འབྲས་ཡོས་སུམ་ཐང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

འབྲས་ཡོས་སུམ་ཐང་།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་མངར་བ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། སྐྱུགས་པ་གཅོད་པའི་གདམས་པ་མཆོག་ཏུ་བཤད།
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
འབྲས་ཡོས་སུམ་ཐང་།
ཁོངས་གཏོགས།
གསོ་རིག
མདོག
སེར་སྐྱ།
ངོ་བོ།
རོ་མངར་བ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
སྐྱུགས་པ་གཅོད་པའི་གདམས་པ་མཆོག་ཏུ་བཤད།
བསྟེན་ཐབས།
སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ1-2རེ་གདུས་ཏེ་ཕུལ་དགོས།
1 སྡེབ་ཁ།

འབྲས་ཡོས30 ཤིང་མངར30 སུག་སྨེལ30བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཐང་སྨན་གྱི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སེར་སྐྱ་ཅན། རོ་མངར་བ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། 

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྐྱུགས་པ་གཅོད་པའི་གདམས་པ་མཆོག་ཏུ་བཤད།

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2-3དང་ཐེངས་རེར་ཁེ1-2རེ་གདུས་ཏེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཐང་གི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།