ཀྲུའུ་ཙི་དང་མཉམ་དུ་ཞན་ཧྲན་རི་བོ་ལ་འགོས་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:27ལ་འགྲུབ།

ཀྲུའུ་ཙི་དང་མཉམ་དུ་ཞན་ཧྲན་རི་བོ་ལ་འགོས་པ།

ཀྲུའུ་ཙི་དང་མཉམ་དུ་ཞན་ཧྲན་རི་བོ་ལ་འགོས་པ།
སྙན་ངག་འདིའི་ནང་དུ་རྩོམ་པ་པོས་གྲོགས་པོ་ཀྲུའུ་ཙི་དང་མཉམ་དུ་ཞན་ཧྲན་རི་བོར་འཛེགས་ནས་དབྱང་ཧུའུ་རྡོ་རིང་ལ་མཇལ་ནས་གནའ་དེང་རྗེས་དྲན་བྱས་པ་བྲིས་ཏེ། རང་གི་ཕུགས་བསམ་སྟོང་པར་གྱུར་ཡིད་ལ་འཁོར་བའི་སྐྱོ་སེམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
与诸子登岘山
འགྱུར་ཡིག་གི་ཁ་བྱང་།
ཀྲུའུ་ཙི་དང་མཉམ་དུ་ཞན་ཧྲན་རི་བོ་ལ་འགོས་པ།
རྩོམ་པ་པོ།
孟浩然
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

人事有代谢,往来成古今。

江山留胜迹,我辈复登临。

水落鱼梁浅,天寒梦泽深。

羊公碑尚在,读罢泪沾襟。

2 འགྱུར་ཡིག 

འཇིག་རྟེན་བྱ་གཞག་རྙིང་པ་གསར་པས་བརྗེས༎

ལོ་ཟླ་འགྲོ་དང་འོང་བའི་གནའ་དེང་གྲུབ༎

རི་ཀླུང་འདི་རུ་གནའ་ཤུལ་གྲགས་ཅན་མང་༎

ངེད་ཅག་སླར་ཡང་འགོས་ཏེ་གཟིགས་མོ་བྱས༎

གཙང་པོ་བྲིས་བས་བྱེ་སྒང་མཐོ་གྱུར་ལ༎

གནམ་གཤིས་གྲང་བས་མེང་ཙིའི་ན་འདམ་ཟབ༎

དབྱང་ཧུའུ་རྡོ་རིང་ད་རུང་གནས་འདུག་པ༎

བཀླགས་པའི་རྗེས་སུ་མཆི་མས་གྱོན་པ་བརླན༎

3 མཆན། 

ཀྲུའུ་ཙི། རྩོམ་པ་པོའི་གྲོགས་པོ་ཞིག 

ཞན་ཧྲན། ཧུའུ་པའེ་ཞིང་ཆེན་ཞང་དབྱང་རྫོང་གི་ལྷོ་ཕྱོགས་སུ་ཡོད། 

མེང་ཙི། ན་འདམ་ཆེན་པོ་ཞིག་གི་མིང་། 

4 རྩོམ་པ་པོ་ངོ་སྤྲོད། 

མེང་ཧོ་རན། (689-740)དངོས་མིང་ལ་ཧོའོ་ཟེར་ཞིང་། ཞང་ཀྲུའུ་ཞང་དབྱང་གི་མི་ཡིན། ཐང་རྒྱལ་རབས་དུས་སྐབས་ཀྱི་སྐད་གྲགས་ཆེ་བའི་རི་ཆུ་ཞིང་སྡེའི་རིག་གནས་ཀྱི་གྲུབ་མཐའ་གཙོ་བོར་བྱེད་པའི་སྙན་ངག་པ་ཡིན་ལ། བརྩམས་ཆོས་ལ《མེང་ཧོ་རན་གྱི་གསུངས་རྩོམ་ཕྱོགས་བསྒྲིགས》བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག་བཞུགས་སོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎