ཕྱག་རྡོར་ས་ལུགས།སྔ་མའི་པར་གཞི་དེ འཁོན་མགོན་པོ། ནས 2020-01-02 16:28ལ་འགྲུབ།
ཕྱག་རྡོར་ས་ལུགས་ནི་པདྨ་དང་ཉི་མའི་གདན་ལ་གཡས་བསྐུམ་གཡོན་བརྐྱང་གི་སྟབས་ཀྱིས་བཞེངས་པ། སྐུ་མདོག་སྔོན་པོ། ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་རྩེ་ལྔ་པ་ནམ་མཁའ་ལ་འཕྱར་བ། གཡོན་སྡིགས་འཛུབ་ཐུགས་ཀར་མཛད་པ། དམར་ལ་ཟླུམ་པའི་སྤྱན་གསུམ་དང་ལྡན་ཞིང་། སྐྲ་སེར་གྱེན་དུ་བརྫེས་པ། ཀླུ་ཆེན་པོ་བརྒྱད་དང་། རིན་པོ་ཆེས་བརྒྱན་ཅིང་། སྟག་ལྤགས་ཀྱི་ཤམ་ཐབས་ཅན། མི་བསྐྱོད་པས་དབུ་བརྒྱན་ཅིང་། ཡེ་ཤེས་ཀྱི་མེ་དཔུང་འབར་བའི་དབུས་ན་བཞུགས་པའོ༎
ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་ཛྙཱ་པ་ཡ་ཏི་སྭཱཧཱ༎