ལོ་མཇུག་ཏུ་ཀྲུང་ནན་རི་བོར་ལོག་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:28ལ་འགྲུབ།

ལོ་མཇུག་ཏུ་ཀྲུང་ནན་རི་བོར་ལོག་པ།

ལོ་མཇུག་ཏུ་ཀྲུང་ནན་རི་བོར་ལོག་པ།
སྙན་ངག་འདིའི་ནང་དུ་འཁོན་འཛིན་ཞིག་ཕྱིར་བཏོན་པའི་དོན་དག་ཟིན་ཐོར་བཀོད་པ་དང་། དཔོན་ཚང་ལ་རེ་སྙེག་བྱེད་མཚམས་བཞག་ནས་ལྷོ་རིའི་ཕྱོགས་སུ་སོང་ཚུལ་བརྗོད་དེ། མི་ཚེ་སྟོང་ཟད་དུ་བཏང་ན་ཕུགས་བསམ་དང་ལྡན་པའི་འཚོ་བ་སྐྱེལ་མི་ཐུབ་པའི་སྐྱོ་སེམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
岁暮归南山
འགྱུར་ཡིག་གི་ཁ་བྱང་།
ལོ་མཇུག་ཏུ་ཀྲུང་ནན་རི་བོར་ལོག་པ།
རྩོམ་པ་པོ།
孟浩然
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

北阙休上书,南山归敝庐。

不才明主弃,多病故人疏。

白发催年老,青阳逼岁除。

永怀愁不寐,松月夜窗虚。

2 འགྱུར་ཡིག 

བྱང་སྒོར་ཞུ་ཡིག་ཕུལ་བར་མ་དགོས་པས༎

ནན་རིའི་རང་གི་གནས་རྙིང་ཞིག་པོར་ལོག །

མཁས་མཛངས་རྗེ་ཡིས་ཤེས་དམན་བདག་ངོར་ལ༎

ནད་བུ་མང་སྟབས་གྲོགས་དག་རིང་པོར་གྱེས༎

སྐྲ་ལོར་དཀར་པོས་མྱུར་དུ་རྒ་བར་སྐུལ༎

དཔྱིད་དུས་ཤར་ཚེ་འདས་ལ་རྗེས་སུ་བསྒྱུར༎

སྐྱོ་བས་གདུང་བས་མཚན་མོ་མལ་ཐབས་ཆག །

ཐང་ཤིང་ཟླ་འོད་སྒེའུ་ཁུང་སྟོང་བར་འཕྲོ༎

3 མཆན། 

བྱང་སྒོ། ཕོ་བྲང་གི་བྱང་ཕྱོགས་ཀྱི་སྒོ་མོ། 

ནན་རི། ཞན་རིའང་ཟེར་རོ༎ 

4 རྩོམ་པ་པོ་ངོ་སྤྲོད། 

མེང་ཧོ་རན། (689-740)དངོས་མིང་ལ་ཧོའོ་ཟེར་ཞིང་། ཞང་ཀྲུའུ་ཞང་དབྱང་གི་མི་ཡིན། ཐང་རྒྱལ་རབས་དུས་སྐབས་ཀྱི་སྐད་གྲགས་ཆེ་བའི་རི་ཆུ་ཞིང་སྡེའི་རིག་གནས་ཀྱི་གྲུབ་མཐའ་གཙོ་བོར་བྱེད་པའི་སྙན་ངག་པ་ཡིན་ལ། བརྩམས་ཆོས་ལ《མེང་ཧོ་རན་གྱི་གསུངས་རྩོམ་ཕྱོགས་བསྒྲིགས》བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག་བཞུགས་སོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

བྱང་སྒོ། ནན་རི། སྐྲ་ལོ།