ཏུང་ཐེན་མཚེའུར་བློན་པོ་གྲང་ལགས་ཡོད་སར་སོང་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:28ལ་འགྲུབ།

ཏུང་ཐེན་མཚེའུར་བློན་པོ་གྲང་ལགས་ཡོད་སར་སོང་བ།

ཏུང་ཐེན་མཚེའུར་བློན་པོ་གྲང་ལགས་ཡོད་སར་སོང་བ།
སྙན་ངག་འདིའི་ནང་དུ་ཏུང་ཐིང་མཚེའུ་ཡི་བརྗིད་ཉམས་ཆེ་བའི་ཡུལ་ལྗོངས་དང་ཛ་དྲག་ཆེ་བའི་ཉམས་འགྱུར་བརྗོད་ཡོད་ལ། ཁྱད་པར་དུ་རྦ་རླབས་ལང་ལོང་དུ་འཕྱུར་བཞིན་པའི་ཏུང་ཐིང་མཚེའུ་རུ་གྲུ་གཟིངས་གཏོང་མི་ཐུབ་པ་དང་། དེ་བཞིན་དུ་ཉ་ལ་ཡིད་སེམས་ཆགས་པའི་བརྩེ་སེམས་བརྗོད་པ་བརྒྱུད་ནས། རང་ཉིད་ཀྱི་ཆབ་སྲིད་ཀྱི་སྤྲོ་སེམས་དང་རེ་བ་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
临洞庭上张丞相
འགྱུར་ཡིག་གི་ཁ་བྱང་།
ཏུང་ཐེན་མཚེའུར་བློན་པོ་གྲང་ལགས་ཡོད་སར་སོང་བ།
རྩོམ་པ་པོ།
孟浩然
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

八月湖水平,涵虚混太清。

气蒸云梦泽,波撼岳阳城。

欲济无舟楫,端居耻圣明。

坐观垂钓者,徒有羡鱼情。

2 འགྱུར་ཡིག 

ཁྲུམས་ཟླར་མཚེའུ་རྒྱས་ཏེ་འགྲམ་དང་མཉམ༎

དེ་ཡི་ཆུ་དང་ཀུན་གསལ་དབྱེར་མེད་འདྲེས༎

ཡོན་མེང་ན་འདམ་རླངས་པས་བཏུམས་གྱུར་ལ༎

ཆལ་ཆིལ་རླབས་ཀྱིས་ཡའེ་དབྱང་གྲོང་ཁྱེར་སྒུལ༎

ཕ་རོལ་སྒྲོལ་བར་འདོད་ཀྱང་གྲུ་ཡིས་དབུལ༎

དབེན་པར་བསྡད་ཚེ་ཞི་བདེའི་དུས་ལ་གནོང་༎

ཉ་གཤོར་བ་ལ་ཅེར་ཅེར་བལྟས་པ་ན༎

ཉ་ལ་ཆགས་པའི་སྣང་བ་ངང་གིས་འཕེལ༎

3 མཆན། 

ཏུང་ཐེན་མཚེའུ། ཧུའུ་ནན་བྱང་ཕྱོགས་སུ་ཡོད། 

ཁྲུམས་ཟླ། ཟླ་བ་བརྒྱད་པའོ༎ 

ཡོན་མིང་། ཧུའུ་པའེ་དང་ཧུའུ་ནན་དུ་ཡོད་པའི་ན་འདམ་ཆེན་པོ་ཞིག

ཡའེ་དབྱང་། ད་ལྟའི་ཧུའུ་ནན་གྱི་ཡའེ་དབྱང་གྲོང་ཁྱེར། 

4 རྩོམ་པ་པོ་ངོ་སྤྲོད། 

མེང་ཧོ་རན། (689-740)དངོས་མིང་ལ་ཧོའོ་ཟེར་ཞིང་། ཞང་ཀྲུའུ་ཞང་དབྱང་གི་མི་ཡིན། ཐང་རྒྱལ་རབས་དུས་སྐབས་ཀྱི་སྐད་གྲགས་ཆེ་བའི་རི་ཆུ་ཞིང་སྡེའི་རིག་གནས་ཀྱི་གྲུབ་མཐའ་གཙོ་བོར་བྱེད་པའི་སྙན་ངག་པ་ཡིན་ལ། བརྩམས་ཆོས་ལ《མེང་ཧོ་རན་གྱི་གསུངས་རྩོམ་ཕྱོགས་བསྒྲིགས》བམ་པོ་གསུམ་གྱི་བདག་ཉིད་ཅན་ཞིག་བཞུགས་སོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎