མེ་ཏའོ་ཧྲིའི་སྤྱིལ་བུར་གསོལ་སྟོན་བཤམས་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:28ལ་འགྲུབ།

མེ་ཏའོ་ཧྲིའི་སྤྱིལ་བུར་གསོལ་སྟོན་བཤམས་པ།

མེ་ཏའོ་ཧྲིའི་སྤྱིལ་བུར་གསོལ་སྟོན་བཤམས་པ།
སྙན་ངག་འདིའི་ནང་དུ་མེ་ཏའོ་ཧྲིས་གདན་ཞུ་བྱས་ནས་གསོལ་སྟོན་བཤམས་པའི་བརྒྱུད་རིམ་དང་། ཏོ་ཧྲི་འདུག་སའི་ཡུལ་ལྗོངས་ལ་བསྔགས་བརྗོད་བྱས་དེ། རྩོམ་པ་པོས་ཉམས་མེད་ཀྱི་འཚོ་བ་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
宴梅道士山房
འགྱུར་ཡིག་གི་ཁ་བྱང་།
མེ་ཏའོ་ཧྲིའི་སྤྱིལ་བུར་གསོལ་སྟོན་བཤམས་པ།
རྩོམ་པ་པོ།
孟浩然
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

林卧愁春尽,搴帷览物华。

忽逢青鸟使,邀入赤松家。

金灶初开火,仙桃正发花。

童颜若可驻,何惜醉流霞。

2 འགྱུར་ཡིག 

ནགས་སུ་གནས་འཆའ་དཔྱིད་དཔལ་རྫོགས་པར་འཚེར༎

རལ་ཡོལ་ཕྱེས་ཏེ་ཡུལ་ལྗོངས་མཛེས་པར་བལྟ༎

ལམ་ཁར་བྱ་སྔོན་ཕོ་ཉར་འཕྲད་གྱུར་ནས༎

ཁྲི་སུང་ལྷ་ཡི་གནས་སུ་གདན་དྲངས་སོ༎

གསེར་གྱི་ཐལ་ཀའི་མེ་ཁ་སོ་མར་ཕྱེས༎

ལྷ་ཡི་ཁམ་བུའི་མེ་ཏོག་རྒྱས་བཞིན་མཆིས༎

གཞོན་ནུའི་ཤ་ཚུགས་རྟག་དུ་ལྡན་གྱུར་ན༎ 

ལྷ་ཡི་བདུད་རྩིར་སྤྱོད་པ་ཅི་ལ་ཕངས༎ 

3 མཆན། 

མེ་ཏའོ་ཧྲི། རུས་མིང་ལ་མེ་ཟེར་བའི་ཆོས་པ་ཞིག 

བྱ་སྔོན། ཏའོ་ཅོའི་ཆོས་ལུགས་ཀྱི་ལྷའི་ཕོ་ཉ་བ་ཞིག་ཡིན། 

ཁྲི་སུང་། ལྷ་ཞིག་གི་མིང་ངོ་༎ 

གསེར་ཀྱི་ཐམ་ཀ ལྷའི་རིལ་བུ་བསྒྲུབ་དུས་ཀྱི་ཐབ་ཀ

4 རྩོམ་པ་པོ་ངོ་སྤྲོད། 

མེང་ཧོ་རན། (689-740)དངོས་མིང་ལ་ཧོའོ་ཟེར་ཞིང་། ཞང་ཀྲུའུ་ཞང་དབྱང་གི་མི་ཡིན། ཐང་རྒྱལ་རབས་དུས་སྐབས་ཀྱི་སྐད་གྲགས་ཆེ་བའི་རི་ཆུ་ཞིང་སྡེའི་རིག་གནས་ཀྱི་གྲུབ་མཐའ་གཙོ་བོར་བྱེད་པའི་སྙན་ངག་པ་ཡིན་ལ། བརྩམས་ཆོས་ལ《མེང་ཧོ་རན་གྱི་གསུངས་རྩོམ་ཕྱོགས་བསྒྲིགས》བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག་བཞུགས་སོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎