དབང་གསལ་བཅུ་གསུམ།སྔ་མའི་པར་གཞི་དེ གསེར་ཞང་འཇམ་བསོད།  ནས 2020-01-02 08:52ལ་འགྲུབ།

དབང་གསལ་བཅུ་གསུམ།

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ཅུང་བསྐ་ལ་ཚ་བ། དྲི་ཞིམ་པ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན། སྨན་འདིའི་ཕན་ཡོན་ནི། སྣར་འཐེན་ན་དབང་བོ་གསལ་བ་དང་༎ གདོང་སྲིན་སྣ་འགག་སོགས་སེལ༎
གཞི་རྩའི་གནས་ཚུལ།

སྨན་གྱི་མིང་།
དབང་གསལ་བཅུ་གསུམ།
ཁོངས་གཏོགས།
གསོ་རིག
མདོག
སྨུག་སྐྱ།
ངོ་བོ།
རོ་ཅུང་བསྐ་ལ་ཚ་བ། དྲི་ཞིམ་པ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།
ཕན་ཡོན།
སྣར་འཐེན་ན་དབང་བོ་གསལ་བ་དང་༎ གདོང་སྲིན་སྣ་འགག་སོགས་སེལ༎
བསྟེན་ཐབས།
སྨན་འདི་ནི་ཉེན་རེའི་ཐེངས2-3རེ་དང་ཐེངས་རེར་ཁེ2-3རེར་སྣར་འཐེན་དགོས།
1 སྡེབ་ཁ།

ཙན་དན་དཀར་པོ30 ཙན་དན་དམར་པོ15 ཨ་ག་རུ20 ཛཱ་ཏི15 ཀོ་ལ15 ལི་ཤི13 གླ་རྩི10 ཅུ་གང13 ཨ་རུ15 བ་རུ18 སྐྱུ་རུ15 སུག་སྨེལ13 རུ་རྟ16 ལང་ཐང་ཙེ20 བྱི་ཏང་ག20 མ་རུ་ཙེ25 སྒ་སྐྱ15 ཤིང་ཀུན17 གུ་གུལ15བཅས་སྦྱོར་དགོས།

2 བཟོ་ཐབས།

གོང་གི་སྨན་རྣམས་ཚད་ལྡན་དུ་སྦྱར་ནས་བཏགས་ཏེ་དར་ཚགས་མིག་བརྒྱ་ཅན་ལ་ཞིབ་མོར་བཙགས་ཏེ་བསྲེས་པའི་སྣ་སྨན་གྱི་སྦྱོར་བ་ཞིག་ཡིན།

3 མདོག་དང་ངོ་བོ།

སྨན་འདི་ཁ་དོག་སྨུག་སྐྱ་ཅན། རོ་ཅུང་བསྐ་ལ་ཚ་བ། དྲི་ཞིམ་པ། ནུས་པ་སྙོམས་པའི་སྨན་གྱི་སྦྱོར་བ་ཞིག་ཡིན།

4 ཕན་ཡོན་དང་གཙོ་བཅོས།

སྨན་འདིའི་ཕན་ཡོན་ནི། སྣར་འཐེན་ན་དབང་བོ་གསལ་བ་དང་༎ གདོང་སྲིན་སྣ་འགག་སོགས་སེལ༎

5 ཐུན་ཚད་དང་བསྟེན་ཐབས།

སྨན་འདི་ནི་ཉེན་རེའི་ཐེངས2-3རེ་དང་ཐེངས་རེར་ཁེ2-3རེར་སྣར་འཐེན་དགོས།

6 བཟོ་དབྱིབས་དང་ཉར་ཚགས།

སྨན་འདི་ནི་སྣ་སྨན་གྱི་སྦྱོར་བ་ཞིག་ཡིན་ལ། སྣོད་དམ་པོའི་ནང་བླུགས་ནས་རླན་ལ་འཛེམ་དགོས།