རྟ་མགྲིན་ལྕགས་རལ་ཅན།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-03 09:19ལ་འགྲུབ།

རྟ་མགྲིན་ལྕགས་རལ་ཅན།

རྟ་མགྲིན་ལྕགས་རལ་ཅན།
​རྟ་མགྲིན་ལྕགས་རལ་ཅན་ནི་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་མིག་སྨན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྤྱི་བོ་ནས་རྟ་མགོ་ལྗང་ཁུ་རྟ་སྐད་འདོན་པས་ཁམས་གསུམ་དབང་དུ་བསྡུད་པ། ཕྱག་གཡས་པས་རལ་གྲི་འཕྱར་ཞིང་། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོ།
1 ངོ་སྤྲོད། 

རྟ་མགྲིན་ལྕགས་རལ་ཅན་ནི་བཅོམ་ལྡན་འདས་རྟ་མགྲིན་སྐུ་མདོག་མིག་སྨན་ལྟར་གནག་པ། ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་པ། སྤྱི་བོ་ནས་རྟ་མགོ་ལྗང་ཁུ་རྟ་སྐད་འདོན་པས་ཁམས་གསུམ་དབང་དུ་བསྡུད་པ། ཕྱག་གཡས་པས་རལ་གྲི་འཕྱར་ཞིང་། གཡོན་སྡིགས་མཛུབ་ཀྱི་རྩེ་ལ་མེ་དཔུང་འབར་བ། ཀླུ་རྒྱལ་རིགས་དཀར་པོས་དབུ་བརྒྱན། བྲམ་ཟེ་དམར་པོས་མགུལ་རྒྱན། རྗེ་རིགས་སེར་པོས་ཕྱག་གདུབ། གདོལ་པ་ནག་པོས་ག་ཤ་དམངས་རིགས་སེར་ཁྲས་ཞབས་གདུབ་བྱས་པ། ཐོད་སྐམ་གྱི་དབུ་རྒྱན་དང་། རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། དཔལ་གྱི་ཆས་བརྒྱད་ཡོངས་སུ་རྫོགས་པ། རུ་ཏྲ་ཕོ་མོ། བསྣོལ་བའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ༎ 

2 བསྟོད་པ། 

གདུག་པ་འདུལ་མཛད་ཡེ་ཤེས་ལྷ་ཡི་སྐུ༎ སྐུ་མདོག་མཐིང་ནག་དབྱར་གྱི་ཆར་སྤྲིན་འདྲ༎ ཁམས་གསུམ་དབང་དུ་བསྡུས་པའི་རྟ་སྐད་འཚེར༎ ཡེ་ཤེས་རོལ་བའི་སྐུ་ལ་ཕྱག་འཚལ་ལོ༎  

3 བཟླ་བྱའི་སྔགས། 

ཧྲཱིཿཔདྨ་ཏ་ཀྲིཏ་བཛྲ་ཀྲོ་དྷ་ཧ་ཡ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༎