འབྱར་སྨན་རེག་པ་ཟུག་ཞི།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད། ནས 2020-01-02 08:52ལ་འགྲུབ།
ཅོང་ཞི50 བྲག་ཞུན30 སྟར་ཞུན30 སིན་ངྷི་ར40 བཙན་དུག40བཅས་སྦྱོར་དགོས།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་འབྱར་སྨན་གྱི་ཕྱེ་མའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་ཚ་བསྐ་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། ཚ་གྲང་མེད་པའི་སྐྲངས་རིགས་ལ༎ འདི་མེད་གཞན་གྱིས་བཅོས་འདོད་རྣམས༎ གླང་ཆེན་དར་སྐུད་བཏགས་པ་འདྲ༎
སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ5-9རེ་ཚ་གྲང་ལ་གཞིགས་ནས་བ་གླང་དང་ར་མའི་ཀླད་པར་སྦྱར་ནས་འབྱར་བའམ་བྱུགས་པ་བྱ་དགོས།
སྨན་འདི་ནི་འབྱར་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།