ཕུའུ་ལི་སི་ཐེ་ལི།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-02 15:21ལ་འགྲུབ།

ཕུའུ་ལི་སི་ཐེ་ལི།

ཕུའུ་ལི་སི་ཐེ་ལི་ནི་དབྱང་རླུང་གི་ངོ་བོ་སྣ་ཚོགས་ཞིབ་བརྗོད་བྱེད་པའི་དབྱིན་ཇིའི་རྫས་འགྱུར་མཁས་པ་དང་པོ་ཡིན། ཁོང་ནི་འབར་རྒྱུའི་རྣམ་བཤད་ཀྱི་རྗེས་འཇུག་པ་ཡིན་པས། རིམ་བཞིན་རླུང་གཟུགས་གསར་བའི་ནང་དུ་འབར་རྒྱུ་ཉུང་ངུའམ་ཡང་ན་འབར་རྒྱུ་མེད་པ་ཐག་གཅོད་མཁན་དེ་ཡིན་ནོ།།
གཞི་རྩའི་གནས་ཚུལ།

དབྱིན་ཡིག་གི་མིང་།
J.(Joseph Priestiey.)
རྒྱལ་ཁབ།
དབྱིན་ཇི།
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ​ངོ་སྤྲོད།

ཕུའུ་ལི་སི་ཐེ་ལི་ནི་དབྱང་རླུང་གི་ངོ་བོ་སྣ་ཚོགས་ཞིབ་བརྗོད་བྱེད་པའི་དབྱིན་ཇིའི་རྫས་འགྱུར་མཁས་པ་དང་པོ་ཡིན།  ཁོང་ནི་འབར་རྒྱུའི་རྣམ་བཤད་ཀྱི་རྗེས་འཇུག་པ་ཡིན་པས།  རིམ་བཞིན་རླུང་གཟུགས་གསར་བའི་ནང་དུ་འབར་རྒྱུ་ཉུང་ངུའམ་ཡང་ན་འབར་རྒྱུ་མེད་པ་ཐག་བཅད་པས།  དེ་ལ་འབར་རྒྱུ་དོར་བའི་མཁའ་རླུང་ཟེར།  ལོ་དེར།  ཕུའུ་ལི་སི་ཐེ་ལི་ཡིས་དབྱང་རླུང་བཟོ་ཐབས་དང་ངོ་བོ་ཧྥ་རན་སེའི་རྫས་འགྱུར་རིག་པའི་མཁས་པ་ལ་ཝ་ཞི་ལ་བཤད།  ལ་ཝ་ཞི་ཡིས་དངོས་བཤེར་དེ་བསྐྱར་ཟློས་བྱས་ཏེ་པུའུ་ལི་སི་ཐེ་ལི་ཡིས་བཟོས་པའི་རླུང་གཟུགས་ནི་འབར་རྒྱུ་དོར་བའི་མཁའ་རླུང་མིན་པར་དེ་ནི་འབར་རོགས་བྱེད་པའི་དབྱང་རླུང་ཡིན་པ་བསྟན།

ཕུའུ་ལི་སི་ཐེ་ལི་ནི་སྤྱི་ལོ1733ལོའི་ཟླ3པའི་ཚེས13ཉིན་ལི་ཚེ་གྲོང་ཁྱེར་ཉེ་འདབས་ཀྱི་ཧྥེར་ཏེ་ཧི་ཏེ་རུ་སྐྱེས། ཡ་ཀྲུའོ་ནའོ་སེན་པའོ་ལན་དུ་སྐུ་འདས།  སྤྱི་ལོ1765ལོར་ཨེ་ཏེན་པའོ་སློབ་གྲྭ་ཆེན་མོའི་རྒྱལ་ཁྲིམས་རབ་འབྱམས་པའི་སློབ་ཐོན་ལག་ཁྱེར་ཐོབ།  ཁོང་གི་ལས་རིགས་ནི་ཡེ་ཤུའི་ཆོས་འཆད་མཁན་ཡིན་པ་དང་།  རྫས་འགྱུར་ནི་ཁོང་གི་ལས་ཞོར་གྱི་དགའ་ཕྱོགས་ཤིག་ཡིན།   སྤྱི་ལོ1766ལོར་དབྱིན་ཇིའིགོང་མ་ཚང་གི་སློབ་ཚོགས་ཀྱི་ཚོགས་མིར་བདམས།  སྤྱི་ལོ1782ལོར་ཕ་རི་སིའི་གོང་མའི་ཚན་རིག་གླིང་གི་ཕྱི་རྒྱལ་གྱི་ཡོན་ཧྲི་རུ་བདམས།  ཁོང་གི་བྱས་རྗེས་ཆེན་པོ་ནི་དབྱང་དང་རླུང་གཟུགས་གཞན་པ་རྟོགས་པ་དེ་རེད།  སྤྱི་ལོ1772ལོར་དབྱང་གཉིས་ཏན་རྫས་རྟོགས་པ་དང་།  སྤྱི་ལོ1773ལོར་ཨེམ་རྟོགས།  སྤྱི་ལོ1774ལོར་ཁོང་གིས་དཀྱིལ་འབུར་ཤེལ་ཆེན་པོ་བཀོལ་ནས་ཉི་འོད་ཕྱོགས་གཅིག་ཏུ་བསྡུས་ཏེ་དབྱང་ཆུལ་རྫས་ལ་ཚ་སྣོན་བྱས་པ་དང་།  ཆུ་འབུད་རླུང་འདུ་ཐབས་ཀྱིས་དེ་ལས་བྱུང་བའི་རླུང་གཟུགས་བསྡུས་པར་མ་ཟད།  རླུང་གཟུགས་རིགས་དེའི་ངོ་བོར་ཞིབ་འཇུག་བྱས། ཁོང་གིས་རླུང་གཟུགས་དེའི་ནང་དུ་པྲ་ཚིལ་དྲག་ཏུ་འབར་བ་དང་།  ཙི་གུ་ནི་དམ་བེའི་ནང་དུ་གསོན་པོའི་ཡུན་ཚད་ཤོང་ཚད་གཅིག་འདྲའི་མཁའ་རླུང་དཀྱུས་མ་ལས་ལྡབ་གཉིས་ཡིན་པ་བཅས་ཤེས།  རླུང་གཟུགས་རིགས་འདི་ནི་རྗེས་སུ་དབྱང་རླུང་ཞེས་འབོད་པ་དེ་ཡིན། པུའུ་ལི་སི་ཐེ་ལི་ཡིས་དབྱང་རླུང་རྟོགས་པའི་དུས་སྐབས་དེར་སུའེ་ཏེན་གྱི་རྫས་འགྱུར་རིག་པ་བ་ཧྲི་ལེས་ཡིས་ཀྱང་དབྱང་རླུང་བཟོས། 

2 བརྩམས་ཆོས།

པུའུ་ལི་སི་ཐེ་ལི་ཡི་བརྩམས་ཆོས་གཙོ་བོ་ནི་སྤྱི་ལོ1766ལོའི《གློག་རིག་ལོ་རྒྱུས》དང་།  སྤྱི་ལོ1772ལོའི《འོད་རིག་ལོ་རྒྱུས》   སྤྱི་ལོ1774ལོ་ནས་སྤྱི་ལོ1777ལོའི《མཁའ་རླུང་སྣ་ཚོགས་དངོས་བཤེར་དང་ལྟ་ཞིབ》སོགས་ཡོད།


བརྡ་འགྲེལ་གདོང་འཛར།

རྒྱལ་ཁྲིམས། སློབ་ཚོགས། རབ་འབྱམས།