འབྲས་བུ་སུམ་ཐང་།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

འབྲས་བུ་སུམ་ཐང་།

སྨན་འདི་ཁ་དོག་དམར་སྐྱ་ཅན། རོ་སྐྱུར་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། ཐང་གིས་རིམས་འཁྲུགས་ཚ་བའི་ནད་ཀྱི་རིགས༎ གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད༎
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
འབྲས་བུ་སུམ་ཐང་།
ཁོངས་གཏོགས།
གསོ་རིག
མདོག
དམར་སྐྱ།
ངོ་བོ།
རོ་སྐྱུར་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
ཐང་གིས་རིམས་འཁྲུགས་ཚ་བའི་ནད་ཀྱི་རིགས༎ གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད༎
བསྟེན་ཐབས།
སྨན་འདི་ནི་ཉིན་རེར་ཐེངས2-3དང་། ཐེངས་རེར་ཁེ1-2རེ་གདུས་ཏེ་ཕུལ་དགོས།
1 སྡེབ་ཁ།

ཨ་རུ30 བ་རུ30 སྐྱུ་རུ30བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་ཐང་སྨན་གྱི་སྦྱོར་བ་ཞིག་ཡིན། 

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་དམར་སྐྱ་ཅན། རོ་སྐྱུར་བ། ནུས་པ་བསིལ་བའི་སྨན་གྱི་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། ཐང་གིས་རིམས་འཁྲུགས་ཚ་བའི་ནད་ཀྱི་རིགས༎ གསར་རྙིང་མ་ལུས་སེལ་ཞིང་སྨིན་པར་བྱེད༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉིན་རེར་ཐེངས2-3དང་། ཐེངས་རེར་ཁེ1-2རེ་གདུས་ཏེ་ཕུལ་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་ཐང་གི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།