དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཟུངས་ལས་བྱུང་བ།སྔ་མའི་པར་གཞི་དེ འཁོན་མགོན་པོ།  ནས 2020-01-02 16:27ལ་འགྲུབ།

དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཟུངས་ལས་བྱུང་བ།

དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཟུངས་ལས་བྱུང་བ།
དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཟུངས་ལས་བྱུང་བ་ནི་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ་དང་། གཡོན་བརྐྱང་པས་ཟླ་བ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། སྦྲུལ་གྱི་རྒྱན་དང་རིན་ཆེའི་ཅོད་པན་ཅན་ནོ༎
གཞི་རྩའི་གནས་ཚུལ།

ལྷ་ཚོགས།
རིན་འབྱུང་ལྷ་ཚོགས།
སྐུ་མདོག
ནགཔོ།
1 ངོ་སྤྲོད། 

དཔལ་ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གཟུངས་ལས་བྱུང་བ་ནི་དཔལ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ། གཡོན་སྡིགས་མཛུབ་མཛད་པ། པདྨའི་གདན་ལ་ཞབས་གཡས་བསྐུམ་པས་ཉི་མ་དང་། གཡོན་བརྐྱང་པས་ཟླ་བ་མནན་པ། སྟག་ལྤགས་ཀྱི་ཤམ་ཐབས་དང་། སྦྲུལ་གྱི་རྒྱན་དང་རིན་ཆེའི་ཅོད་པན་ཅན། སྤྱན་གསུམ་མཆེ་གཙིགས། སྨ་ར་དང་། སྨིན་མ་དང་། དབུ་སྐྲ་མེ་ལྟར་འབར་བ། མེ་དཔུང་འབར་བའི་ཀློང་ན་བཞུགས་པའོ༎ 

2 བསྟོད་པ། 

ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ན༎ གསང་སྔགས་རིག་སྔགས་ཀུན་གྱི་བདག་པོ་སྟེ༎ ལོག་འདྲེན་བགེགས་ཀྱི་ཚོགས་རྣམས་འཇོམས་མཛད་པ༎ བཅོམ་ལྡན་རྡོ་རྗེ་བསྣམས་ལ་ཕྱག་འཚལ་བསྟོད༎ 

3 བཟླ་བྱའི་སྔགས། 

ཨོཾ་ནཱི་ལཾ་བ་ར་དྷ་ར་བཛྲ་པཱ་ཎི་རཛྙཱ་པ་ཡ་ཏི་སྭཱཧཱ༎