ཏའོ་ཨར་ཏུན།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-03 10:10ལ་འགྲུབ།

ཏའོ་ཨར་ཏུན།

ཏའོ་ཨར་ཏུན་ནི་དབྱིན་ཇིའི་རྫས་འགྱུར་རིག་པ་དང་། དངོས་ལུགས་རིག་པའི་མཁས་པ་ཞིག་ཡིན། སྤྱི་ལོ1766ལོའི་ཟླ9པའི་ཚེས6ཉིན་ཁན་པའོ་ལན་གྱི་དབྱི་ཀེར་སེ་ཧྥེར་ཏེ་ལིན་དུ་སྐྱེས། སྤྱི་ལོ1844ལོའི་ཟླ7པར་མན་ཁྲེ་སི་ཐེ་རུ་གཤེགས་ཤིང་། ཁོང་ནི་རླུང་ཁམས་ཆེན་མོའི་ངོ་བོ་དང་གྲུབ་ཆར་ཞིབ་འཇུག་བྱེད་པའི་མཁས་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

དབྱིན་ཡིག་གི་མིང་།
J.0ohn Dalton.
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
རྒྱལ་ཁབ།
ཀེ་རི་སེ།
1 ​ངོ་སྤྲོད། 

གནའ་བོའི་ཀེ་རི་སེའི་མཁས་པ་ཏེ་མོ་ཁེ་ལི་ཐེ་ཡིས་འཇིག་རྟེན་གྱི་དངོས་པོ་ཡོད་དོ་ཅོག་མ་རྡུལ་གྱིས་གྲུབ་པ་རེད། འོན་ཀྱང་དེ་ནི་རིགས་འདེད་དང་བསམ་བློའི་རྩོད་སྒྲུབ་བརྒྱུད་ནས་ཚོད་དཔག་བྱས་པ་དང་། བཅོས་མིན་གྱི་མཚན་ཉིད་རིག་པའི་བསམ་བློ་ཞིག་རེད་སྙམ། སྤྱི་ལོ་དུས་རབས19པའི་དུས་མགོར། ཚན་རིག་པ་ཏའོ་ཨར་ཏུན་གྱིས་མ་རྡུལ་རྣམ་བཤད་བཙུགས་པས། དུས་དེ་ནས་བཟུང་གཞི་རྒྱུ་དང་རྫས་འགྱུར་འགྱུར་འབྱུང་ལ་ཉེ་རབས་གཞུང་ལུགས་བཙུགས། F.ཨེན་ཀེ་སིས་ཁོང་ལ“ཉེ་རབས་རྫས་འགྱུར་གྱི་ཡབ་ཆེན”ཞེས་པའི་མཚན་སྙན་གནང་། འོན་ཀྱང་རྫས་འགྱུར་རིག་པ་བ་ཆེན་མོ་ཁོང་ཉིད་ནི་ཚོས་མདོག་གི་དབྱེ་བ་འབྱེད་མི་ཐུབ་པའི་ཚོན་ལུང་ཞིག་ཡིན་པས།  དེ་ནི་རྫས་འགྱུར་བྱ་བ་སྒྲུབ་པར་གནོད་པ་ཡོད་ན་འང་ཏའོ་ཨར་ཏུན་གྱིས་རང་གི་སྐྱེ་ལུགས་ཀྱི་ཞན་ཆ་ལ་ཡིད་མི་ཕམ་པར་དེ་ལས་བློ་བརྟན་འགྱུར་མེད་ཀྱིས་རྫས་འགྱུར་དངོས་བཤེར་གལ་ཆེན་རེ་རེ་ལེགས་འགྲུབ་བྱས་པ་དང་། ཐ་ན་ཚོས་མདོག་གི་དབྱེ་བ་འབྱེད་མི་ཐུབ་པའི་ནད་དེ་རང་གི་ཞིབ་འཇུག་བྱ་ཡུལ་བྱས་ནས་ཚོན་ལོང་གི་རྒྱུད་འཛིན་ཆོས་ཉིད་རགས་ཙམ་ཤེས་པ་རེད། ཏའོ་ཨར་ཏུན་ནི་དབྱིན་ཇིའི་རྫས་འགྱུར་རིག་པ་དང་། དངོས་ལུགས་རིག་པའི་མཁས་པ་ཞིག་ཡིན། སྤྱི་ལོ1766ལོའི་ཟླ9པའི་ཚེས6ཉིན་ཁན་པའོ་ལན་གྱི་དབྱི་ཀེར་སེ་ཧྥེར་ཏེ་ལིན་དུ་སྐྱེས།    སྤྱི་ལོ1844ལོའི་ཟླ7པར་མན་ཁྲེ་སི་ཐེ་རུ་གཤེགས། ཆུང་དུས་སུ་དབུལ་བོ་ཡིན་པས་སློབ་གྲྭར་འགྲོ་མ་ཐུབ། ཁོང་གིས་རང་སྦྱོང་བྱས་པར་བརྟེན་པ་དང་། ལོ15ཡི་དུས་ནས་དགེ་རྒན་བྱས། དེ་རྗེས་རྒྱུན་མི་ཆད་པར་སློབ་སྦྱོང་ལ་བརྩོན་པ་བྱས་པ་དང་། ཁོང་སློབ་འབྲིང་གི་དངོས་ལུགས་དང་རྫས་འགྱུར་གྱི་དགེ་རྒན་བྱེད་དུས་ཚན་རིག་ཞིབ་འཇུག་བྱེད་འགོ་བརྩམས།  

2 གྲུབ་འབྲས།

ཏའོ་ཨར་ཏུན་གྱིས་དང་ཐོག་གནམ་གཤིས་རིག་པར་སློབ་སྦྱོང་བྱས།  སྤྱི་ལོ1778ལོ་ནས་བཟུང་ལོ་ངོ57རིང་ལ་རྒྱུན་མ་ཆད་པར་གནམ་གཤིས་བལྟ་དཔྱད་ཉིན་ཐོར་བཀོད་པ་དང་།  ཆེས་མཇུག་གི་གནམ་གཤིས་ཉིན་ཐོ་ནི་ཁོ་རང་འཆི་ཁའི་དུས་ཚོད་འགའི་སྔོན་དུ་བྲིས་པ་རེད། ཁོས་རླུང་ཁམས་ཆེན་མོའི་མོའི་ངོ་བོ་དང་གྲུབ་ཆ་ལ་ཞིབ་འཇུག་ཅུང་ཟད་བྱས་པ་དང་།   སྤྱི་ལོ1801ལོར་ཁོས་རླུང་གཟུགས་གནོད་འབྱེད་གཏན་སྲོལ་ཏེ“ཏའོ་ཨར་ཏུན་གཏན་སྲོལ”སྤྱི་སྡོམ་བྱས།  དེ་འདྲ་ཡིན་ནའང་ཉེ་རབས་རྫས་འགྱུར་ལ་རྨང་གཞི་བཏང་བའི་ཏའོ་ཨར་ཏུན་གྱིས་རང་ཉིད་ལ་འཇོན་ནུས་ཆེན་པོ་ཡོད་མི་འདོད་པ་དང་ཁོང་གིས་ཁེངས་སྐྱུངས་སྒོས་རང་ཉིད་ཀྱི་གྲུབ་འབྲས་ནི་ཞུམ་པ་མེད་པའི་སྙིང་སྟོབས་ལས་བྱུང་བ་རེད་འདོད།  ཁོང་གིས་ཞིབ་འཇུག་པ་ཞིག་གི་འགན་ཁུར་ནི་ནམ་ཡིན་ཡང་འཚོལ་ཞིབ་བྱེད་པ་དང་།  རྒྱུན་མི་ཆད་པར་མ་ཤེས་པའི་དངོས་པོ་འཚོལ་བ་དེ་ཡིན་ཞེས་གསུངས།