ཝེ་ཁྲང་གི་གཞས།སྔ་མའི་པར་གཞི་དེ གདུགས་དཀར་རྒྱལ།  ནས 2020-01-02 09:26ལ་འགྲུབ།

ཝེ་ཁྲང་གི་གཞས།

ཝེ་ཁྲང་གི་གཞས།
སྙན་ངག་འདིའི་ནང་དུ་ཝེ་ཁྲང་ཟམ་པའི་མཛེས་ལྗོངས་ནས་གྲོགས་པོར་གྱེས་ཕྱག་བྱས་པའི་དུས་ཚོད་དང་། ས་གནས། ཁོར་ཡུག་བཅས་ཀྱི་རྣམ་པ་བྲིས་ཏེ། རྩོམ་པ་པོའི་ནང་སེམས་ཀྱི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
​渭城曲
འགྱུར་ཡིག་གི་ཁ་བྱང་།
ཝེ་ཁྲང་གི་གཞས།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

渭城朝雨浥轻尘,

客舍青青柳色新。

劝君更尽一杯酒,

西出阳关无故人。

2 འགྱུར་ཡིག 

ཝེ་ཁྲང་ཞོགས་པའི་ཆར་གྱིས་ལམ་རྡུལ་བརླན༎

མགྲོན་ཁང་སྦྱར་ལྕང་གཡུ་ལོ་སར་བ་བཀྲ༎

ཉིད་ཀྱིས་སླར་ཡང་ཆང་ཕོར་གང་བཞེས་དང་༎

ནུབ་ཀྱི་དབྱང་ཀོན་འདའ་རྗེས་གྲོགས་པོ་དཀོན༎

3 མཆན། 

ཝེ་ཁྲེང་། ཀན་སུའུ་ཏུན་ཧོང་གྱི་ནུབ་ལྷོའི་ཕྱོགས་ལ་ཟེར། 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

ཝེ་ཁྲང་། གྲོགས་པོ། སྐྱེལ་མ།