ཧན་ཅང་གཙང་བོ་ནས་རྒྱང་མིག་བལྟ་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:20ལ་འགྲུབ།

ཧན་ཅང་གཙང་བོ་ནས་རྒྱང་མིག་བལྟ་བ།

ཧན་ཅང་གཙང་བོ་ནས་རྒྱང་མིག་བལྟ་བ།
སྙན་ངག་འདིའི་ནང་དུ་ཧན་ཅང་གཙང་པོའི་མཐའ་འཁོར་གྱི་བརྗིད་ཉམས་དོད་པའི་ཡུལ་ལྗོངས་ཞིབ་འབྲི་བྱས་ཏེ། སྙན་ངག་པས་མཛེས་སྡུག་ལྡན་པའི་ཡུལ་ཁམས་དང་རི་ཆུ་མྱུལ་འདོད་པའི་རེ་སྨོན་མཚོན་པར་བྱས་ཡོད་ལ། ཁྱད་པར་དུ་ས་གནས་ཀྱི་སྲིད་འཛིན་དཔོན་ཆུང་དག་གི་བྱས་རྗེས་ལ་བསྔགས་བརྗོད་བྱེད་པའི་བསམ་པ་ཡང་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
汉江临眺
འགྱུར་ཡིག་གི་ཁ་བྱང་།
ཧན་ཅང་གཙང་བོ་ནས་རྒྱང་མིག་བལྟ་བ།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

楚塞三湘接,荆门九派通。

江流天地外,山色有无中。

郡邑浮前浦,波澜动远空。

襄阳好风日,留醉与山翁。

2 འགྱུར་ཡིག 

ཁྲོའུ་རྒྱལ་བས་མཐར་ཅང་གསུམ་གཙང་པོ་འབྲེལ༎

ཅིན་མིན་རི་བོར་ཆུ་ལག་སྣ་དགུ་འདྲེས༎

གཙང་ཆེན་གནམ་སའི་ཕྱི་ལ་བཞུར་བ་ལྟར༎

རི་བོའི་མདངས་ནི་ཡོད་མེད་འཕྱང་མོ་ཉུག །

ཁུལ་དང་རྫོང་ནི་ཆུ་ཁར་གཡེངས་དང་མཚུངས༎

རྦ་ཀློང་འཁྲུགས་པས་བར་སྣང་སྤྲིན་པ་འཁྱོམ༎

ཞང་དབྱང་གནའ་གྲོང་ཡུལ་ལྗོངས་མཛེས་པ་ལ༎

རི་ཁྲོད་པ་དང་མཉམ་མྱོ་ཡོང་བར་སྒུག །

3 མཆན། 

ཧན་ཅང་། གཙང་བོ་ཞིག་གི་མིང་སྟེ། ད་ལྟའི་ཧྲན་ཞི་ཞིང་ཆེན་ིན་ཆང་རྫོང་དུ་ཡོད། 

ཁྲོའུ་རྒྱལ། གནའ་བོའི་རྒྱལ་ཁབ་ཅིག 

ཅིན་མིན་རི་བོ། ཧུའུ་པའེ་ཞིང་ཆེན་གྱི་རི་བོ་ཞིག 

རི་ཁྲོད་པོ། ཅིན་རྒྱལ་རབས་སུ་ལྷོ་འདུལ་དུ་མངགས་པའི་དམག་དཔོན་ཞིག 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎