འབྲོང་ཁྲག་དྲུག་པ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

འབྲོང་ཁྲག་དྲུག་པ།

སྨན་འདི་ཁ་དོག་སྨུག་པོ་ཅན། རོ་མངར་ལ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། བད་ཀན་མིད་འཆུས་སེལ་བའི་སྨན་གཅིག་ཡིན།
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
འབྲོང་ཁྲག་དྲུག་པ།
ཁོངས་གཏོགས།
གསོ་རིག
མདོག
སྨུག་པོ།
ངོ་བོ།
རོ་མངར་ལ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
བད་ཀན་མིད་འཆུས་སེལ་བའི་སྨན་གཅིག་ཡིན།
བསྟེན་ཐབས།
སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ1-2རེ་ཕུལ་དགོས།
1 སྡེབ་ཁ།

འབྲོང་ཁྲག30 གསེར་མདོག15 གླ་རྩི10 གུ་གུལ15 དོམ་མཁྲིས10 ལི་ཤི15བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཕྱེ་མའི་སྦྱོར་བ་ཞིག་ཡིན་ལ། དེང་སང་གི་ཚད་གཞི་ལྟར་རིལ་བུ་བཟོས་པས་ཀྱང་རུང་། 

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྨུག་པོ་ཅན། རོ་མངར་ལ་ཁ་བ། དྲི་ཞིམ་པ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། བད་ཀན་མིད་འཆུས་སེལ་བའི་སྨན་གཅིག་ཡིན།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ1-2རེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཕྱེ་མའམ་རིལ་བུ་གང་རུང་གི་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།