རྟ་མགྲིན་དཔའ་གཅིག་ལྷན་སྐྱེས་ཇོ་བོའི་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ། ནས 2020-01-03 08:58ལ་འགྲུབ།
རྟ་མགྲིན་དཔའ་གཅིག་ལྷན་སྐྱེས་ཇོ་བོའི་ལུགས་ནི། དཔལ་ཁྲོ་བོའི་རྒྱལ་པོ་རྟ་མགྲིན་སྐུ་མདོག་པདྨ་རཱ་ག་ལྟར་འབར་བ་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། གཡས་སེང་ལྡེང་གི་དབྱུག་ཐོ་རྡོ་རྗེ་མཚན་པ་འཕྱར་བ། གཡོན་སྡེགས་མཛུབ་ཐུགས་ཀར་གཏོད་པ། དབུའི་སྟེང་དུ་རྟ་མགོ་ལྗང་ཁུ་རྟ་སྐད་འབྱིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་ཀླུ་ཕོ་མོ་མནན་པ། སྟག་ལྤགས་དང་སྦྲུལ་རྒྱན་སོགས་ཁྲོ་བོའི་རྒྱན་ཆ་དང་ཆ་ལུགས་ཐམས་ཅད་ཡོངས་སུ་རྫོགས་ཤིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །
ཧྲི༔རྒྱལ་བ་ཀུན་གྱི་ཆོས་སྐུ་པདྨའི་གསུངས༎ ཆོས་རྗེ་འོད་དཔག་མེད་པ་རྡོ་རྗེ་ཆོས༎ སྤྱན་རས་གཟིགས་དབང་ཧྲི༔ལས་རྔམ་ཆེན་སྐུ༎ རྟ་མགྲིན་རྟ་སྐད་བཞད་ལ་ཕྱག་འཚལ་བསྟོད༎
ཨོཾ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧཱུཾ་ཕཊ༎