ཁྲིམས་ཀྱི་གཞུང་ལུགས།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-03 10:10ལ་འགྲུབ།

ཁྲིམས་ཀྱི་གཞུང་ལུགས།

ཁྲིམས་ཀྱི་གཞུང་ལུགས་ཞེས་པ་ནི་ཁྲིམས་ཀྱི་རྩ་བའི་རིག་པ་ལ་བྱ། དམངས་ཁྲིམས་ཀྱི་འབྱུང་ཁུངས་ཡིན་པའི་ཁྲིམས་ཀྱི་གཞུང་ལུགས་ནི་ཁྲིམས་འཛུགས་ཀྱི་ཐུགས་དགོངས་རྣམ་འབྱེད་བྱེད་པའི་དམངས་དོན་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་རིག་པ་ཞིག་ཡིན།
གཞི་རྩའི་གནས་ཚུལ།

ཁོངས་གཏོགས།
སྤྱི་ཚོགས།
རིགས་དབྱེ།
བཅའ་ཁྲིམས།
རྒྱ་ཡིག་གི་མིང་།
法的理论
1 ངོ་སྤྲོད།

ཁྲིམས་ཀྱི་གཞུང་ལུགས་ཞེས་པ་ནི་ཁྲིམས་ཀྱི་རྩ་བའི་རིག་པ་ལ་བྱ།  དམངས་ཁྲིམས་ཀྱི་འབྱུང་ཁུངས་ཡིན་པའི་ཁྲིམས་ཀྱི་གཞུང་ལུགས་ནི་ཁྲིམས་འཛུགས་ཀྱི་ཐུགས་དགོངས་རྣམ་འབྱེད་པའི་དམངས་དོན་གྱི་འབྲེལ་བ་ཐག་གཅོད་བྱེད་པའི་རྩ་བའི་རིག་པ་ཞིག་ཡིན།  དམངས་ཁྲིམས་ཁྲོད་དུ་ཁྲིམས་ཀྱི་གཞུང་ལུགས་ཀྱིས་དམངས་དོན་བཅའ་ཁྲིམས་ཀྱི་སྟོང་ཆ་ཁ་གསབ་བྱེད་པའི་ནུས་པ་ཐོན།

2 བྱེད་ནུས།

《སུའེ་ཙེར་དམངས་ཁྲིམས་ཁྲིམས་མཛོད》ཀྱི་དོན་ཚན་དང་པོའི་ཚན་པ་གཉིས་པར།   གལ་ཏེ་ཁྲིམས་འདིའི་ནང་དེ་དང་མཐུན་པའི་གཏན་འཁེལ་མེད་ན།  ཁྲིམས་དཔོན་གྱིས་རྒྱུན་སྲོལ་གཞིར་འཛིན་དགོས།   གལ་ཏེ་རྒྱུན་སྲོལ་ཡང་མེད་ན།  རང་ཉིད་ཁྲིམས་འཛུགས་མཁན་བྱས་ཏེ་བཏོན་པའི་ལམ་སྲོལ་གཞིར་བཟུང་ནས་ཤན་འབྱེད་དགོས་ཞེས་དང་།  ཁྲིམས་དཔོན་གྱིས་ལག་ལེན་བརྒྱུད་དེ་གཏན་འབེབས་བྱས་པའི་རིག་གཞུང་དང་རྒྱུན་སྲོལ་གཞིར་འཛིན་དགོས་ཞེས་གཏན་འཁེལ་བྱས་ཡོད།  རང་རྒྱལ་གྱིས་ད་ལྟ་སྤྱོད་བཞིན་པའི་བཅའ་ཁྲིམས་དང་ཁྲིམས་འཛིན་ལག་ལེན་ཚང་མའི་ནང་དུ་ཁྲིམས་ཀྱི་གཞུང་ལུགས་བཅའ་ཁྲིམས་ཀྱི་འབྱུང་ཁུངས་སུ་མི་བརྩི་མོད།  འོན་ཀྱང་ཁྲིམས་ལུགས་ཐད་ཀྱི་རིག་གཞུང་གི་འགྲེལ་བཤད་དང་།  ཁྲིམས་ལུགས་རིག་པའི་རྩ་བའི་རིག་པ་སོགས་ཀྱིས་དོན་དངོས་སུ་ཁྲིམས་དཔོན་གྱིས་གྱོད་གཞི་ཐག་གཅོད་བྱེད་པར་ཕན་ནུས་ཆེན་པ་ཐོན་བཞིན་ཡོད།