ལ་ཝ་ཞི།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-03 10:17ལ་འགྲུབ།

ལ་ཝ་ཞི།

ལ་ཝ་ཞི་ནི་འཇར་མན་གྱི་རྫས་འགྱུར་རིག་པའི་མཁས་པ་ཡིན་ལ། ཉེ་རབས་རྫས་འགྱུར་གྱི་རྨང་གཞི་འདིང་མཁན་ཡིན། སྤྱི་ལོ1743ལོའི་ཟླ8པའི་ཚེས26ཉིན་ཕ་རི་སུ་རུ་སྐྱེས་ཤིང་། སྤྱི་ལོ1794ལོའི་ཟླ5པའི་ཚེས8ཉིན། ཕ་རི་སུ་རུ་སྐུ་གཤེགས།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
拉瓦锡
ཁོངས་གཏོགས།
ཚན་རིག
རིགས་དབྱེ།
རྫས་འགྱུར།
1 ངོ་སྤྲོད།

དུས་རབས18པའི་དུས་སྨད་དུ་རྫས་འགྱུར་བསམ་བློ་སྔར་བས་རྙོག་འཛིང་དུ་གྱུར།  རྫས་འགྱུར་འགྱུར་འབྱུང་སྣ་ཚོགས་དང་རྫས་འགྱུར་གསར་རྟོགས་མང་པོ་བྱུང་བ་ལ་ཚན་རིག་པ་རྣམས་ཀྱིས་སྔར་བཞིན་འབར་རྒྱུའི་རྣམ་བཤད་སྤྱད་ནས་འགྲེལ་བཤད་བྱེད་དཀའ་བར་གྱུར། ལ་ཝ་ཞི་ཡིས་ཁོའི་ཕུལ་དུ་བྱུང་བའི་བྱ་བར་བརྟེན་ནས་ལོ་ངོ་བརྒྱ་ཙམ་རིང་གི་འབར་རྒྱུའི་རྣམ་བཤད་རྩ་བ་ནས་དགག་པར་མ་ཟད། ཉེ་རབས་རྫས་འགྱུར་གྱི་རྨང་གཞི་བཏིང་།

ལ་ཝ་ཞི་ནི་འཇར་མན་གྱི་རྫས་འགྱུར་རིག་པའི་མཁས་པ་ཡིན་ལ། ཉེ་རབས་རྫས་འགྱུར་གྱི་རྨང་གཞི་འདིང་མཁན་ཡིན། སྤྱི་ལོ1743ལོའི་ཟླ8པའི་ཚེས26ཉིན་ཕ་རི་སུ་རུ་སྐྱེས་ཤིང་།  སྤྱི་ལོ1794ལོའི་ཟླ5པའི་ཚེས8ཉིན་ཕ་རི་སུ་རུ་སྐུ་གཤེགས། སྤྱི་ལོ1763ལོར་རྒྱལ་ཁྲིམས་ཤེས་རམས་པའི་སློབ་ཐོན་ལག་ཁྱེར་ཐོབ།   སྤྱི་ལོ1764ལོ་ནས་བཟུང་ས་གཤིས་རིག་པར་ཞིབ་འཇུག་བྱེད་པའི་བྱ་བ་བསྒྲུབས། རྗེས་སུ་རྫས་འགྱུར་རིག་པ་བསླབས། སྤྱི་ལོ1772ལོར་ལ་ཝ་ཞི་ཡིས་མུ་ཟི་དང་། ལིན་འབར་སྐབས་ཇེ་ལྗིད་དུ་འགྲོ་བ་ནི་དེ་དག་གིས་མཁའ་རླུང་བསྡུས་པའི་ཚུལ་ཡིན་ཚུལ་བསྟན། སྤྱི་ལོ1774ལོར་ཁོས་ཕུའུ་ལི་སི་ཐེ་ལི་ཡིས་དབྱང་ཆུལ་རྫས་ལ་ཚི་སྣོན་བྱས་ནས་འབར་རྒྱུ་དོར་བའི་རླུང་བཟོ་བའི་དངོས་བཤེར་བྱས་ཏེ། ཕུའུ་ལི་སི་ཐེ་ལིས་བརྗོད་པའི་འབར་རྒྱུ་དོར་བའི་རླུང་ནི་དངོས་པོ་འབར་སྐབས་སུ་བསྡུས་པའི་ཁ་རླུང་དེ་ཡིན་པ་ཁ་ཚོན་བཅད་པར་མ་ཟད། རླུང་གཟུགས་རིགས་དེ་ནི་གཞི་རྒྱུ་ཞིག་རེད་སྙམ། སྤྱི་ལོ1777ཁོས་རླུང་གཟུགས་དེར་དབྱང་ཞེས་པའི་མིང་བཏགས།    

2 བྱས་རྗེས།

སྤྱི་ལོ1777ལོར་ལ་ཝ་ཞི་ཡིས་ཕ་རི་སིའི་ཚན་རིག་གླིང་ལ་དུས་རབས་བགོ་ནུས་པའི་དཔྱད་རྩོམ་འབར་ཚུལ་རགས་ཙམ་གླེང་བ་ཞེས་པ་ཞིག་ཕུལ། དེ་ལས་འབར་ཚུལ་གྱི་དབྱང་འགྱུར་རྣམ་བཤད་བཙུགས། ཁོང་གིས་དངོས་པོ་འབར་སྐབས་སུ་ཚ་བ་དང་འོད་གཏོང་ནུས་པ་དང་། དབྱང་རླུང་ཡོད་ཚེ་དངོས་པོ་ད་གཟོད་འབར་ཐུབ་པ། མཁའ་རླུང་ནི་གྲུབ་ཆ་སྣ་གཉིས་ཀྱིས་གྲུབ་པ། དངོས་པོ་མཁའ་རླུང་ནང་དུ་འབར་སྐབས་མཁའ་རླུང་ནང་གི་དབྱང་བསྡུས་པ་དང་། དངོས་པོ་ཇེ་ལྗིད་དུ་སོང་བ་ནི་བསྡུས་པའི་དབྱང་རླུང་གི་ལྗིད་ཚད་ཡིན་པ། སྤྱིར་བཏང་གི་འབར་རུང་དངོས་པོ་ལྕགས་རིགས་མིན་པ་འབར་རྗེས་སུ་སྐྱུར་དུ་འགྱུར་ལ། དབྱང་ནི་སྐྱུར་གྱི་ཐོག་མའི་ངོ་བོ་ཡིན་པ་དང་། སྐྱུར་ཚང་མའི་ནང་དུ་དབྱང་འདུས་ཡོད་པ། ལྕགས་རིགས་སྲེག་རྗེས་ཀྱི་སྲེག་ཐལ་ནི་ལྕགས་རིགས་ཀྱི་དབྱང་འགྱུར་རྫས་ཡིན་པ་སོགས་བསྟན།  ལ་ཝ་ཞིའི་དབྱང་འགྱུར་སྨྲ་བ་ཡིས་འབར་རྒྱུའི་རྣམ་བཤད་རྩ་བ་ནས་དགག་པས།  རྫས་འགྱུར་ཁྱབ་ཁོངས་སུ་ཉེ་རབས་ཚན་རིག་གསར་བརྗེ་ལ་རླབས་ཆེ་བའི་རྒྱལ་ཁ་ཐོབ།

3 བདེན་དཔང་བྱས་ཚུལ།

ལ་ཝ་ཞི་ཡིས་ཚན་རིག་ཞིབ་འཇུག་གི་བྱ་བ་སྒྲུབ་པ་ནས་བཟུང་།    ཞིབ་ཅིང་ཡང་དག་པའི་ཚད་འཇལ་ནི་ཚན་རིག་ཞིབ་འཇུག་ལ་མཚོན་ན་དོན་སྙིང་གལ་ཆེན་ལྡན་པ་རྟོགས་ཡོད།   ཁོང་གིས་ཚད་ངེས་དངོས་བཤེར་མང་པོ་བརྒྱུད་ནས།  དངོས་པོ་ནི་སྤྱིར་རྫས་འགྱུར་འགྱུར་འབྱུང་མང་པོའི་ཁྲོད་རྣམ་པ་འགྱུར་བ་ཡིན་ཡང་།   འགྱུར་འབྱུང་ལ་ཞུགས་པའི་དངོས་པོའི་སྤྱིའི་ཚད་ནི་འགྱུར་འབྱུང་སྔ་གཞུག་གཉིས་སུ་གཅིག་མཚུངས་ཡིན་པ་བདེན་དཔང་བྱས་ཏེ།  སྤུས་ཚད་བབརྟན་སྲུང་གཏན་སྲོལ་བདེན་དཔང་བྱས།  སྤྱི་ལོ1783ལོར།  ལ་ཝ་ཞི་དང་ཁ་ཝུན་ཏི་ཧྲི་གཉིས་ཀྱིས་ཆུ་ནི་གཞི་རྒྱུ་ཞིག་མིན་པར་ཆིང་དང་དབྱང་གཞི་རྒྱུ་གཉིས་ཀྱི་འདྲེས་འགྱུར་རྫས་ཤིག་ཡིན་པ་བདེན་དཔང་བྱས།  སྤྱི་ལོ1789ལོར།  ལ་ཝ་ཞི་ཡིས་ཁོའི་རྫས་འགྱུར་རགས་ཙམ་གླེང་བ་ཞེས་པའི་དཔེ་ཆའི་ནང་དུ་སྐབས་དེར་རྟོགས་པའི་གཞི་རྒྱུ་རིགས33དེ་ཐེངས་དང་པོར་རྫས་འགྱུར་གཞི་རྒྱུའི་རེའུ་མིག་ཏུ་བསྟར་སྒྲིག་བྱས།  གཞན་ཡང་།  ཁོང་གིས་ད་དུང་དངོས་པོ་རིགས་སོ་སོར་ཚན་རིག་གི་མིང་འདོག་ཐབས་གཏན་ཁེལ་བྱས་ཏེ།  ཚན་རིག་ལ་སྔ་ན་མེད་པའི་གོ་རིམ་དང་མ་ལག་བསྐྲུན་པས།  དེ་ནི་ཁོང་གིས་རྫས་འགྱུར་འཕེལ་རྒྱས་ལ་བཞག་པའི་བྱས་རྗེས་གཞན་པ་ཞིག་རེད།


བརྡ་འགྲེལ་གདོང་འཛར།

རླུང་གཟུགས། གཞི་རྒྱུ། ཉེ་རབས།