ཚེ་དཔག་མེད་མི་ཏྲའི་ལུགས་ནི་བཅོམ་ལྡན་འདས་རྒྱལ་བ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་སྐུ་མདོག་ཟླ་བ་ཆུ་ཤེལ་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱ་མཛད་པའི་སྟེང་ན་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་གང་བའི་བུམ་པ་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་ཅན་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། ལྷ་རྫས་ཀྱི་ན་བཟའ་དང་། རིན་པོ་ཆེའི་རྒྱན་ཅན། མཚན་དཔེས་སྤྲས་ཤིང་འོད་འབར་བའོ༎
བཅོམ་ལྡན་དེ་བཞིན་གཤེགས་པ་དགྲ་བཅོམ་པ༎ ཡང་དག་རྫོགས་པའི་སངས་རྒྱས་སྐུ་ཚེ་དང་༎ ཡེ་ཤེས་དཔག་ཡས་ཤིན་ཏུ་རྣམ་ངེས་པ༎ གཟི་བརྗིད་རྒྱལ་པོ་ཁྱོད་ལ་ཕྱག་འཚལ་ལོ༎
ཨོཾ་ན་མོ་བྷ་ག་ཝ་ཏེ། ཨ་ར་རི་མི་ཏ་ཨཱ་ཡུར་ཛྙཱ་ན་སུ་བི་ནི་ཤྩི་ཏ་ཏེ་རཱ་ཛཱ་ཡ། ཏ་ཐཱ་ག་ཏ་ཡ། ཨརྷ་ཏེ་སམྱ་ཀྶཾ་བུད་ངྷ་ཡ། ཏདྱཐཱ། ཨོཾ་པུཎྱེ་པུཎྱེ། མཧཱ་པུཎྱེ་ཨ་པ་ར་རི་མི་ཏ་པུཎྱེ། ཨ་པ་རི་མི་ཏ་པུཎྱེ། ཛྙཱ་ན་སཾ་བྷ་རོ་པ་ཙི་ཏེ། ཨོཾ་སརྦ་སཾ་སྐཱ་ར་པ་རི་ཤུད་ངྷེ་ངྷརྨ་ཏེ་ག་ག་ན་ས་མུངྒ་ཏེ་སྭ་བྷཱ་ཝ་བི་ཤུད་ངྷེ་མཧཱ་ན་ཡ་པ་རི་ཝཱ་རེ་ཡེ་སྭཱ་ཧཱ༎