དཔོན་ཚང་གི་བུ་རྒྱུད་ལ་སྐྱོ་སྣང་སྐྱེས་པ།སྔ་མའི་པར་གཞི་དེ ལ་ཁ་གནམ་ལྷ་ཚེ་རིང  ནས 2020-01-02 10:35ལ་འགྲུབ།

དཔོན་ཚང་གི་བུ་རྒྱུད་ལ་སྐྱོ་སྣང་སྐྱེས་པ།

དཔོན་ཚང་གི་བུ་རྒྱུད་ལ་སྐྱོ་སྣང་སྐྱེས་པ།
སྙན་ངག་འདིའི་ཁྲོད་ཀྱི་ཡུལ་ལྗོངས་བྲིས་པ་ཡོད་པ་ནི་སྙན་ངག་པས་རང་ཉིད་ཀྱི་མྱོང་ཚོར་དངོས་བརྒྱུད་དེ་བྲིས་པ་ཡིན་པས། བརྩེ་དུང་ངོ་མ་དང་། དོན་བརྗོད་དོན་གསལ། ཁ་གསལ་གོ་བདེ། བྱམས་བརྩེ་ལྡན་པ་བཅས་ཀྱིས་བཅངས་ཡོད་དོ༎
གཞི་རྩའི་གནས་ཚུལ།

མ་ཡིག་གི་ཁ་བྱང་།
哀王孙
འགྱུར་ཡིག་གི་ཁ་བྱང་།
དཔོན་ཚང་གི་བུ་རྒྱུད་ལ་སྐྱོ་སྣང་སྐྱེས་པ།
རྩོམ་པ་པོ།
杜甫
ལོ་ཙཱ་བ།
མགོ་ལོག་རྣམ་རྒྱལ།
1 མ་ཡིག 

长安城头头白鸟,夜飞延秋门上呼。

又向人家啄大屋,屋底达宫走避胡。

金鞭断折九马死,骨肉不得同驰驱。

腰下宝玦青珊瑚,可怜王孙泣路隅。

问之不肯道姓名,但道困苦乞为奴。

已经百日窜荆棘,身上无有完肌肤。

高帝子孙尽隆准,龙种自与常人殊。

豺狼在邑龙在野,王孙善保千金躯。

不敢长语临郊衢,且为王孙立斯须。

昨夜东风吹血腥,东来橐驼满旧都。

朔方健儿好身手,昔何勇锐今何愚。

窃闻天子已传位,圣德北服南单于。

花门嫠同请雪耻,慎勿出口他人狙。

哀哉王孙慎勿疏,五陵佳气无时无。

2 འགྱུར་ཡིག 

ཁྲང་ཨན་མཁར་འགོར་བྱ་རོག་མགོ་དཀར་བབས༎ མཚན་མོ་འཕུར་ཏེ་ཡན་ཆིའུ་སྒོ་སྟེང་གྲགས༎

སླར་ནི་ཁྱིམ་ཆེན་ཁང་རྩེར་རྭ་མཆུས་བཏོགས༎ ནང་གི་དཔོན་པོ་སྐྲག་ནས་བྲོས་ཤིང་བྱོལ༎

གསེར་གྱི་ལྕག་ཆད་རྟ་དགུ་ངལ་བས་ཤི། ཤ་རུས་གཅིག་ཀྱང་མཉམ་དུ་བགྲོད་ཐབས་བྲལ༎

སྐེད་ཉར་དོ་ཤལ་བྱུ་རུ་སྔོན་པོ་ཡི༎ དཔོན་རིགས་ལམ་འགྲམ་ངུ་བ་སྙིང་རྗེའི་ཡུལ༎

དྲིས་པའི་མོད་ལ་རང་མིང་བརྗོད་མི་བྲ༎ འཚོ་བ་སྐྱོ་བས་བྲན་ཁོལ་འདོད་ཅེས་སྨྲ༎

ཚེར་མའི་གསེབ་ཏུ་ཉིན་བརྒྱར་བྲོས་གྱུར་བས༎ ལུས་ཀྱི་སྟེང་དུ་མཁྲང་ས་གཅིག་ཀྱང་མེད༎

ཀའོ་ཏིས་བུ་རྒྱུད་ཐམས་ཅད་ཤངས་མཐོ་བ༎ འབྲུག་གི་རིགས་རྒྱུད་གཞན་ལས་ཁྱད་པར་འཕགས༎

མཁར་དུ་འཕར་སྤྱང་འབྲུག་ནི་སྒོ་རུ་ཕུད༎ རྒྱལ་རིགས་རིན་ཆེན་ལུས་རྟེན་ཅ་ག་བྱོས༎

ལམ་འགྲམ་ལབ་རིང་བྱེད་པར་མ་ཕོད་ལ༎ གང་སླད་རེ་ཞིག་ལངས་ཏེ་སེམས་གསོ་བྱ༎

མདང་དགོང་ཤར་གྱི་རླུང་གིས་ཁྲག་དྲི་ཁུར༎ མཁར་སྙིང་ནང་དུ་ཤར་གྱི་རྔ་མོས་གང་༎

ཧྲུའོ་ཧྥེང་བུ་རྒོད་ནུས་རྩལ་ཁྱད་འཕགས་ཅན༎ སྔ་དུས་དཔའ་མཛངས་ད་ལྟ་ཅི་འདྲ་བླུན༎

གནམ་སྲས་རྒྱལ་སར་འཁོད་ཅེས་ལྐོག་ནས་ཐོས༎ འཕགས་པའི་སྤྱོད་པས་ལྷོ་ཡི་ཁྲན་དབྱི་བཏུལ༎

དེ་ཡིས་དགྲ་ཤ་ལེན་ཞེས་བཞིན་ཁྲག་བཏོན༎ ཁ་ནས་མ་གླེང་གཞན་གྱིས་གླེགས་འཚོལ་འགྱུར༎

ཀྱེ་མ་དཔོན་པོའི་བུ་རྒྱུད་སེམས་ཆུང་མཛོད༎ བང་སོ་ལྔ་ཡི་རླུང་རྟ་མེད་དུས་མེད༎

3 མཆན། 

བྱ་རོག་མགོ་དཀར། དཀྲ་མི་ཤེས་པའི་བྱ་ཞིག 

ཡན་ཆིའུ་སྒོ ཐང་རྒྱལ་གྱི་ནུབ་སྒོ

མཁྲང་། སུབ་དང་གས་མེད་པའི་དོན། 

ཀའོ་ཏིས། ཧན་ཀའོ་ཏིས་ཏེ་ལིའུ་པང་གི་མིང་། 

ཤངས། སྣའི་ཞེས་ས། 

འབྲུག་གི་རིགས་རྒྱུད། རྒྱལ་པོ་རྣམས་འབྲུག་གི་རྒྱུད་པ་ཡིན་པར་སེམས། 

འཕར་སྤྱང་། འདིར་ཨན་ལོའུ་ཧྲན་བསྟན། 

ཅ་ག གཅེས་སྤྲས་ཞེས་པའི་དོན། 

ཧྲུའོ་ཧྥེང་། ཀའོ་ཧྲོའུ་ཧན་ལ་གོ་དགོས། 

གནམ་སྲས། ཐང་རྒྱལ་ཞོན་ཙུང་རྒྱལ་ས་སུའུ་ཙུང་ལ་སྤྲད་པའི་དོན། 

ཁྲན་དབྱི། མི་རིགས་གྲངས་ཉུང་ཞིག་གི་མིང་། 

བཞིན་ཁྲག་བཏོན། མི་རིགས་དེས་མནའ་བོར་བའི་ཚེ་གདོང་ལས་ཁྲག་བཏོན་པའོ༎ 

བང་སོ་ལྔ། ཐང་ཀའོ་ཙུའུ། ཐང་ཐའེ་ཙུང་། ཐང་ཀྲུང་ཙུང་། ཐང་རུའེ་ཙུང་བཙས་ཀྱི་བང་སོ༎ 

4 རྩོམ་པ་པོ་ངོ་སྤྲོད། 

ཏུའུ་ཕུའུ། (712-770) ཕ་ཡུལ་ནི་ཧུའུ་པེ་ཞང་དབྱང་ནས་ཡིན་ཞིང་། ཕྱིས་སུ་ཧོ་ནན་ཀུང་རྫོང་དུ་གནས་སྤོས་པ་ཡིན། ཁོང་ནི་ཐང་རྒྱལ་རབས་དུས་ཀྱི་རླབས་ཆེ་བའི་དངོས་ཡོད་རིང་ལུགས་ཀྱི་སྙན་ངག་པ་ཞིག་ཡིན་པར་མ་ཟད། བརྩམས་ཆོས་ལ《མཐོ་སར་འཛེགས་པ》དང《ཤར་གྱི་ལྷུན་པོར་ལྟ་བ》སོགས་ཡོད་དོ༎ 

5 ལོ་ཙཱ་བ་ངོ་སྤྲོད། 

ལོ་ཙཱ་བ་མགོ་ལོག་རྣམ་རྒྱལ་ལགས་ནི་མཚོ་སྔོན་གཅིག་སྒྲིལ་རྫོང་དུ་སྐྱེས་ཤིང་། ད་ལྟ་ཀྲུང་གུང་མགོ་ལོག་ཁུལ་ཨུའི་ཧྲུའུ་ཅུ་གཞོན་པ་དང་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་གཙོའི་འགན་བཞེས་ཡོད་ལ།  མིག་སྔར་ཁོང་གིས《ཐང་གི་སྙན་ངག་སུམ་བརྒྱ་བ》《བསླབ་ཆེན་གྱི་གཞུང》《སུན་ཙིའི་དམག་ཇུས་དང་ཇུས་བློའི་ཁུག་པ་སོ་དྲུག》《མེང་ཙི》《སློབ་གསོའི་ཟིན་ཏིག》《 སློབ་བུའི་བསླབ་བྱ།》《 བྱིས་པའི་གཙུག་ལག་འབྲུ་གསུམ་པ》《 ལིའོ་ཊིའི་གཏམ་རྒྱུད་བདམས་བསྒྱུར》《དབུས་འཛིན་གྱི་གཞུང》《ཁུང་ཙིའི་གསུང་སྒྲོས》སོགས་དེབ་ཕྲེང་བཅུ་གསུམ་རྒྱ་ཡིག་ནས་བོད་ཡིག་ཏུ་བསྒྱུར་ཏེ་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས་ཡོད་དོ༎