དམངས་ཁྲིམས་རིག་པ།སྔ་མའི་པར་གཞི་དེ དཀོན་མཆོག་སྒྲོལ་མ།༡  ནས 2020-01-03 10:09ལ་འགྲུབ།

དམངས་ཁྲིམས་རིག་པ།

དམངས་ཁྲིམས་རིག་པ་ནི་དམངས་ཁྲིམས་ཚད་ལྡན་དང་འབྲེལ་ཡོད་ཀྱི་ཚན་རིག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་བཅའ་ཁྲིམས་ཀྱི་ཚན་རིག་ཅིག་གོ།
གཞི་རྩའི་གནས་ཚུལ།

རྒྱ་ཡིག་གི་མིང་།
民法学
ཁོངས་གཏོགས།
ཁྲིམས་ལུགས།
རིགས་དབྱེ།
བཅའ་ཁྲིམས།
1 ངོ་སྤྲོད།

དམངས་ཁྲིམས་ཞེས་པའི་མིང་འདི་སྐབས་འགར་བཅའ་ཁྲིམས་རིག་ཚན་ནང་གི་དམངས་ཁྲིམས་ལ་གོ་དགོས་ཤིང་། སྐབས་འགར་ཁྲིམས་ལུགས་རིག་པའི་རིག་གཞུང་ཚན་ཁག་ནང་གི་དམངས་ཁྲིམས་རིག་པར་གོ་དགོས། དམངས་ཁྲིམས་རིག་པ་ནི་དམངས་ཁྲིམས་ཚད་ལྡན་དང་འབྲེལ་ཡོད་ཀྱི་ཚན་རིག་ཆོས་ཉིད་ལ་ཞིབ་འཇུག་བྱེད་པའི་བཅའ་ཁྲིམས་ཀྱི་ཚན་རིག་ཅིག་གོ།  དམངས་ཁྲིམས་རིག་པ་ཁྱབ་ཆེ་ཆུང་གཉིས་སུ་དབྱེ་ཡོད་དེ། ཁྱབ་ཆུང་བའི་དམངས་ཁྲིམས་རིག་པ་ཞེས་པ་ནི་ད་ལྟ་ལག་བསྟར་བྱེད་བཞིན་པའི་དམངས་ཁྲིམས་ཚད་ལྡན་རིག་པའམ་ཡང་ན་དམངས་ཁྲིམས་འགྲེལ་བཤད་རིག་པར་ཟེར། ཁྱབ་ཆེ་བའི་དམངས་ཁྲིམས་རིག་པའི་ནང་དུ་དམངས་ཁྲིམས་ཀྱི་མཚན་ཉིད་རིག་པ་དང་།  དམངས་ཁྲིམས་ཀྱི་སྤྱི་ཚོགས་རིག་པ། དམངས་ཁྲིམས་ཀྱི་ལོ་རྒྱུས་རིག་པ། ཞིབ་བསྡུར་དམངས་ཁྲིམས་རིག་པ་སོགས་འདུས།  དམངས་ཁྲིམས་རིག་པ་མཚོན་བྱའི་རྣམ་པ་ནི་བསླབ་དེབ་བམ་ཆེད་རྩོམ་ཡིན་ཆོག་ལ།  རིག་གཞུང་དཔྱད་རྩོམ་མམ་ཡང་ན་གསུང་བཤད་ཀྱང་ཡིན་ཆོག་པ་རེད།

2 ཁྱད་པར།

དམངས་ཁྲིམས་དང་དམངས་ཁྲིམས་རིག་པའི་ངོ་བོ་མི་འདྲ་སྟེ། དམངས་ཁྲིམས་ལ་རྒྱལ་ཁབ་ཀྱིས་བཙན་ཤེད་ཀྱི་ལག་བསྟར་བྱེད་ཐུབ་པའི་ཁག་ཐེག་ཡོད་ཅིང་། དམངས་ཁྲིམས་རིག་པ་ནི་གཞུང་ལུགས་རྐྱང་རྐྱང་ཙམ་ཡིན་པ་ལས་དེར་རྒྱལ་ཁབ་ཀྱི་བཙན་ཤེད་རང་བཞིན་མེད(བཅའ་ཁྲིམས་ནང་ཁྲིམས་གཞི་བཅའ་ཁྲིམས་ཀྱི་འབྱུང་ཁུངས་ཡིན་པ་གསལ་པོར་གཏན་འཁེལ་བྱས་ཡོད་པ་རིགས་འདིའི་ནང་དུ་མི་ཚུད)དམངས་ཁྲིམས་དང་དམངས་ཁྲིམས་རིག་པ་ཕན་ཚུན་བར་འབྲེལ་བ་ཡོད་ལ་ཤན་ཤུགས་ཀྱང་ཐེབས་ཡོད།