ཕྱག་རྡོར་གཏུམ་པོ་ཁྲ་ཐོགས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-06 09:41ལ་འགྲུབ།

ཕྱག་རྡོར་གཏུམ་པོ་ཁྲ་ཐོགས།

ཕྱག་རྡོར་གཏུམ་པོ་ཁྲ་ཐོགས།
ཕྱག་རྡོར་གཏུམ་པོ་ཁྲ་ཐོགས་ནི་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་སེར་པོ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་བརྐྱང་པས་བགེགས་རྣམས་ལ་གཟིར་བ། སྣ་ཚོགས་པདྨ་ཉི་མའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱི་བཞུགས་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
མཐིང་ནག
1 ​ངོ་སྤྲོད། 

ཕྱག་རྡོར་གཏུམ་པོ་ཁྲ་ཐོགས་ནི་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ་མཆེ་བ་གཙིགས་པ། ཕྱག་གཡས་རྡོ་རྗེ་སེར་པོ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་མཛུབ་བརྐྱང་པས་བགེགས་རྣམས་ལ་གཟིར་བ། སྣ་ཚོགས་པདྨ་ཉི་མའི་སྟེང་དུ་གཡོན་བརྐྱང་གི་སྟབས་ཀྱིས་བཞུགས་པ། སྦྲུལ་ནག་པོས་བརྒྱན་པ། ཁྲོ་བོའི་རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ། བ་སྤུའི་བུ་ག་ཐམས་ཅད་ཁྱུང་སྔོ་ནག་གི་གཏམས་ཤིང་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ༎ སྡིགས་མཛུབ་ཐུགས་ཀར་གཏོད་པས་ཀྱང་རུང་ངོ་༎ དམ་ཡེ་དབྱེར་མེད་ཀྱི་ངོ་བོ། ཀླུ་འདུལ་གཙོ་བོ་འདོད་ན། སྦྲུལ་རིགས་ལྔའི་ཆུན་པོ་ཞབས་འོག་ཏུ་མནན་པ། དྲེགས་པ་རྣམས་ལྟ་ཅི་སྨོས། ཡེ་ཤེས་ལྷ་རྣམས་ཀྱང་བཀའ་འོག་ཏུ་འདུས་སོ༎ 

2  བསྟོད་པ། 

ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ཅན༎ གསང་སྔགས་རིགས་སྔགས་ཀུན་གྱི་བདག་པོ་སྟེ༎ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༎ བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་ལོ༎ 

3 བཟླ་བྱའི་སྔགས། 

ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུཾ་ཕཊ༎