མཚན་ཟླ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:34ལ་འགྲུབ།

མཚན་ཟླ།

མཚན་ཟླ།
སྙན་ངག་འདི་ལས་སྙན་ངག་པས་ཁྲང་ཨན་གྱི་གཉེན་ཉེ་ལ་བཅངས་པའི་བསམ་ཚུལ་གསལ་པོར་བརྗོད་ནས། ཁོང་གིས་བུ་ཕྲུག་དང་བཟའ་ཟླར་བཅངས་པའི་བརྩེ་སེམས་མཚོན་པར་བྱས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
月夜
འགྱུར་ཡིག་གི་ཁ་བྱང་།
མཚན་ཟླ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

今夜鄜州月,闺中只独看。

遥怜小儿女,未解忆长安。

香雾云鬟湿,清辉玉臂寒。

何时倚虚幌,双照泪痕干。

2 འགྱུར་ཡིག 

དོ་ནུབ་ཧྥུ་ཀྲོའུ་མཁར་ཡི་ཟླ་བ་ནི༎

ཁབ་ཀྱི་ཆུང་མ་གཅིག་པུས་བལྟ་བྱར་གྱུར༎

རྒྱང་གི་གཅེས་ཕྲུག་བུ་དང་བུ་མོ་ཡིས༎

མ་ཡིས་ཁྲང་ཨན་དྲན་པ་ཅིའི་ཕྱིར་རྟོགས༎

དྲི་ཞིམ་སྤྲིན་གྱིས་མགོ་ཡི་གཙུག་ཏོར་བརླན༎

ཟླ་འོད་བསིལ་བས་གཡང་ཊིའི་དཔུང་བ་སྦྲེབས༎

ནམ་ཞིག་མཉམ་དུ་མལ་ཡོལ་ལ་བསྟེན་ཞིང་༎

ཟླ་འོད་ཁྱོ་ཤིག་ལ་འཕྲོས་མཆི་རྗེས་བསྐམས༎

3 མཆན། 

ཧྥུུ་ཀྲོའུ། ཧྲན་ཞི་ཞིང་ཆེན་ཞན་ཡིན་ལ་སྐབས་དེར་རྩོམ་པ་པོའི་བཟའ་ཚང་རྣམས་བསྡད་ཡོད། 

སྦྲེབས། གྲང་བར་གྱུར་བའི་དོན། 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎ 


བརྡ་འགྲེལ་གདོང་འཛར།

ཟླ་བ། ཆུང་མ། གཅེས་ཕྲུག དྲི་ཞིམ།