ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་རས་ཆུང་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-02 16:26ལ་འགྲུབ།

ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་རས་ཆུང་ལུགས།

ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་རས་ཆུང་ལུགས།
ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་རས་ཆུང་ལུགས་ནི་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྨ་ར་སྨིན་མ་དབུ་སྐྲ་མེ་འབར་ཞིང་། མཆེ་བ་རྣོན་པོ་གཙིགས་པའོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནག་པོ།
1 ངོ་སྤྲོད། 

ཕྱག་རྡོར་གཏུམ་ཆེན་བསྲུང་བའི་མཁར་རས་ཆུང་ལུགས་ནི་བཅོམ་ལྡན་འདས་རྡོ་རྗེ་གཏུམ་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་སྤྱན་གསུམ། སྨ་ར་སྨིན་མ་དབུ་སྐྲ་མེ་འབར་ཞིང་། མཆེ་བ་རྣོན་པོ་གཙིགས་པ། ཕྱག་གཡས་རྡོ་རྗེ་ཙེ་ལྔ་པ་འཕྱར་ཞིང་གསོལ་བ། གཡོན་དྲིལ་བུ་དཀུར་བསྟེན་པ། ཞབས་གཡས་བསྐུམ་པས་དབང་ཕྱུག་དང་། གཡོན་བརྐྱང་པས་ཨུ་མ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་ཅན། སྦྲུལ་དཀར་པོས་དབུ་བརྒྱན། སེར་པོས་རྣ་ཆ་དང་དཔུང་གདུབ། དམར་པོས་མགུལ་རྒྱན་དང་སྐེ་རགས། ནག་པོས་ཞབས་གདུབ་དང་ག་ཤ་ལྗང་ཁུས་ཕྱག་གདུབ་བྱས་པའོ༎ 

2 བསྟོད་པ། 

ཛཿགང་གིས་འཁོར་བའི་ཉེས་པ་ནི༎ དྲན་པ་ཙམ་གྱིས་འཇོམས་མཛད་ཅིང་༎ བླ་མེད་བྱང་ཆུབ་ཐོབ་མཛད་པ༎ བླ་མའི་ཞབས་ལ་ཕྱག་འཚལ་ལོ༎ ལྕང་ལོ་ཅན་གྱི་གནས་མཆོག་ན༎ བཅོམ་ལྡན་རྡོ་རྗེ་གཏུམ་པོ་ནི༎ ཡོན་ཏན་ཐམས་ཅད་སྐུ་ལ་རྫོགས༎ སྐྱོན་མེད་སྐུ་ལ་ཕྱག་འཚལ་ལོ༎ ཆོས་དབྱིངས་སྟོང་པའི་ངང་ལས་མ་གཡོས་ཀྱང་༎ ཐབས་ལ་མཁས་པས་སྣ་ཚོགས་སྐུར་སྟོན་ཅིང་༎ སྡེ་བརྒྱད་དྲེགས་པ་མཐའ་དག་ཟིལ་གནོན་པའི༎ རྒྱལ་སྲས་ཁྱུང་གི་ཚོགས་ལ་ཕྱག་འཚལ་ལོ༎

3  བཟླ་བྱའི་སྔགས། 

ཨོཾ་བཛྲ་པཱ་ཎི་ཧཱུཾ་ཧཱུཾ་ཧཱུཾ་ཕཊ་ཕཊ་སྭཱཧཱ༎