འཆི་མེད་རྡོ་རྗེ་ལྷ་མོ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-07-30 10:32ལ་འགྲུབ།

འཆི་མེད་རྡོ་རྗེ་ལྷ་མོ།

འཆི་མེད་རྡོ་རྗེ་ལྷ་མོ།
འཆི་མེད་རྡོ་རྗེ་ལྷ་མོ་ནི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་གུར་བླ་བྲེ་མདའ་དྲ་མེ་དཔུང་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བའི་གདན་ལ་ཕྱིར་བཟློག་མ་ཆེན་མོ་འཆི་མེད་རྡོ་རྗེ་ལྷ་མོ་སྐུ་མདོག་དཀར་ཞིང་ན་བཟའ་དཀར་པོ་ཅན། ཞལ་བརྒྱད་རྩ་ཞལ་དཀར་པོ་ཁྲོ་ལ་འཛུམ་པའི་རྣམ་པ་ཅན་ནོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
དཀར་པོ།
1 ངོ་སྤྲོད། 

འཆི་མེད་རྡོ་རྗེ་ལྷ་མོ་ནི་སྣ་ཚོགས་རྡོ་རྗེའི་ས་གཞི། རྭ་གུར་བླ་བྲེ་མདའ་དྲ་མེ་དཔུང་དང་བཅས་པའི་ནང་དུ་སྣ་ཚོགས་པདྨ་དང་ཟླ་བ་དཀར་པོ་འོད་ཟེར་དམར་པོ་འཕྲོ་བའི་གདན་ལ་ཕྱིར་བཟློག་མ་ཆེན་མོ་འཆི་མེད་རྡོ་རྗེ་ལྷ་མོ་སྐུ་མདོག་དཀར་ཞིང་ན་བཟའ་དཀར་པོ་ཅན། ཞལ་བརྒྱད་རྩ་ཞལ་དཀར་པོ་ཁྲོ་ལ་འཛུམ་པའི་རྣམ་པ་ཅན། གཡས་སུ་སྔོ་དམར་སེར་བའི་ཞལ་གསུམ་དྲག་ཏུ་བཞད་པ། གཡོན་དུ་དམར་ལྗང་དུད་ཁ་ཆེར་ཁྲོས་པ། དེ་དྲུག་ཀའང་ཁྲོ་ཞལ། སྟེང་ཞལ་དཀར་པོ་ཞི་བ། ཞལ་ཐམས་ཅད་སྤྱན་གསུམ་པ། ཕྱག་དང་པོ་གཉིས་རྡོ་རྗེ་དྲིལ་བུ་ཐུགས་ཀར་བསྣོལ་བ། ལྷག་མ་གཡས་རྣམས་ཀྱིས་ཞགས་པ་རལ་གྲི་དགྲ་སྟ་ལྕགས་ཀྱུ་དང་། མདའ་དང་ཐོ་བ་འཁོར་ལོ། གཡོན་རྣམས་ཀྱིས་སྡིགས་མཛུབ་བུམ་པ་མདུང་དང་ཐོད་པ་དང་། གཞུ་དང་ཁ་ཊཱཾ་ག་དང་སྐྱབས་སྦྱིན་མཛད་པ། པད་ཟླ་ལ་གཡས་བརྐྱང་གི་སྟབས་ཀྱིས་བདུད་དང་དབང་ཕྱུག་ལ་སོགས་པ་བགེགས་ཐམས་ཅད་མནན་པ། ཕྱག་རྒྱ་ལྔ་དང་གཙུག་གི་ནོར་བུ་དང་། ཐོད་སྐམ་དང་མགོ་འཕྲེང་དང་། སྟག་ལྤགས་ལ་སོགས་པས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ༎

2 བསྟོད་པ།

ཧེ་རུ་ཀ་ཡི་རིགས་བྱུང་བ༎ རྡོ་རྗེ་གཙུག་ཏོར་ཆེན་མོ་ནི༎ འཆི་བདག་བཟློག་མཛད་བདུད་རྩིའི་ཞལ༎ ཕྱིར་བཟློག་ཆེན་མོ་ཁྱོད་ལ་འདུད༎

3 བཟླ་བྱའི་སྔགས།

ཨོཾ་ཨ་མྲྀ་ཏ་ས་ན་ཛ་ཝ་ནི། མཧཱ་ཨ་མྲྀ་ཏ་ས་མུ་ཁེ་ཛི་ཝཾ་བྲ་བེ་ཤ་ཡ། བྲ་བི་ཤ་ཡ། སརྦ་བཛྲ་པདྨ་ས་མ་ཡོ་གི་མ་ན་བོངྔྷི་ཙིཏྟ། པི་པ་ཐ་མུཏྟེ་ཧཱུཾ་ཧཱུཾ། ཨ་ཨ་ཨོཾ་ཨཱཿསྭཱཧཱ༎