རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-06 09:41ལ་འགྲུབ།

རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས།

རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས།
​རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས་ནི་རྟ་མགྲིན་དམར་པོ་ཆེས་ཁྲོས་ཤིང་། འཇིགས་པའི་སྐུ་ཅན། ཕྱག་གཡས་པས་རྡོ་རྗེ་འཕྱར་ཞིང་། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པས་རྡོ་རྗེས་མཚན་པའི་དབྱུག་ཐོ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་སྲིད་རྩེ་མན་གྱི་བགེགས་ཐམས་ཅད་གནོན་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
དམར་པོ།
1 ​ངོ་སྤྲོད། 

རྟ་མགྲིན་ཁ་ཆེ་པཎ་ཆེན་ལུགས་ནི་རྟ་མགྲིན་དམར་པོ་ཆེས་ཁྲོས་ཤིང་། འཇིགས་པའི་སྐུ་ཅན། ཕྱག་གཡས་པས་རྡོ་རྗེ་འཕྱར་ཞིང་། གཡོན་པས་སྡིགས་མཛུབ་ཐུགས་ཀར་མཛད་པས་རྡོ་རྗེས་མཚན་པའི་དབྱུག་ཐོ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱང་པས་སྲིད་རྩེ་མན་གྱི་བགེགས་ཐམས་ཅད་གནོན་པ། དབུའི་སྟེང་དུ་རྟ་མགོ་ནག་པོ་ཅན། འོད་དཔག་མེད་ཀྱིས་དབུ་བརྒྱན་པ། ཐོད་སྐམ་གྱི་དབུ་རྒྱན་དང་། སྦྲུལ་དང་། རུས་པ་དང་། རིན་པོ་ཆེས་བརྒྱན་པ། ཡ་སོས་མ་མཆུ་ཅན་མནན་ཅིང་། ཧི་ཧིའི་སྒྲ་སྒྲོགས་པ། སངས་རྒྱས་ཀུན་གྱིས་བྱིན་གྱིས་བརླབས་ཤིང་། ནོར་རྒྱས་ལ་སོགས་ཀླུ་རྣམས་བཀའ་ནོད་པ། འོད་ཟེར་སྣ་ལྔ་དང་། མེ་དཔུང་འཕྲོ་བའི་སྐུ་ཁྲོ་བོའི་ཆ་བྱད་ཡོངས་སུ་རྫོགས་པའོ༎

2  བསྟོད་པ། 

དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༎ མཁྱེན་རྩེ་ནུས་པའི་ངོ་བོ་ཉིད༎ སྒྲུབ་ལ་དངོས་གྲུབ་མཆོག་སྩོལ་བའི༎ ཁྲོ་རྒྱལ་རྟ་མགྲིན་ལ་ཕྱག་འཚལ༎ 

3 བཟླ་བྱའི་སྔགས། 

ཨོཾ་ཨཱཿཧཱུཾ་ཧ་ཡ་གྲྀ་ཝ་བཛྲ་ཀྲོ་དྷ་ཧཱུཾ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༎