འབྱར་ཆེན་བཅོ་བརྒྱད།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

འབྱར་ཆེན་བཅོ་བརྒྱད།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་ཚ་བསྐ་རྩུབ་པ། ནུས་པ་བསིལ་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། བྱུགས་འབྱར་མེ་ཉིར་བདུག་སོགས་བློས་དཔག་གིས༎ དྲེག་གྲུམ་འབམ་སྐྲངས་ཟ་འཕྲུག་ཆུ་སེར་ནད༎ རྩ་དཀར་རྐང་བཤལ་ཆུ་བ་རེངས་འཁུམས་སོགས༎ ཀུན་སེལ་འབྱར་ཆེན་བཅོ་བརྒྱད་ཅེས་གྲགས་སོ༎
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
འབྱར་ཆེན་བཅོ་བརྒྱད།
ཁོངས་གཏོགས།
གསོ་རིག
མདོག
སེར་སྐྱ།
ངོ་བོ།
རོ་ཚ་བསྐ་རྩུབ་པ། ནུས་པ་བསིལ་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
བྱུགས་འབྱར་མེ་ཉིར་བདུག་སོགས་བློས་དཔག་གིས༎ དྲེག་གྲུམ་འབམ་སྐྲངས་ཟ་འཕྲུག་ཆུ་སེར་ནད༎ རྩ་དཀར་རྐང་བཤལ་ཆུ་བ་རེངས་འཁུམས་སོགས༎ ཀུན་སེལ་འབྱར་ཆེན་བཅོ་བརྒྱད་ཅེས་གྲགས་སོ༎
བསྟེན་ཐབས།
སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ5-9རེ་ཚ་གྲང་ལ་གཞིགས་ནས་ཆུའམ་དྲི་ཆུ། གླུམ་མམ་མར་རྙིང་སོགས་གང་འོས་ཀྱིས་འབྱར་བྱ་དགོས།
1 སྡེབ་ཁ།

ཅོང་ཞི20 སྦལ་རྒྱབ10 མདུང་རྩེ10 གསེར་རྡོ10 དངུལ་རྡོ10 རག་གི་རྡོ10 བ་ནུ10 རྡོ་རྒྱུས10 མཐིང་རྒྱུས10དང་། སྨན་ཆེན15 ཐར་ནུ15 ཀྱི་ལྕེ15 རེ་ལྕག15 ཆུ་སེར་སྨན་གསུམ15རེ། སྟག་ཤ15 སྒ་ཏིག15བཅས་སྦྱོར་དགོས། 

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་འབྱར་སྨན་གྱི་ཕྱེ་མ་སྨན་གྱི་སྦྱོར་བ་ཞིག་ཡིན།  

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་ཚ་བསྐ་རྩུབ་པ། ནུས་པ་བསིལ་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། བྱུགས་འབྱར་མེ་ཉིར་བདུག་སོགས་བློས་དཔག་གིས༎ དྲེག་གྲུམ་འབམ་སྐྲངས་ཟ་འཕྲུག་ཆུ་སེར་ནད༎ རྩ་དཀར་རྐང་བཤལ་ཆུ་བ་རེངས་འཁུམས་སོགས༎ ཀུན་སེལ་འབྱར་ཆེན་བཅོ་བརྒྱད་ཅེས་གྲགས་སོ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ5-9རེ་ཚ་གྲང་ལ་གཞིགས་ནས་ཆུའམ་དྲི་ཆུ། གླུམ་མམ་མར་རྙིང་སོགས་གང་འོས་ཀྱིས་འབྱར་བྱ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་འབྱར་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།