ཨ་རུ30 བ་རུ30 སྐྱུ་རུ30བཅས་སྦྱོར་དགོས།
ཁ་ཚར་སྨན:ཛཱ་ཏི15 ཁ་རུ་ཚྭ13 པི་ལིང20 སུག་སྨེལ18 བཅའ་སྒ15བཅས་སྡེབ་དགོས།
གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པ་དེ་འབྲི་མོའི་འོ་མ་རྒྱ་མ8དུ་བཏབས་ཏེ་ཁུ་བ་རང་ཐིམ་དུ་བཙོས་ལ་ཁ་ཚར་སྨན་རྣམས་བསྲེས་ནས་མར་གསར་གཙོས་པའི་དཀར་གསུམ་དང་མངར་གསུམ300དང་སྦྱར་ནས་རིལ་བུ་ཁེ1-2ཙམ་དྲིལ་བའི་སྨན་མར་རིལ་བུའི་སྦྱོར་བ་ཞིག་ཡིན།
སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་མངར་ལ་སྐྱུར་བ། དྲི་ཞིམ་པ། ནུས་པ་སྙོམས་པའམ་དྲོད་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
སྨན་འདིའི་ཕན་ཡོན་ནི། འབྲས་བུ་གསུམ་གྱི་སྨན་མར་རྒས་དཀའ་སྲ༎ མིག་དང་རྣ་བ་སོ་དང་སྣ་ཡི་ནད༎ མགོ་ནས་རྩ་བྱེར་རྣག་འབྱམས་རླུང་ནད་སེལ༎ ཁྱད་པར་སྙིང་ལ་ལ་རླུང་ཞུགས་འཇོམས་པའི་མཆོག།
སྨན་འདི་ནི་ཉིན་རེའི་ཞོགས་པར་ཐེངས་རེ་དང་ཐེངས་རེར་ཁེ2རེ་ཕུལ་དགོས།
སྨན་འདི་ནི་སྨན་མར་རིལ་བུའི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།