ལྦ་བ་གཡུལ་འདོན།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

ལྦ་བ་གཡུལ་འདོན།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་མངར་ལ་ལན་ཚ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། བསྡུས་པའི་ཁུ་བས་དམར་ཕྱོགས་ཀྱི༎ ཟླ་བའི་བར་ལ་ལྟོ་སྟོང་བསྟེན་པའི་རིང་༎ འགྲངས་ཆེ་མ་ཡིན་ཤ་ཆང་བཅུད་ཟས་སྤང་༎ ཤ་ལྷག་ལྦ་བའི་ནད་དེ་ཉིན་རེ་བཞིན༎ ནང་ཡང་ཕྱི་ནས་བྲི་བ་དངོས་སུ་མཐོང་༎ ཡུན་དུ་བསྟེན་ན་ལྦ་བ་ཡུན་ནས་འདོན༎ གཞན་ལ་མེད་པའི་ཁྱད་ཆོས་ཁོ་བོའི་ལུགས༎
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
ལྦ་བ་གཡུལ་འདོན།
ཁོངས་གཏོགས།
གསོ་རིག
མདོག
སེར་སྨུག
ངོ་བོ།
རོ་མངར་ལ་ལན་ཚ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
བསྡུས་པའི་ཁུ་བས་དམར་ཕྱོགས་ཀྱི༎ ཟླ་བའི་བར་ལ་ལྟོ་སྟོང་བསྟེན་པའི་རིང་༎ འགྲངས་ཆེ་མ་ཡིན་ཤ་ཆང་བཅུད་ཟས་སྤང་༎ ཤ་ལྷག་ལྦ་བའི་ནད་དེ་ཉིན་རེ་བཞིན༎ ནང་ཡང་ཕྱི་ནས་བྲི་བ་དངོས་སུ་མཐོང་༎ ཡུན་དུ་བསྟེན་ན་ལྦ་བ་ཡུན་ནས་འདོན༎ གཞན་ལ་མེད་པའི་ཁྱད་ཆོས་ཁོ་བོའི་ལུགས༎
བསྟེན་ཐབས།
སྨན་འདི་ནི་ཉིན་རེར་ཐེངས2-3དང་། ཐེངས་རེར་ཁེ1-2རེ་ཨོལ་མདུད་སྣ་ཚོགས་གདུས་བའི་ཁུ་བས་ཕུལ་དགོས།
1 སྡེབ་ཁ།

སྤང་རྒྱན་དཀར་པོ30 ཨ་རུ་ར20 ལྦ་ཚྭ15 ཏིག་ཏ10 ཧོང་ལེན10 ཙན་དན་དམར་པོ8 མ་ནུ5 ཚར་བོང10 སྐྱུ་རུ15 བ་ཤ་ཀ8 ཉ་ཤ20 སྐྱ་ཀའི་ཤ25 གོ་གྲེ20 སྤྱང་ཀིའི་ཕོ་བ15 སོ་བྱའི་གྲེ་བ15བཅས་སྦྱོར་དགོས། ཨོལ་མདུད་སྣ་ཚོགས་གྲ་སྒྲིག་བྱ་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན་ལ། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་པས་ཀྱང་རུང་། 

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྨུག་ཅན། རོ་མངར་ལ་ལན་ཚ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། བསྡུས་པའི་ཁུ་བས་དམར་ཕྱོགས་ཀྱི༎ ཟླ་བའི་བར་ལ་ལྟོ་སྟོང་བསྟེན་པའི་རིང་༎ འགྲངས་ཆེ་མ་ཡིན་ཤ་ཆང་བཅུད་ཟས་སྤང་༎ ཤ་ལྷག་ལྦ་བའི་ནད་དེ་ཉིན་རེ་བཞིན༎ ནང་ཡང་ཕྱི་ནས་བྲི་བ་དངོས་སུ་མཐོང་༎ ཡུན་དུ་བསྟེན་ན་ལྦ་བ་ཡུན་ནས་འདོན༎ གཞན་ལ་མེད་པའི་ཁྱད་ཆོས་ཁོ་བོའི་ལུགས༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2-3དང་། ཐེངས་རེར་ཁེ1-2རེ་ཨོལ་མདུད་སྣ་ཚོགས་གདུས་བའི་ཁུ་བས་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་མའམ་རིལ་བུ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།