གྲོགས་ཀྱི་ཞིང་གྲོང་དུ་མགྲོན་དུ་སོང་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:30ལ་འགྲུབ།

གྲོགས་ཀྱི་ཞིང་གྲོང་དུ་མགྲོན་དུ་སོང་བ།

གྲོགས་ཀྱི་ཞིང་གྲོང་དུ་མགྲོན་དུ་སོང་བ།
སྙན་ངག་འདིའི་ནང་དུ་མཛེས་སྡུག་ལྡན་པའི་རི་གྲོང་གི་ཡུལ་ལྗོངས་དང་ལྷིང་འཇགས་ཀྱི་ཞིང་སྡེའི་འཚོ་བ་བརྗོད་དེ། རྩོམ་པ་པོས་རི་ཆུ་ལུང་གསུམ་ལ་བཅངས་པའི་ལྷད་མེད་ཀྱི་སེམས་པ་མཚོན་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
过故人庄
འགྱུར་ཡིག་གི་ཁ་བྱང་།
གྲོགས་ཀྱི་ཞིང་གྲོང་དུ་མགྲོན་དུ་སོང་བ།
རྩོམ་པ་པོ།
孟浩然
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

故人具鸡黍,邀我至田家。

绿树村边合,青山郭外斜。

开轩面场圃,把酒话桑麻。

待到重阳日,还来就菊花。

2 འགྱུར་ཡིག 

གྲོགས་ཀྱིས་བྱ་དང་འབྲས་སེར་ཉེར་བསྡོགས་ཏེ༎

བདག་ནི་སོ་ནམ་པ་ཡི་ཁྱིམ་དུ་དྲངས༎

ནགས་ཚལ་གཡུ་ལོ་བཀྲ་བས་ཞིང་གྲོང་བསྐོར༎

ཁོར་ཡུག་སྔོ་རི་མཐའ་ཡི་མཁར་དང་མཚུངས༎

སྒེའུ་ཁུང་མདུན་དུ་ཁྲེ་དང་ཚལ་གྱི་ཞིང་༎

ཆང་གར་བཀྱགས་ཤིང་དར་ཤིང་གསོ་མ་སྨྲ༎

དགུ་བའི་དགུ་བ་ཁྲུང་དབྱང་དུས་ཆེན་ལ༎

སླར་ཡང་འོང་སྟེ་ཨུཏྤལ་སྔོན་པོར་བལྟ༎

3 མཆན། 

ཉེར་བསྡོགས། བྱ་བ་དངོས་གཞི་ལ་ཐག་ཉེ་བའི་གྲ་སྒྲིག་ 

ཁྲེ། ལོ་ཏོག་ཅིག་གི་མིང་། 

ཁྲུང་དབྱང་། དགུ་གཉིས་བརྩེགས་ཀྱི་དུས་ཆེན་ཡིན། 

4 རྩོམ་པ་པོ་ངོ་སྤྲོད། 

མེང་ཧོ་རན། (689-740)དངོས་མིང་ལ་ཧོའོ་ཟེར་ཞིང་། ཞང་ཀྲུའུ་ཞང་དབྱང་གི་མི་ཡིན། ཐང་རྒྱལ་རབས་དུས་སྐབས་ཀྱི་སྐད་གྲགས་ཆེ་བའི་རི་ཆུ་ཞིང་སྡེའི་རིག་གནས་ཀྱི་གྲུབ་མཐའ་གཙོ་བོར་བྱེད་པའི་སྙན་ངག་པ་ཡིན་ལ། བརྩམས་ཆོས་ལ《མེང་ཧོ་རན་གྱི་གསུངས་རྩོམ་ཕྱོགས་བསྒྲིགས》བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག་བཞུགས་སོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎