ཕྱག་ན་རྡོ་རྗེ་ཁང་བརྩེགས་མ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-03 09:25ལ་འགྲུབ།

ཕྱག་ན་རྡོ་རྗེ་ཁང་བརྩེགས་མ།

ཕྱག་ན་རྡོ་རྗེ་ཁང་བརྩེགས་མ།
ཕྱག་ན་རྡོ་རྗེ་ཁང་བརྩེགས་མ་ནི། ཕྱག་ན་རྡོ་རྗེ་ནམ་མཁའི་མདོག་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་པད་ཉི་ལ་དབང་ཕྱུག་ཆེན་པོ་དང་ཨུ་མ་དེ་བ་མནན་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
སྔོན་པོ།
1 ​ངོ་སྤྲོད།

ཕྱག་ན་རྡོ་རྗེ་ཁང་བརྩེགས་མ་ནི། ཕྱག་ན་རྡོ་རྗེ་ནམ་མཁའི་མདོག་ཅན་ཕྱག་གཡས་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་ཕྱར་ཞིང་གཡོན་ཐོད་ཁྲག་ཐུགས་ཀར་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པའི་སྟབས་ཀྱིས་པད་ཉི་ལ་དབང་ཕྱུག་ཆེན་པོ་དང་ཨུ་མ་དེ་བ་མནན་པ། སྟག་ལྤགས་དང་། དར་སྔོན་པོའི་ན་བཟའ་ཅན། སེང་གེའི་ལྤགས་པའི་སྟོད་གཡོགས་ཅན། རིན་པོ་ཆེ་དང་། སྦྲུལ་དང་མི་མགོའི་ཕྲེང་བས་བརྒྱན་པ། མེ་དཔུང་འབར་བའི་དབུས་ན་བཞུགས་པའོ། །

2 བསྟོད་པ། 

ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན། ། གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ། ། ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ། ། བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཛལ་ལོ། །

3 བཟླ་བྱའི་སྔགས། 

ཨོཾ་ནཱི་ལཾ་བ་ར་བཛྲ་པཱ་ཎི་རཛྙཱ་པ་ཡ་ཏི་སྭཱཧཱ། །