ཅི་ཀྲིའི་ལི་ཁུལ་དཔོན་སྐྱེལ་བ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:20ལ་འགྲུབ།

ཅི་ཀྲིའི་ལི་ཁུལ་དཔོན་སྐྱེལ་བ།

ཅི་ཀྲིའི་ལི་ཁུལ་དཔོན་སྐྱེལ་བ།
སྙན་ངག་པས་ཅི་ཀྲོའུ་ཡི་ནགས་ཚལ། དེ་བཞིན་ཡུལ་སྲོལ་དང་དམངས་སྲོལ་སོགས་བརྗོད་དེ། གྲོགས་པོ་ཚོས་ཅི་ཀྲོའུ་རུ་བྱས་རྗེས་འཇོག་དགོས་པར་ལྕག་སྐུལ་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
送梓州李使君
འགྱུར་ཡིག་གི་ཁ་བྱང་།
ཅི་ཀྲིའི་ལི་ཁུལ་དཔོན་སྐྱེལ་བ།
རྩོམ་པ་པོ།
王维
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

万壑树参天,千山响杜鹃。

山中一夜雨,树杪百重泉。

汉女输橦布,巴人讼芋田。

文翁翻教授,不敢倚先贤。

2 འགྱུར་ཡིག 

གྲོག་རོང་ཁྲི་ལ་ལྗོན་ཤིང་གནམ་དུ་ཟུག །

རི་བོ་སྟོང་ལ་ཁུ་བྱུག་མགྲིན་སྒྲ་སྒྲོག །

མཚན་མོར་རི་བོར་ཆར་གྱིས་བྲན་གྱུར་བས༎

ཡལ་ག་བརྒྱ་ཡི་སྟེང་དུ་ཆུ་མིག་རྡོལ༎

ཙི་ཀྲིའུ་བུ་མོས་རས་ཀྱི་ཁྲལ་འཇལ་བ༎

པ་མིས་ཞོག་ཁོག་ཞིང་ས་གཏུགས་པར་བྱ༎

ཝུན་ཝུང་ལུགས་བཟང་སྐྱར་ཏུ་སྤེལ་བར་མཛོད༎

སྔོན་བྱོན་མཛད་རྗེས་ཁོ་ནར་མ་རྟེན་ཨང་༎

3 མཆན། 

ཙི་ཀྲིའུ། ད་ལྟའི་སིཁྲོན་ཞིང་ཆེན་སན་ཐའེ་རྩོད་ཡིན། 

ལི་ཁུལ་དཔོན། རུས་མིང་ལ་ལི་ཟེར་བའི་ཁུལ་དཔོན་ཞིག 

པ། གནའ་བོའི་རྒྱལ་ཁབ་ཅིག་གི་སྟེ། ད་ལྟའི་སི་ཁྲོན་གྱི་ནུབ་ཕྱོགས། 

4 རྩོམ་པ་པོ་ངོ་སྤྲོད། 

ཝང་ཝེ། (701-761ཡང་ན། 699-761)ཧོ་ཏུང་ཕུའུ་ཁུལ་གྱི་མི་ཡིན་ལ། ཕ་ཡུལ་ནི་ཧྲན་ཞིའི་ཆི་རྫོང་ཡིན། ཐང་རྒྱལ་རབས་སྐབས་ཀྱི་མིང་དུ་གྲགས་པའི་སྙན་ངག་པ་དང་། རི་མོ་བ་ཡིན། བརྩམས་ཆོས་ལ《ཕན་ཚུན་དྲན་པ》སོགས་སྙན་ངག་བཞི་བརྒྱ་དང་ལྷག་དང་། དེ་མིན《ཝང་ཡིའུ་ཁྲང་གི་གསུང་རྩོམ་ཕྱོགས་བསྒྲིགས》དང《རི་མོའི་མན་ངག》སོགས་ཡོད་དོ༎

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎