ཀྲུང་ནན་སྤྲོ་ཁང་།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:23ལ་འགྲུབ།

ཀྲུང་ནན་སྤྲོ་ཁང་།

ཀྲུང་ནན་སྤྲོ་ཁང་།
སྙན་ངག་འདིའི་ནང་དུ་རྩོམ་པ་པོས་དབེན་སར་སྡོད་མཁན་ཞིག་གི་གཟུགས་བརྙན་གསོན་ཉམས་ལྡན་པའི་སྒོ་ནས་འབྲི་བཞེངས་བྱས་ཏེ། ཡུལ་གྱར་བའི་མི་དག་གི་བློ་རྒྱ་ཆེན་པོ་མཚོན་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
终南别业
འགྱུར་ཡིག་གི་ཁ་བྱང་།
ཀྲུང་ནན་སྤྲོ་ཁང་།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

中岁颇好道,晚家南山陲。

兴来每独往,胜事空自知。

行到水穷处,坐看云起时。

偶然值林叟,谈笑无还期。

2 འགྱུར་ཡིག 

དར་མའི་དུས་སུ་དམ་པའི་ཆོས་ལ་དགའ༎

རྒན་པོར་གྱུར་ཚེ་ནན་རིར་གནས་མལ་འཆའ༎

སྤྲོ་ན་གཅིག་པུར་བག་ཕེབས་ངང་དུ་རྒྱུ༎

དགའ་འོས་དོན་པོ་རང་གིས་མྱང་བར་བྱ༎

སོང་སྟེ་གཙང་པོའི་མཐའ་ལ་སླེབས་པའི་མོད༎

ཙོག་པུར་བསྡད་དེ་ཆུ་འཛིན་རོལ་བར་བལྟ༎

གློ་བུར་ནགས་ཀྱི་བགྲེས་པོ་དང་འཕྲད་པས༎

དགོད་བྲོའི་གཏམ་གྱིས་ལོག་པའི་དུས་ཀྱང་བརྗེད༎

3 མཆན། 

ཀྲུང་ནན། ནན་རིའང་ཟེར། རི་བོ་ཞིག་གི་མིང་། 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

དར་མ། རྒན་པོ། གློ་བུར། ཆུ་འཛིན།