱེད་པའི་ཟབ་སྦྱོང་འཛིན་གྲྭར་སློབ་སྦྱོང་བྱས། སྤྱི་ལོ2011ལོའི་ཟླ6པ—སྤྱི་ལོ2011ལོའི་ཟླ12པར། ཝན་ཀྲོའུ་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཏང་ཨུད་ཧྲུའུ་ཅིའི་འགན་གཅིག་ལྕོགས་སུ་ཁུར།)

སྤྱི་ལོ2013ལོའི་ཟླ5པ—སྤྱི་ལོ2013ལོའི་ཟླ11པར། ཁྲུང་ཆིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཡིག་ཆེན་མོ། གྲོང་ཁྱེར་ཐད་གཏོགས་ལས་ཁུངས་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཝན་ཀྲོའུ་ཆུས་ཀྱི་ཆུས་ཨུད་ཧྲུའུ་ཅི་བཅས་ཀྱི་འགན་ཁུར།

སྤྱི་ལོ2013ལོའི་ཟླ11པ—སྤྱི་ལོ2014ལོའི་ཟླ9པར། ཁྲུང་ཆིང་གྲོང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཡིག་ཆེན་མོ།

གྲོང་ཁྱེར་ཐད་གཏོགས་ལས་ཁུངས་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི།  (དེའི་རིང་སྤྱི་ལོ2014ལོའི་ཟླ1པ—སྤྱི་ལོ2014ལོའི་ཟླ9པར། གྲོང་ཨུད་སྒྱུར་བཅོས་གཞུང་དོན་ཁང་གི་ཀྲུའུ་རེན་གྱི་འགན་གཅིག་ལྕོགས་སུ་ཁུར།)

སྤྱི་ལོ2014ལོའི་ཟླ9པ—སྤྱི་ལོ2016ལོའི་ཟླ9པར། ཧྲན་ཞི་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཐའེ་ཡོན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2016ལོའི་ཟླ9པ—སྤྱི་ལོ2016ལོའི་ཟླ10པར། ཅང་སུའུ་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། ནན་ཅིང་གྲོང་ཁྱེར་ཨུའི་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2016ལོའི་ཟླ10པ—སྤྱི་ལོ2017ལོའི་ཟླ5པར། ཅང་སུའུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་། ནན་ཅིང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི། ནན་ཅིང་གྲོང་ཁྱེར་ཅང་པེ་ཆུས་གསར་གྱི་ཏང་གི་ལས་དོན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་གཅིག་ལྕོགས་སུ་ཁུར།

སྤྱི་ལོ2017ལོའི་ཟླ5པ—སྤྱི་ལོ2017ལོའི་ཟླ7པར། ཅང་སུའུ་ཞིང་ཆེན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། ཧྲེང་ཀྲང་ལས་ཚབ་པ། ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅིའི་འགན་ཁུར།

སྤྱི་ལོ2017ལོའི་ཟླ7པར། ཅང་སུའུ་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲེང་ཀྲང་དང་ཏང་ཙུའུ་ཡི་ཧྲུའུ་ཅིའི་འགན་ཁུར།

ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མི་དང་། སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པ་དང་བཅུ་གཉིས་པའི་འཐུས་མི། ཅང་སུའུ་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་དང་རྒྱུན་ཨུ། ཅང་སུའུ་ཞིང་ཆེན་སྐབས་བཅུ་གཉིས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཡིན།

2 ལས་བགོས།

ཞིང་ཆེན་སྲིད་གཞུང་གི་ཁྱོན་ཡོངས་ཀྱི་བྱ་བར་མགོ་ཁྲིད་བྱེད་པ་དང་།

ཅང་སུའུ་ཞིང་ཆེན་སྲིད་གཞུང་གི་གཞུང་སྒྲུབ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང། ཞིང་ཆེན་རྩིས་བཤེར་ཐིང་བཅས་ལ་དོ་དམ་བྱེད་བཞིན་ཡོད།

དཔྱད་གཞིའི་ཡིག་ཆ།