མི་གཡོ་བ་ཕྱག་བཞི་པ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-06 09:41ལ་འགྲུབ།

མི་གཡོ་བ་ཕྱག་བཞི་པ།

མི་གཡོ་བ་ཕྱག་བཞི་པ།
མི་གཡོ་བ་ཕྱག་བཞི་པ་ནི་རྗེ་བཙུན་མི་གཡོ་བ་མཐིང་ཁ་ཞལ་བཞི་ཀར་ནག་པ། ཞབས་བཞི་བརྐྱང་བསྐུམ་སྣ་ཚོགས་པས་བདུད་བཞི་མནན་པའམ། གཡས་བརྐྱང་དུ་བྱ། ཕྱག་གཡས་པ་གཉིས་ཀྱིས་རལ་གྲི་འདེབས་ཚུལ་དང་། རྡོ་རྗེ་སོར་བ་གཡོན་གཉིས་ཀྱིས་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པ་དང་། ཁྲག་གིས་གང་བའི་ཐོད་པ་འཛིན་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོ།
1 ངོ་སྤྲོད། 

མི་གཡོ་བ་ཕྱག་བཞི་པ་ནི་རྗེ་བཙུན་མི་གཡོ་བ་མཐིང་ཁ་ཞལ་བཞི་ཀར་ནག་པ། ཞབས་བཞི་བརྐྱང་བསྐུམ་སྣ་ཚོགས་པས་བདུད་བཞི་མནན་པའམ། གཡས་བརྐྱང་དུ་བྱ། ཕྱག་གཡས་པ་གཉིས་ཀྱིས་རལ་གྲི་འདེབས་ཚུལ་དང་། རྡོ་རྗེ་སོར་བ་གཡོན་གཉིས་ཀྱིས་ཞགས་པ་དང་བཅས་པའི་སྡིགས་མཛུབ་ཐུགས་ཀར་གཏོད་པ་དང་། ཁྲག་གིས་གང་བའི་ཐོད་པ་འཛིན་པ། སྤྱན་གསུམ་དང་ལྡན་ཞིང་། སྐྲ་སེར་པོ་གྱེན་དུ་བརྫེས་པ། མཆེ་བ་རྣོན་པོ་གཙིགས་ཤིང་།སྟག་ལྤགས་ཀྱི་ཤམ་ཐབས་དང་མི་ལྤགས་ཀྱི་སྟོད་གཡོགས་ཅན། སྦྲུལ་དང་། རིན་པོ་ཆེ་དང་། རུས་པས་བརྒྱན་པ། ཁྲོ་བོ་སྤྲུལ་པའི་སྤྲིན་སྤྲོ་བ། མེ་རི་འབར་བའི་བསྐོར་བའོ། །

2 བསྟོད་པ། 

རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ལས༎ གདུག་པ་འདུལ་ཕྱིར་ཁྲོ་བོའི་སྐུར་བསྟན་པ༎ བདུད་བཞིའི་རླུང་གིས་མི་གཡོ་སྐྱེ་དགུའི་དཔལ༎ བཅོམ་ལྡན་མི་གཡོ་མགོན་ལ་ཕྱག་འཚལ་ལོ༎

3 བཟླ་བྱའི་སྔགས། 

ན་མཿས་མནྟ་ཀཱ་ཡ་ཝ་ཀ་ཙིཏྟ་བཛྲ་ཎཾ་ཨོ་ཨ་ཙ་ལ་ཀ་ན་ཀ་ན་ཙཎྜ་མཧཱ་རོ་ཥ་ཎ་སྥོ་ཊ་ཡ་ཧཱུཾ། ཏྲོ་མཾ་ཏཾ།